རྒྱ་ནག་གཞུང་ཚབ་ཁང་གསར་རྒྱག་ཐད་ཞི་རྒོལ་གནང་མཁན་རྣམས་ཀྱི་པར་རིས་རྒྱ་ནག་དཔོན་རིགས་ཚོས་བླངས་ཀྱི་ཡོད་པར་ཉེས་འཛུགས།

Tibetan News Headlines

  • Hokkaido Shimizu Town Delegation Visits Tibet House Japan, Presents First Harvest of the Region for His Holiness the Dalai Lama
  • Tibet Advocacy Group Calls on US to Restore Tibetan Broadcasting Services to Counter Chinese Propaganda and Censorship
  • China-Linked UK Businessman Tried to Hire Ex-Met Detective to Investigate MPs Critical of Beijing
  • Nvidia CEO Jensen Huang Admits Affair with Suspected Chinese Spy; Company Launches Investigation
  • Tibetan Representative Jigme Tsultrim Briefs India’s Minority Commission Chairperson on Tibetan Settlements in South India
  • China Expands Media Influence in Thailand Through Partnerships, Propaganda and Diplomatic Pressure, RSF Reports
  • History Feature: Tsarong Dasang Damdul

ཪེས་གཟའ་ཟླ་བ། ༢༠༢༦།༡༡།༠༩

  • ཉི་ཧོང་གྲོང་སྡེ་ཞིག་གི་སྐུ་ཚབ་ཚོ་ཁག་ནས་ས་གནས་དེའི་ལོ་ཏོག་ཐོན་སྐྱེད་ཐོག་མ་༸གོང་ས་མཆོག་ལ་འབུལ་བཞེས་གནང་འདུག
  • རྒྱ་ནག་གི་འཁྱོག་བཤད་དྲིལ་བསྒྲགས་ལ་གདོང་ལེན་སླད་ཨ་རི་གཞུང་གིས་བོད་སྐད་རླུང་འཕྲིན་ཁང་ལ་རྒྱབ་སྐྱོར་བྱེད་དགོས་གལ་ཡིན་པ་གསུངས་འདུག
  • དབྱིན་ཡུལ་ཚོང་པ་ཞིག་གིས་སོ་མྱུལ་བ་གླ་གཡར་བརྒྱུད་རྒྱ་ནག་གི་ཆེད་དུ་དབྱིན་ཡུལ་གྲོས་ཚོགས་འཐུས་མི་ཁག་གཅིག་ལ་གསང་ཉུལ་བྱས་པ་མངོན་གསལ།
  • Nvidia ཁེ་ལས་ཁང་གི་འགན་འཛིན་གྱིས་དོགས་གཞི་ཅན་གྱི་རྒྱ་རིགས་བུད་མེད་སོ་བ་ཞིག་དང་ནང་འབྲེལ་བྱུང་བའི་ཁས་ལེན་བྱས་རྗེས། ཁེ་ལས་ཁང་གིས་ཁོའི་བྱ་སྤྱོད་ལ་ཞིབ་བཤེར་འགོ་འཛུགས།
  • ལྷོ་སྤྱི་ཡིས་རྒྱ་གར་གཞུང་གི་གྲངས་ཉུང་མི་རིགས་ལྷན་ཚོགས་ཀྱི་ཚོགས་གཙོ་དང་མཇལ་འཕྲད་གནང་བ།
  • རྒྱ་གཞུང་གིས་ Thailand ནང་གི་གསར་འགོད་རང་དབང་ལ་དམ་དྲག་ཆེན་པོ་བྱེད་བཞིན་པ་གསལ་སྟོན།
  • བོད་ཀྱི་ལོ་རྒྱུས་ཁྲོད་མི་སྣ་གྲགས་ཅན་ངོ་སྤྲོད། དམག་སྤྱི་ཚ་རོང་ཟླ་བཟང་དགྲ་འདུལ་ལགས་ཀྱི་སྐོར།

དབྱིན་ཡུལ་དུ་གནས་སྡོད་བྱེད་མཁན་ཧོང་ཀོང་མང་གཙོ་དོན་གཉེར་བ་དང་ལས་འགུལ་བ་ Chi Hei Dai ལགས་ནས་ཡུལ་དེའི་ནང་ཡོད་པའི་རྒྱ་ནག་དཔོན་རིགས་ཚོས་དབྱིན་ཡུལ་རྒྱལ་ས་ལོན་ཌོན་དུ་རྒྱ་ནག་གཞུང་ཚབ་ཁང་གསར་རྒྱག་ཐད་ཞི་རྒོལ་གནང་མཁན་ཚོའི་པར་རིས་བླངས་ཡོད་པར་ཕྱིས་སུ་ཁོང་རྣམས་ལ་བདེ་འཇགས་ཀྱི་ཉེན་ཁ་ཡོང་སྲིད་པའི་ཉེས་འཛུགས་བྱས་འདུག

Police inquiry after Chinese officials ‘photograph embassy protesters’
པར་དབང་། The Times

དེ་ཡང་ཁ་ཉིན་ཕྱི་ཚེས་ ༣ ཉིན་ The Times གསར་ཤོག་ཐོག་འདོན་སྤེལ་གནང་བའི་གནས་ཚུལ་ནང་།  སྔ་ལོའི་ཕྱི་ཟླ་ ༢ པའི་ཚེས་ ༨ དང་ཕྱི་ཟླ་ ༣ པའི་ཚེས་ ༡༥ ཉིན་སོ་སོར་དབྱིན་ཡུལ་རྒྱལ་ས་ལོན་ཌོན་དུ་རྒྱ་ནག་གཞུང་ཚབ་གསར་རྒྱག་གི་ལས་གཞི་ཐད་ Chi Hei Dai ལྟ་བུ་ཧོང་ཀོང་བ་གཙོས་པའི་བོད་མི་དང་ཡུ་གུར་བ་དེ་བཞིན་རྒྱ་ནག་གི་དྲག་གནོན་འོག་མྱོང་བཞིན་པའི་མི་མང་བརྒྱ་ཕྲག་མང་པོས་མཉམ་རུབ་ཐོག་ཞི་རྒོལ་གྱི་ལས་འགུལ་ཤུགས་ཆེ་སྤེལ་ཡོད་པ་ལྟར།  སྐབས་དེའི་ཚེ་དེ་དུས་རྒྱ་ནག་གཞུང་ཚབ་ཁང་གསར་རྒྱག་བྱེད་སའི་ས་ཚིགས་ Royal Mint Court ཞེས་པའི་ཕྱོགས་ནས་རྒྱ་ནག་དཔོན་རིགས་ཚོས་ཞི་རྒོལ་ནང་མཉམ་ཞུགས་གནང་མཁན་ Chi Hei Dai ཚུད་པའི་ལས་འགུལ་གཞན་ཚོའི་པར་རིས་ལེན་བཞིན་ཡོད་པ་ཤེས་རྟོགས་བྱུང་ཡོད་པ་རེད།

སྤྱིར་རྒྱལ་ས་ལོན་ཌོན་གྱི་ཉེ་འཁྲིས་སུ་ཆགས་པའི་ Royal Mint Court ཞེས་པ་དེ་ནི་ལས་ཁུངས་འདྲ་མིན་དང་མཉམ་སྤྱོད་བདག་དབང་ཅན་གྱི་ཁྱིམ་ཚང་ ༡༠༠ ཡོད་པའི་ས་ཁུལ་གྲགས་ཅན་ཞིག་ཡིན་པ་དང་། དེའང་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ངོས་ནས་གཞུང་ཚབ་ལས་ཁང་ཆེ་གྲས་ཞིག་གསར་རྒྱག་ཆེད་ཕྱི་ལོ་ ༢༠༡༨  ལོར་ཉོས་པ་ཞིག་ཡིན་སྟབས།   Chi Hei Dai ལགས་ཀྱིས་ཐོག་མའི་ཆར་ Royal Mint ས་ཚིགས་དེ་བཞིན་དབྱིན་ཡུལ་ཉེན་རྟོག་པའི་ཁྲིམས་ལུགས་ཞིབ་བཤེར་ཁྱབ་ཁོངས་ནང་ཚུད་ཀྱི་མེད་པར་དམིགས་བསལ་གྱི་རང་དབང་ཡོད་ཀྱི་རེད་ཅེས་སྙམ་སྟེ་ཁྲིམས་གཏུགས་ཉེས་འཛུགས་བྱས་མེད་པ་དེ་ལྟར་ཡང་།  ཕྱིས་སུ་ཁོང་ནས་གནས་སྟངས་དེ་ལྟར་མིན་པ་ཤེས་རྟོགས་འབྱུང་མ་ཐག  ཟླ་སྔོན་མའི་ཕྱི་ཚེས་ ༢༢ ཉིན་དབྱིན་ཡུལ་གྱིས་ཕྱི་རྒྱལ་ཁབ་ཀྱི་གནོན་ཤུགས་ལ་གདོང་ལེན་ཆེད་དུ་ ༢༠༢༣ ལོའི་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ཡིག་ནང་གསེས་དོན་ཚན་ ༣ པའི་འོག་རྒྱ་ནག་དཔོན་རིགས་ཚོས་ཁོང་དང་ལས་འགུལ་བ་གཞན་རྣམས་ཀྱི་པར་རིས་བླངས་ཏེ་རྒྱ་ནག་གཞུང་ལ་མཁོ་སྤྲོད་བྱས་ཡོད་པར་ཉེས་འཛུགས་བྱས་ཡོད་པ་རེད་འདུག

Police inquiry after Chinese officials ‘photograph embassy protesters’
པར་དབང་། The Times. (Ian Duncan Smith, Far Right)

གནས་ཚུལ་ནང་གསལ་ལྟར་ན།  དབྱིན་ཡུལ་ས་གནས་ཉེན་རྟོག་པས་ Chi ལགས་ཀྱི་གྱོད་གཞིའི་གནད་དོན་དེ་བཞིན་དབྱིན་ཡུལ་ནང་གི་ཡུལ་མི་ཚོར་འཇིགས་སྐུལ་དང་དོགས་སྲུང་གི་བྱ་འགུལ་རྒྱ་ཆེ་བའི་ཆ་ཤས་ཤིག་ཡིན་སྲིད་པ་བརྗོད་དེ།  གནད་དོན་དེ་ཉིད་དབྱིན་ཡུལ་གྱི་ Counter Terrorism Policing འམ་དྲག་སྤྱོད་རིང་ལུགས་གདོང་ལེན་གྱི་ཉེན་རྟོག་ལས་ཁུངས་སུ་རྩིས་སྤྲོད་ཀྱིས་ད་ལྟའི་ཆར་ཞིབ་བཤེར་འགྲོ་མུས་ཡིན་པ་གསུངས་འདུག

གནད་དོན་དེ་འབྲེལ།  དབྱིན་ཡུལ་གྲོས་ཚོགས་གོང་མའི་འཐུས་མི་ Ian Duncan Smith མཆོག་གིས།  རྒྱ་ནག་དཔོན་རིགས་ཚོའི་བྱ་སྤྱོད་དེར་སྐྱོན་བརྗོད་ཀྱིས་དབྱིན་ཡུལ་ས་གནས་ཉེན་རྟོག་ལས་ཁུངས་ཀྱི་སྤྱི་ཁྱབ་འགན་འཛིན་ Mark Rowley ལགས་སུ་ཕྱག་བྲིས་ཤིག་གི་བརྒྱུད་གྱོད་གཞི་དེར་ཁྲིམས་ལུགས་ལག་བསྟར་དགོས་པའི་སྐུལ་མ་བྱས་འདུག་པ་དང་འབྲེལ།  ཞི་རྒོལ་བའི་པར་རིས་དེ་དག་ཕྱིས་སུ་རྒྱ་ནག་གཞུང་གིས་བེད་སྤྱོད་བྱས་ཏེ་ལས་འགུལ་བ་རྣམས་ཀྱི་ཐོག་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་སྤེལ་སྲིད་པའི་ཉེན་བརྡ་བཏང་འདུག

མ་ཟད།  IPAC ཞེས་རྒྱ་ནག་ལ་གདོང་ལེན་གནང་མཁན་གྱི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་མཐུན་ཚོགས་ཀྱི་སྤྱི་ཁྱབ་ངེས་སྟོན་པ་ Luke De Pulford ཚུད་པའི་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ་རྣམས་ཀྱིས་ཀྱང་རྒྱ་ནག་དཔོན་རིགས་ཚོས་ཞི་རྒོལ་བའི་པར་རིས་བླངས་པའི་གནད་དོན་དེར་སྐྱོན་བརྗོད་ནན་པོ་དང་སྦྲགས།  རྒྱ་ནག་གིས་དུས་རྒྱུན་ནས་དེ་ལྟ་བུའི་པར་རིས་བརྒྱུད་རང་དང་ལྟ་སྤྱོད་མི་འཐུན་གྱི་ལས་འགུལ་བ་ཚོ་དང་ཁོང་རྣམ་པའི་ནང་མི་ཉེ་འབྲེལ་ཐོག་རྒྱལ་མཚམས་ལས་བརྒལ་ནས་དྲག་གནོན་རྒྱ་ཆེར་སྤེལ་གྱི་ཡོད་པ་མངོན་གསལ་གནང་འདུག

Luke de Pulford
Luke de Pulford

གཞི་རྩའི་དེ་སྔ་ཕྱི་ལོ་ ༢༠༢༢ ལོར་དབྱིན་ཡུལ་གྱི་གྲོང་ཁྱེར་ Manchester ནང་དུ་ཡང་རྒྱ་ནག་དཔོན་རིགས་ཚོས་ཧོང་ཀོང་གི་ཞི་རྒོལ་བ་གཅིག་རྒྱ་ནག་གཞུང་ཚབ་ཁང་ནང་དུ་དྲུད་དེ་ཉེས་རྡུང་བཏང་བ་ཞིག་གསང་བའི་བརྙན་མིག་ནང་དུ་མངོན་གསལ་བྱུང་བར། ཕྱིས་སུ་འབྲེལ་ཡོད་རྒྱ་ནག་གཞུང་ཚབ་མི་སྣ་ ༦ དབྱིན་ཡུལ་ནས་ཕྱིར་ཐོན་བྱས་ཡོད་ཀྱང་།  དབྱིན་ཡུལ་སྲིད་གཞུང་ནས་རྒྱ་ནག་དཔོན་རིགས་དེ་དག་གི་ཐོག་ཁྲིམས་མཐུན་གྱི་ཉེས་ཆད་རིགས་གང་ཡང་བཀལ་མེད་པས་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་གནང་མཁན་ཚོགས་སྒེར་ཁག་ནས་སྐྱོན་བརྗོད་ཤུགས་ཆེ་བྱས་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།

Monday 09/11/2026