Tibetan Royal Year of 2150 | Year of the Water Rabbit

བཞུགས་སྒར་དུ་༸རྒྱལ་བའི་༸སྐུ་ཕྱྭའི་ཞབས་རིམ་གསོག་སྒྲུབ།

Tibetan News Headlines

  • ༸གོང་ས་མཆོག་གིས་ཧི་མཱ་ཅལ་མངའ་སྡེའི་ཉེན་རྟོག་པའི་སྡེ་ཁག་གཅིག་ལ་མཇལ་ཁ་སྩལ་བ།
  • རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་གཞུང་ནས་བོད་ནང་ཆོས་དད་རང་དབང་ལ་རྡོག་རོལ་གཏོང་བཞིན་པ་མཚམས་འཇོག་ཡོང་ཐབས་སུ་གནོན་ཤུགས་སྤྲོད་དགོས།
  • སྤྱི་འཐུས་སྐུ་ཚབ་ཚོགས་ཁག་གསུམ་རྒྱ་གར་བྱང་ཕྱོགས་ཁུལ་དུ་བོད་དོན་ཞུ་སྐུལ་གནང་བཞིན་པ།
  • སྲིད་སྐྱོང་མཆོག་གིས་ཡོ་རོབ་སེ་པེན་གྲོང་ཁྱེར་སྦར་སེ་ལོ་ནའི་བོད་མིར་གསུང་བཤད།
  • རྒྱ་གཞུང་གིས་བཅའ་སྡོད་སློབ་གྲྭའི་བརྒྱུད་བོད་ནག་སུབ་གཏོང་བཞིན་པར་འགོག་རྒོལ་གནང་དགོས་པའི་ཞུ་སྐུལ།
  • རྒྱ་ནག་གིས་རྒྱ་རིགས་བྱིས་པ་རྣམས་ལ་བཅིངས་གྲོལ་དམག་སྦྱོང་སྤྲོད་བཞིན་པར་མངོན་གསལ།

Wednesday 29/11/2023

  • Dalai Lama meets head of Himachal police officer and other ranks
  • Telo Rinpoche urges end to religious persecution in Tibet at IRFBA Ministerial in Prague
  • Tibetan MPs embark on advocacy programs in northern India
  • Sikyong Penpa Tsering addresses Tibetan community in Barcelona, Spain
  • China’s chief weapon in quashing identity of Tibetan people is not dystopian camps, but residential schools
  • In China, athletes as young as 7 in military training to ‘create iron army’

དེ་རིང་ཕྱི་ཚེས་ ༡༡ སྟེ། ༸རྒྱལ་བའི་༸སྐུའི་བླ་གཟའ་དང་བསྟུན། བཞུགས་སྒར་དུ་རྟེན་གཞི་བྱས་པའི་དབུས་གཙང་དང་མདོ་སྨད། དེ་བཞིན་མདོ་སྟོད་ཆོལ་ཁའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་། བོད་ཀྱི་བུད་མེད་ལྷན་ཚོགས། རྒྱལ་སྤྱི་དབུ་མའི་ལམ་མི་མང་ལས་འགུལ་ཁང་བཅས་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ལྔའི་གོ་སྒྲིག་དང་༸སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་མཐུན་འགྱུར་འོག་བོད་མིའི་ཆིག་སྒྲིལ་གོང་བུ་གཅིག་ཏུ་གནས་རྒྱུ་དང་། ཡང་སྒོས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་ཕྱྭའི་ཞབས་རིམ་སྒྲོལ་མ་དང་། སྨན་བླའི་མདོ་ཆོག་དང་འབྲེལ་སྨན་བླའི་མཚན་སྔགས་གསོག་སྒྲུབ་ཞུ་བཞིན་འདུག

དེ་ཡང་ཞབས་རིམ་དེའི་ཐོག་༸སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གཙོས་པའི་བཞུགས་སྒར་ཁུལ་དུ་རྟེན་གཞི་བྱས་པའི་དགོན་སྡེ་ཁག་གི་དགེ་འདུན་པ་དང་བཙུན་མ། དེ་བཞིན་ཆོལ་གསུམ་མི་མང་བཅས་མི་གྲངས་ཆིག་སྟོང་ལྷག་ལྷན་ཞུགས་ཀྱིས་སྔ་དྲོ་ཕྱག་ཚོད་ ༨ ནས་ཉིན་རྒྱབ་ཕྱག་ཚོད་ ༥ བར་ཚོགས་གནང་གི་འདུག

རྩ་བའི་འདི་ཚེས་ ༨ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸སྐུའི་འཕྲོད་བཞེས་བརྟག་དཔྱད་སླད་དུ་བཞུགས་སྒར་དྷརྨ་སཱ་ལཱ་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཆིབས་བསྒྱུར་མཛད་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།