རྒྱང་རིང་གི་ཨ་ཇོ་སྐུ་ཚེ་བརྟན་ཞེས་པའི་གསོལ་འདེབས་བརྒྱུད་ཕྱི་ལོ་གསར་པ་བསུ་བ།

Tibetan News Headlines

  • Hokkaido Shimizu Town Delegation Visits Tibet House Japan, Presents First Harvest of the Region for His Holiness the Dalai Lama
  • Tibet Advocacy Group Calls on US to Restore Tibetan Broadcasting Services to Counter Chinese Propaganda and Censorship
  • China-Linked UK Businessman Tried to Hire Ex-Met Detective to Investigate MPs Critical of Beijing
  • Nvidia CEO Jensen Huang Admits Affair with Suspected Chinese Spy; Company Launches Investigation
  • Tibetan Representative Jigme Tsultrim Briefs India’s Minority Commission Chairperson on Tibetan Settlements in South India
  • China Expands Media Influence in Thailand Through Partnerships, Propaganda and Diplomatic Pressure, RSF Reports
  • History Feature: Tsarong Dasang Damdul

ཪེས་གཟའ་ཟླ་བ། ༢༠༢༦།༡༡།༠༩

  • ཉི་ཧོང་གྲོང་སྡེ་ཞིག་གི་སྐུ་ཚབ་ཚོ་ཁག་ནས་ས་གནས་དེའི་ལོ་ཏོག་ཐོན་སྐྱེད་ཐོག་མ་༸གོང་ས་མཆོག་ལ་འབུལ་བཞེས་གནང་འདུག
  • རྒྱ་ནག་གི་འཁྱོག་བཤད་དྲིལ་བསྒྲགས་ལ་གདོང་ལེན་སླད་ཨ་རི་གཞུང་གིས་བོད་སྐད་རླུང་འཕྲིན་ཁང་ལ་རྒྱབ་སྐྱོར་བྱེད་དགོས་གལ་ཡིན་པ་གསུངས་འདུག
  • དབྱིན་ཡུལ་ཚོང་པ་ཞིག་གིས་སོ་མྱུལ་བ་གླ་གཡར་བརྒྱུད་རྒྱ་ནག་གི་ཆེད་དུ་དབྱིན་ཡུལ་གྲོས་ཚོགས་འཐུས་མི་ཁག་གཅིག་ལ་གསང་ཉུལ་བྱས་པ་མངོན་གསལ།
  • Nvidia ཁེ་ལས་ཁང་གི་འགན་འཛིན་གྱིས་དོགས་གཞི་ཅན་གྱི་རྒྱ་རིགས་བུད་མེད་སོ་བ་ཞིག་དང་ནང་འབྲེལ་བྱུང་བའི་ཁས་ལེན་བྱས་རྗེས། ཁེ་ལས་ཁང་གིས་ཁོའི་བྱ་སྤྱོད་ལ་ཞིབ་བཤེར་འགོ་འཛུགས།
  • ལྷོ་སྤྱི་ཡིས་རྒྱ་གར་གཞུང་གི་གྲངས་ཉུང་མི་རིགས་ལྷན་ཚོགས་ཀྱི་ཚོགས་གཙོ་དང་མཇལ་འཕྲད་གནང་བ།
  • རྒྱ་གཞུང་གིས་ Thailand ནང་གི་གསར་འགོད་རང་དབང་ལ་དམ་དྲག་ཆེན་པོ་བྱེད་བཞིན་པ་གསལ་སྟོན།
  • བོད་ཀྱི་ལོ་རྒྱུས་ཁྲོད་མི་སྣ་གྲགས་ཅན་ངོ་སྤྲོད། དམག་སྤྱི་ཚ་རོང་ཟླ་བཟང་དགྲ་འདུལ་ལགས་ཀྱི་སྐོར།

ཕྱི་ལོ་ ༢༠༢༦ ཚེས་མ་ཐག་ཏུ་འཛམ་གླིང་ས་ཕྱོགས་གང་སར་རྣམ་པ་མི་འདྲ་བའི་སྒོ་ནས་ཕྱི་ལོ་གསར་པ་བསུ་མ་བྱེད་སྐབས། རྒྱ་ནག་གྲོང་ཁྱེར་ཁྲིན་ཏུའུ་ནང་ཡོད་པའི་བོད་པའི་གཞོན་སྐྱེས་ཁག་གཅིག་མི་ཚོགས་སྟོང་ཕྲག་འདུ་འཛོམས་བྱས་ཡོད་པའི་སྲང་མདོར་བསྐྱོད་ནས་ལྒང་སྦུག་དམར་པོའི་ཐོག་ཏུ་དབྱིན་ཡིག་གི་ཡི་གེ་ནག་པོས་ I Love You འམ་ང་ཁྱེད་ལ་དགའ་ཞེས་པ་དང་། བོད་ཡིག་གི་ཡི་གེ་དཀར་པོས་རྒྱང་རིང་གི་ཨ་ཇོ་སྐུ་ཚེ་བརྟན་པར་ཤོག ༢༠༢༦ ལོར་བྱ་བ་ལམ་འགྲོ། ཞེས་བྲིས་ཏེ་ནམ་མཁར་བཏང་བ་དང་ལྷན་ཕྱི་ལོ་གསར་པར་བསུ་བ་བྱས་པ་དང་། སྨོན་ལམ་དང་ཀི་སྒྲས་ཁྲོད་དུ་དབུགས་ལྒང་སྟོང་ཕྲག་མང་པོ་མཁའ་དབྱིངས་སུ་ཐིམ་འདུག

Subtle Dalai Lama References Surface on Douyin Despite China’s Tight New Year Censorship

རྩ་བའི་བོད་ཀྱི་གཞས་པ་སྐད་གྲགས་ཅན་ཤེར་བརྟན་ལགས་ཀྱིས་ཕྱི་ལོ་ ༢༠༠༥ ལོར་རྒྱང་རིང་གི་ཨ་ཇོ་ལགས་ཁྱེད་དྲན་བྱུང་། ཟེར་བའི་གླུ་གཞས་ཞིག་བླངས་ཡོད་པ་དང་། ཚིག་བཀྲ་བསོ་ལགས་ཀྱིས་བརྩམས་པའི་གླུ་གཞས་དེ་བཞིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཕུལ་བའི་གླུ་ཞིག་ལ་ངོས་འཛིན་གནང་གི་ཡོད་པ་རེད། གླུ་གཞས་དེ་ཉིད་སྐབས་དེར་བོད་ཁམས་ཡོངས་སུ་ཁྱབ་གདལ་ཆེན་པོ་སོང་ཡོད་པ་དང་རྒྱང་རིང་གི་ཨ་ཇོ་ནི་བོད་ནང་གི་བོད་པ་ཚོའི་སེམས་པའི་ཕུགས་སུ་ཉར་ཡོད་པའི་དད་པའི་རི་མོ་མཚོན་གྱི་ཡོད་པ་རེད་འདུག

ཐེངས་འདིར་རྒྱ་ནག་གི་ཁྲིན་ཏུའུ་གྲོང་ཁྱེར་ནང་ཡོད་པའི་བོད་པའི་གཞོན་སྐྱེས་དེ་དག་གིས་རྒྱང་རིང་གི་ཨ་ཇོ་སྐུ་ཚེ་བརྟན་པར་ཤོག་ཅེས་པའི་སྨོན་ཚིག་འཁོད་པའི་ལྒང་སྦུག་མཁའ་དབྱིངས་སུ་བཏང་ནས་ཕྱི་ལོ་གསར་པར་བསུ་མ་བྱས་པའི་བརྙན་ཐུང་དེ་དྲྭ་ལམ་དུ་སྤེལ་རྗེས་བོད་མི་མང་པོ་རང་གི་སེམས་ནང་གི་དད་འདུན་མཚོན་པའི་མཆན་དང་བཅས་བརྙན་ཐུང་དེ་ཉིད་བརྒྱུད་སྐུར་རྒྱ་གང་ཆེ་བྱས་ཏེ་དྲྭ་ལམ་ཡོངས་སུ་ཁྱབ་བསྒྲགས་ཤུགས་ཆེན་སོང་འདུག

Subtle Dalai Lama References Surface on Douyin Despite China’s Tight New Year Censorship

དེའང་བོད་མི་ཁག་གཅིག་གིས་མཆན་ནང་ “རྒྱང་རིང་ཡུལ་ལ་བཞུགས་པའི།། ཨ་ཇོ་ལྷ་མོ་དོན་འགྲུབ།། གཞིས་སྡོད་སྤུན་ཟླ་ཡོངས་ཀྱི།། སེམས་ཀྱི་སྨྲེང་བ་འཕྲེང་ཡོ།།”  “བླ་མའི་སྐུ་ཚེ་བརྟན་པ་དང་།། བསྟན་པ་རྒྱས་པར་བྱིན་གྱིས་རློབས།།” ཅེས་པ་དང་། ཁག་གཅིག་གིས་  “ང་ཚོ་རིན་པོ་ཆེ་དང་ལྷན་འཛོམས་ཡོང་པར་ཤོག”  “ཞི་བདེའི་དེད་དཔོན་མགོན་པོ་༸གང་ཉིད་སྐུ་ཚེ་བརྟན་ཅིང་མཛད་འཕྲིན་རྒྱས་པ་དང་ཆོལ་གསུམ་གདོང་དམར་བ་རྣམས་མཐུན་སྒྲིལ་དང་སྐད་ཡིག་གཙང་མ་དང་མི་རིགས་གཙང་མ་ཉི་ཟླའི་བགྲོད་དང་མཉམ་པར་ཤོག” ཅེས་བྲིས་ཏེ་རང་ཉིད་ཀྱི་རེ་བ་དང་དད་པ་མཚོན་པ་བྱས་འདུག

སྤྱིར་རྒྱང་རིང་གི་ཨ་ཇོ་ལགས་ཁྱེད་དྲན་བྱུང་ཞེས་པའི་གླུ་གཞས་ནང་།

རྒྱ་རིང་གི་ཨ་ཇོ་ཁྱེད་མེད་པའི་ཕོ་བྲང་དམར་པོ།

རྒྱ་རིང་གི་ཨ་ཇོ་མི་མེད་པའི་བྲག་ཕུག་སྟོང་བ།

ཨོ་་་གསེར་སེར་པོའི་རྒྱ་ཕིབས་མཐོང་དུས།

རྒྱང་རིང་གི་ཨ་ཇོ་ཁྱེད་མེད་པའི་སེམས་པ་སྐྱོ་བྱུང།

རྒྱང་རིང་གི་ཨ་ཇོ་ཁྱེད་མེད་པའི་ཉི་མ་ལྷ་ས།

རྒྱང་རིང་གི་ཨ་ཇོ་བྱ་མེད་པའི་རྒོད་ཚང་མཐོར་རོ།

རྒྱང་རིང་གི་ཨ་ཇོ་ནོར་གླིང་གི་སྐྱེད་ཚལ་མཐོང་དུས།

རྒྱང་རིང་གི་ཨ་ཇོ་ཁྱེད་མེད་པའི་སེམས་པ་སྐྱོ་བྱུང།

རྒྱང་རིང་གི་ཨ་ཇོ་ཁྱེད་མེད་པའི་གདོང་དམར་བོད་པ།

རྒྱང་རིང་གི་ཨ་ཇོ་ཕ་མེད་པའི་དྭ་ཕྲུག་འཁྱམ་པོ།

རྒྱང་རིང་གི་ཨ་ཇོ་ཕན་ཚུན་གྱི་སྐྱིད་སྡུག་གླེང་སྐབས།

རྒྱང་རིང་གི་ཨ་ཇོ་ཁྱེད་མེད་པའི་སེམས་པ་སྐྱོ་བྱུང།

རྒྱང་རིང་གི་ཨ་ཇོ་ལམ་སྟོན་གྱི་ཉི་མ་སེར་པོ།

རྒྱང་རིང་གི་ཨ་ཇོ་ཞི་བདེ་ཡི་ཟླ་བ་དཀར་པོ།

རྒྱང་རིང་གི་ཨ་ཇོ་ཆོལ་གསུམ་གྱི་སྙིང་གི་ནོར་བུ།

རྒྱང་རིང་གི་ཨ་ཇོ་ཁྱེད་བསྒུག་ནས་ལོ་ཟླ་བརྩེགས་ཡོད། ཅེས་བཀོད་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།

Monday 09/11/2026