Tibetan Royal Year of 2151 | Year of the Wood Dragon

མེ་སི་ཀོ་གྲོས་ཚོགས་ཀྱིས་སྲིད་སྐྱོང་མཆོག་ལ་དགའ་བསུ་ཞུས་པ།

Tibetan News Headlines

  • Rice planting with Tashi Tobgyal, Mainpat Tibetan Settlement’s Premier Farm Cultivator
  • Saga Dawa by Yangteng Rinpoche

རེས་གཟའ་ཉི་མ། ༢༠༢༤།༠༥།༡༢

  • མན་སྤར་ཕན་བདེ་གླིང་བོད་མིའི་གཞིས་ཆགས་ཀྱི་ཞིང་པ་བཀྲིས་སྟོབས་རྒྱལ་ལགས་དང་གླེང་མོལ།
  • ས་ག་ཟླ་བ་ངོ་སྤྲོད།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཟླ་ ༡༠ ཚེས་ ༧ ཉིན་མེ་སི་ཀོར་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་པ་དང་བསྟུན། ཁ་སང་ཕྱི་ཚེས་ ༡༠ ཉིན་མེ་སི་ཀོ་གྲོས་ཚོགས་ཀྱི་ཚོགས་གཙོའི་ལས་ཚབ་ཚོགས་གཞོན་ལྕམ་སྐུ་ Karla Almazán མཆོག་གི་བཀའ་འཁྲོལ་ཐོག་གྲོས་ཚོགས་འཐུས་མིའི་བོད་དོན་མཐུན་ཚོགས་ཀྱི་ཚོགས་གཙོ་ Salvador Caro མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་མེ་སི་ཀོ་གྲོས་ཚོགས་སུ་ངོ་སྤྲོད་དང་དགའ་བསུའི་འཚམས་འདྲི་ཞུས་པར་གྲོས་ཚོགས་འཐུས་མི་ཡོངས་ནས་ཐུགས་ཚོར་ཆེན་པོས་དགའ་བསུ་ཞུས་འདུག

གཞི་རྩའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལྷོ་ཨ་མི་རི་ཀ་ཁུལ་གྱི་གཞུང་འབྲེལ་ཕྱོགས་ཕེབས་ཐེངས་དང་པོའི་ཁྲོད་ Brazil དང་ Columbia ཁུལ་གྱི་ཕྱོགས་ཕེབས་ལེགས་པར་གྲུབ་ནས་ད་ཆ་མེ་སི་ཀོར་ཕྱོགས་ཕེབས་གནང་བཞིན་པ་དང་། གཞུང་འབྲེལ་འཚམས་གཟིགས་དེའི་བརྒྱུད་ནས་བོད་དོན་ངོ་སྤྲོད་དང་ཞུ་གཏུག་གནང་རྒྱུ་ཙམ་མིན་པར་ཆབ་སྲིད་ཀྱི་ཐོག་ནས་བོད་དོན་རྒྱབ་སྐྱོར་འཚོལ་ཆེད་ཡིན་པར་གསུངས་ཡོད།

སྲིད་སྐྱོང་མཆོག་གི་ཁ་སང་མཛད་རིམ་ཁྲོད་དང་ཐོག་བོད་དོན་ཞུ་སྐུལ་སླད་མེ་སི་ཀོ་གྲོས་ཚོགས་ཀྱི་འཐུས་མི་ ༡༩ དང་ལྷན་ཚོགས་འདུ་ཞིག་བསྐོང་ཚོགས་དང་ཚོགས་འདུའི་ཐོག་མེ་སི་ཀོ་གྲོས་ཚོགས་ཀྱི་ཚོགས་གཙོ་ལྕམ་སྐུ་ Karla Almazán མཆོག་ཆེད་ཕེབས་ཀྱིས་མེ་སི་ཀོ་གྲོས་ཚོགས་ནས་བོད་དོན་ཐོག་ལ་བཞེངས་ཕྱོགས་ཀྱི་བསྒྲགས་གཏམ་ཞིག་ཕུལ་འདུག་པ་དང་། སྲིད་སྐྱོང་མཆོག་གིས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་དང་འབྲེལ་ནས་མེ་སི་ཀོ་གཞུང་དང་གྲོས་ཚོགས་སུ་བོད་དོན་ཞུ་སྐུལ་གནང་འདུག

མེ་སི་ཀོ་གྲོས་ཚོགས་ཀྱི་འཐུས་མི་དང་ལྷན་ཚོགས་འདུ་ ཚོགས་རྗེས་སྲིད་སྐྱོང་མཆོག་མེ་སི་ཀོ་གྲོས་ཚོགས་ཀྱི་འགྲེམས་སྟོན་ཁང་དང་གྲོས་ཚོགས་ཀྱི་ཚོགས་ཁང་ཁག་ལ་འཚམས་གཟིགས་དང་མེ་སི་ཀོ་གྲོས་ཚོགས་ཀྱི་ཚོགས་གཙོ་ལྕམ་སྐུ་ Karla Almazán མཆོག་གི་བཀའ་འཁྲོལ་ཐོག་གྲོས་ཚོགས་འཐུས་མིའི་བོད་དོན་མཐུན་ཚོགས་ཀྱི་ཚོགས་གཙོ་ Salvador Caro མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་མེ་སི་ཀོ་གྲོས་ཚོགས་སུ་ངོ་སྤྲོད་དང་དགའ་བསུའི་འཚམས་འདྲི་ཞུས་པར་གྲོས་ཚོགས་འཐུས་མི་ཡོངས་ནས་ཐུགས་ཚོར་ཆེན་པོས་དགའ་བསུ་ཞུས་འདུག

 ཉིན་རྒྱབ་ཏུ་སྲིད་སྐྱོང་མཆོག་གིས་ཡུལ་དེའི་གཙུག་ལག་སློག་གྲྭའི་ཕྱི་སྲིད་རིག་པར་སློབ་གཉེར་གནང་མཁན་རྣམས་ལ་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་གཙོས་བོད་དང་རྒྱ་ནག་དབར་གྱི་དཀའ་རྙོག་དང་དེ་སེལ་ཐབས་སོགས་ཀྱི་སྐོར་ལ་གསུང་བཤད་དང་བཀའ་འདྲིར་ལན་འདེབས་གནང་ཡོད།  

ཕྱི་ཟླ་ ༡༠ ཚེས་ ༡༠ དགོང་དྲོ་ཕྱག་ཚོད་ ༡༡༌༣༠ ཐོག་སྲིད་སྐྱོང་མཆོག་མེ་སི་ཀོའི་གྲོང་ཁྱེར་ Guadalajara ལ་ཕེབས་འབྱོར་སྐབས་མི་མང་བརྒྱ་ཕྲག་འགས་གནམ་ཐང་ལ་ ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་འདུག་པ་དང་། སང་དང་གནངས་བཅས་ཉིན་གཉིས་རིང་གནད་ཡོད་མི་སྣ་དང་མཐོ་རིམ་སློབ་མ་སོགས་དང་མཇལ་འཕྲད་གནང་རྒྱུ་ཡིན་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།