Tibetan Royal Year of 2151 | Year of the Wood Dragon

རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་མིར་རྒྱ་ནག་བསྐྱར་བསྐོ་བྱུང་བར་བློ་ཕམ།

Tibetan News Headlines

  • Dalai Lama urges devotees to practice warmheartedness and embrace concept of emptiness
  • Sikyong engages with parliamentarians from Austria and Italy, urging them to advocate for Tibet
  • PRC continued to restrict and seek to control religious practices of Tibetans: CECC
  • China: Overseas students face harassment and surveillance in campaign of transnational repression
  • CTA urges caution as Tibetans seek voting rights amidst Indian election
  • Hunsur Rabgayling gears up for the 29th GCM football tournament

རེས་གཟའ་ཟླ་བ། ༢༠༢༤།༠༥།༡༣

  • བྱང་ཆུབ་སེམས་དང་སྟོང་ཉིད་ཀྱི་ལྟ་བ་སྒོམ་པའི་ཐོག་ནས་མ་ཎི་གསོག་སྒྲུབ་གནང་དགོས།
  • ཨོ་སི་ཊྲི་ཡ་དང་ཨི་ཊ་ལི་གྲོས་ཚོགས་འཐུས་མི་རྣམས་ལ་བོད་ཀྱི་ཛ་དྲག་གནས་སྟངས་སྐོར་ཞུ་འབོད།
  • རྒྱ་གཞུང་གིས་བོད་མིའི་ཆོས་དད་ལ་མུ་མཐུད་དམ་དྲག་སྟངས་འཛིན་ཤུགས་ཆེ་བྱས་པ་མངོན་གསལ།
  • རྒྱ་གཞུང་གིས་རྒྱལ་མཚམས་བརྒལ་ནས་ཕྱི་རྒྱལ་དུ་ཡོད་པའི་རྒྱ་རིགས་སློབ་མ་ཚོར་བརྙས་བཅོས་དང་དོགས་སྲུང་བྱེད་བཞིན་པ་ར་སྤྲོད།
  • རྒྱ་གར་ཆབ་སྲིད་ནང་ཞུགས་ཏེ་བོད་མི་སྤྱི་ཡོངས་ལ་དགེ་ཚན་ཅི་ཞིག་ཡོད་མིན་ཐོག་འགན་བཞེས་དགོས་པ།
  • རྒྱལ་ཡུམ་ཆེན་མོའི་རྗེས་དྲན་གསེར་གྱི་གཟེངས་རྟགས་རྐང་རྩེད་སྤོ་ལོའི་རྩེད་འགྲན་ཐེངས་ ༢༩ པ་གནངས་ཉིན་ནས་དབུ་འཛུགས།

ཟླ་ ༩ ཚེས་ ༡༡ ནས་ཟླ་ ༡༠ ཚེས་ ༡༣ བར་ཡོ་རོབ་རྒྱལ་ཁབ་སུད་སི་ཇི་ནི་ཝའི་གྲོང་ཁྱེར་ དུ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོང་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༥༤ འཚོགས་བཞིན་པའི་ཁྲོད་ཁ་སང་ལྷན་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་འོས་འདེམས་སྐབས་ལྷན་ཚོགས་ཀྱི་ཚོགས་མིར་རྒྱ་ནག་བསྐྱར་བསྐོ་བྱུང་བ་ལྟར། བོད་དོན་ལས་འགུལ་བ་གཙོས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པ་ཁག་གིས་རྣམ་ཀུན་ནས་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་གཏང་མཁན་རྒྱ་ནག་ལ་རྒྱལ་སྤྱིའི་གླེང་སྟེགས་གལ་ཆེ་དེ་ལྟ་བུར་ཞུགས་རྒྱུའི་འོས་འཚམས་མེད་པ་དང་། དེ་ལྟར་གནང་བ་དེས་གོ་ལ་ཡོངས་ཀྱི་འགྲོ་བ་མིའི་ཐོབ་ཐང་གོང་འཕེལ་དང་སྲུང་སྐྱོབ་གནང་མཁན་གྱི་ལྷན་ཚོགས་ལ་དོ་ཕོག་འགྲོ་ངེས་ཡིན་པར་གསུངས་འདུག

ཚོགས་མི་རྒྱལ་ཁབ་ ༤༧ ལས་གྲུབ་པའི་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་དེ་ནི་མི་འབོར་ལ་གཞིགས་པའི་ཞབས་བཀྱག་གི་གྲངས་འབོར་ལ་དབྱེ་ཡོད་པ་དང་། དེའང་ཨ་ཕི་རི་ཀ་དང་ཨེ་ཤ་ཡའི་ཞི་བདེ་རྒྱ་མཚོའི་ཁུལ་ལ་ཞབས་བཀྱག་ ༡༣ དང་ལེ་ཊིན་ཨ་མི་རི་ཀ་དང་ཁ་རི་བེན་ཁུལ་ལ་ཞབས་བཀྱག་ ༨ དེ་བཞིན་ཤར་ཡོ་རོབ་ལ་ཞབས་བཀྱག ༦ དང་ནུབ་ཡོ་རོབ་དང་དེའི་ཉེ་འགྲམ་ས་ཁུལ་ལ་ཞབས་བཀྱག ༧ བཅས་ཡོད་པ་རེད།

ཁ་སང་འོས་བསྡུ་ཁྲོད་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོའི་ས་ཁུལ་ནས་ཨིན་ཌོ་ནེ་ཤ་ཡར་འོས་གྲངས་ ༡༨༦ དང་ཁུ་ཝེཊ་ལ་འོས་ ༡༨༣ དེ་བཞིན་ཉི་ཧོང་ལ་འོས་ ༡༧༥ རྒྱནག་ལ་འོས་གྲངས་ ༡༥༤ བཅས་ཀྱི་ཐོག་ནས་རྒྱ་ནག་དེ་སླར་ཡང་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་མིར་འོས་འདེམས་བྱུང་འདུག་པ་དང་། ཨུ་རུ་སུར་དགོས་ངེས་ཀྱི་འོས་གྲངས་མ་ཐོབ་སྟབས་ཚོགས་མི་བུད་འདུག

རྩ་བའི་འདི་ལོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་འོས་བསྡུ་མ་གནང་བའི་གོང་སྟེ་ཕྱི་ཟླ་ ༩ ནང་གོ་ལ་ཁྱོན་ལ་ཁྱབ་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ ༡༤༠ ལྷག་གིས་རྒྱ་ནག་གི་བཙན་འོག་ཏུ་ཡོད་པའི་བོད་དེ་འཛམ་གླིང་ནང་ཆེས་རང་དབང་མེད་པའི་རྒྱལ་ཁབ་གྲས་སུ་མིང་མངོན་གསལ་གནང་ཡོད་པ་དང་། རྒྱ་གཞུང་གིས་བོད་དང་ཤིན་ཅང་དུ་མང་ཚོགས་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་པ་རྩ་མེད་གཏོང་བཞིན་པ་སོགས་མངོན་གསལ་དང་སྦྲགས། འདི་ལོའི་འོས་བསྡུ་སྐབས་ཚོགས་མི་རྒྱལ་ཁབ་རྣམས་ནས་རྒྱ་ནག་ལ་འོས་འཕང་རྒྱུ་མེད་པའི་ཞུ་སྐུལ་ཤུགས་ཆེར་གནང་ཡོད་པར་མ་ཟད། འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་ཀྱང་རྒྱ་ནག་དང་ཨུ་རུ་སུ་གཉིས་ཀྱིས་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་བཏང་བའི་བྱ་སྤྱོད་ཁག་ཆེད་བཀོད་ཀྱིས་འོས་འདེམས་མི་གནང་བའི་འབོད་སྐུལ་ཞུས་ཡོད་པ་རེད།

རྒྱལ་ཚོགས་ཀྱི་ཆེད་མཁས་མི་སྣ་དང་དམིགས་བསལ་ཚོགས་ཆུང་བཅས་ཀྱིས་སྔ་ལོའི་ཕྱི་ཟླ་ ༡༡ དང་འདི་ལོའི་ཕྱི་ཟླ་ ༣ ནང་རྒྱ་ནག་གིས་བོད་ནང་བོད་མི་རིགས་ཀྱི་ངོ་བོ་རྩ་མེད་བཟོ་ཐབས་ཀྱི་སྲིད་བྱུས་ཁྲོད་བོད་ཕྲུག་ས་ཡ་གཅིག་ལྷག་རང་གི་ཕ་མ་ནས་ཁ་བྲལ་བཏང་སྟེ་བཅའ་སྡོད་སློབ་གྲྭར་བཙན་ཁྲིད་བྱས་པའི་གནད་དོན་ལ་བློ་འཚབ་ཀྱི་བསྒྲགས་གཏམ་སྤེལ་ཡོད།

རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁུངས་ཀྱིས་སྤྱི་བསྒྲགས་སྤེལ་བར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་སྤྱི་ཁྱབ་ངེས་སྟོན་པ་པདྨ་སྒྲོལ་མ་ལགས་ཀྱིས་ད་ཆ་བོད་དེ་འཛམ་གླིང་ནང་རང་དབང་གི་གནས་སྟངས་ཆེས་ཞན་ཤོས་ཆགས་ཡོད་པ་དང་བོད་ནང་བོད་མི་རྣམས་ལ་༸གོང་ས་མཆོག་གི་༸སྐུ་པར་ཉར་རྒྱུ་དང་ཕྱིར་སྐྱོད་ལག་འཁྱེར། ཞི་བའི་ལས་འགུལ་སྤེལ་རྒྱུ་སོགས་ལ་རང་དབང་མེད་པར་མ་ཟད། བོད་ཕྲུག་ས་ཡ་གཅིག་ལྷག་རང་གི་ཕ་མ་ནས་ཁ་བྲལ་བཏང་སྟེ་བཅའ་སྡོད་སློབ་གྲྭར་བཙན་ཁྲིད་བྱས་པའི་གནད་དོན་ལུང་འདྲེན་དང་སྦྲགས། ད་རེས་རྒྱ་ནག་ལ་རྒྱབ་སྐྱོར་གྱིས་འོས་འདེམས་གནང་མཁན་རྒྱལ་ཁབ་ ༡༥༤ རྣམས་ངོ་ཚ་དགོས་པ་དང་། རྒྱལ་ཁབ་དེ་དག་གི་རྐྱེན་གྱིས་དེང་སྐབས་གཞོན་སྐྱེས་རྣམས་ནས་རྒྱལ་ཚོགས་ཀྱི་ནུས་པར་ཡིད་ཆེས་མེད་པར་གྱུར་ཡོད་པ་སོགས་གསུངས་ཏེ། དེ་བཞིན་རྒྱ་ནང་མང་ཚོགས་ཀྱི་རང་དབང་ལ་རྡོག་རོལ་གཏོང་བཞིན་པར་གདོང་ལེན་ངེས་པར་དུ་གནང་དགོས་པའི་བསམ་ཡོད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པར་གསུངས་འདུག

དེ་བཞིན་རྒྱལ་ཚོགས་ནང་བོད་དོན་ཞུ་གཏུག་མཉམ་ལས་ཚོགས་པའི་ལས་བྱེད་ Gloria Montgomery ལགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་གཏང་མཁན་གྱི་རྒྱལ་ཁབ་ཅིག་འགྲོ་བ་མིའི་ཐོབ་ཐང་གོང་འཕེལ་དང་སྲུང་སྐྱོབ་གནང་མཁན་རྒྱལ་ཚོགས་ཀྱི་སྒྲིག་འཛུགས་སུ་འོས་འདེམས་བྱུང་བ་དེ་ནི་ཧ་ཅང་ངོ་ཚ་དགོས་པའི་གནད་དོན་ཞིག་ཡིན་པར་མ་ཟད། རྒྱ་ནག་གི་གདུག་རྩུབ་འོག་མནར་གཅོད་མྱོང་བཞིན་པའི་མང་ཚོགས་ཀྱི་དཀའ་སྡུག་ལ་སྣང་མེད་བཏང་སྟེ་རྒྱལ་སྤྱིའི་གཞུང་ཁག་ནས་རྒྱལ་ཚོགས་ཀྱི་གཞི་རྩའི་རིན་ཐང་སྲུང་སྐྱོབ་གནང་རྒྱུའི་གོ་སྐབས་བཟང་པོ་ཞིག་ཤོར་ཡོད་ཅེས་གསུངས་འདུག

སྤྱིར་རྒྱ་ནག་ལ་ཐེངས་འདིའི་འོས་བསྡུ་ནང་རྒྱལ་ཁ་ཐོབ་ཡོད་པ་དེ་ལྟར་ཡང་། འོས་གྲངས་ ༡༥༤ ཟེར་སྐབས་ཐེངས་འདིའི་ཨེ་ཤ་ཡ་ཁུལ་གྱི་འོས་གྲངས་ཁོངས་ནས་ཉུང་ཤོས་ཆགས་ཡོད་སྐོར་དང་འབྲེལ། ད་ཆ་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་རྣམས་སྲུང་སྐྱོབ་གནང་རྒྱུའི་དུས་ལ་བབ་ཡོད་ཅེས་གསུངས་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།