Tibetan Royal Year of 2151 | Year of the Wood Dragon

རྒྱལ་ཡོངས་དམངས་འཐུས་ཀྱིས་བོད་ཀྱི་སྐད་ཡིག་གི་ཐོབ་ཐང་རྡོག་རོལ་བཏང་བ།

Tibetan News Headlines

  • Sikyong Penpa Tsering meets President Macron, gifts autographed photo of the Dalai Lama with French leader
  • Tibetans inside and outside Tibet mark Calligraphy Day
  • Derge protests put dams back on the agenda: Rights group calls for transparency of Dam construction plans in Tibet
  • Mexico legislators and friends of Tibet gather to strategize and reaffirm commitment to Tibet’s rights
  • Sarah College for Higher Tibetan Studies holds 23rd graduation ceremony

རེས་གཟའ་ལྷག་པ། ༢༠༢༤།༠༥།༠༡

  • སྲིད་སྐྱོང་མཆོག་གིས་ཕ་རན་སིའི་སྲིད་འཛིན་ལྷན་དུ་མཇལ་འཕྲད་གནང་འདུག
  • བོད་གཞིས་བྱེས་གཉིས་སུ་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་ཉིན་མོ་སྲུང་བརྩི་ཟབ་རྒྱས་ཞུས་པ།
  • རྒྱ་གཞུང་གི་ཆུ་མཛོད་གསར་རྒྱག་གི་ལས་གཞི་ཐད་ཕྱི་གསལ་ནང་གསལ་དགོས་པའི་འབོད་སྐུལ།
  • Mexico ནང་དུ་མ་འོངས་བོད་དོན་རྒྱབ་སྐྱོར་གྱི་ལས་དོན་སྤེལ་ཕྱོགས་སྐོར་ཚོགས་འདུ་ཚོགས་པ།
  • རྡ་ས་རིགས་སློབ་མ་ལག་གཉིས་ཀྱི་སློབ་ཐོན་མཛད་སྒོ་ཚོགས་པ།

དེ་རིང་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་རྒྱ་ནག་གིས་ཐབས་བརྒྱ་ཇུས་སྟོང་གི་སྒོ་ནས་བོད་ནང་དུ་བོད་མིའི་སྐད་ཡིག་རྩ་གཏོར་གཏོང་བཞིན་པའི་ཐད་ཀྱི་གནས་ཚུལ་ཞིག་ཕྱིར་བསྒྲགས་ཀྱིས།   རྒྱལ་ཚོགས་སམ་འབྲེལ་ཡོད་རྒྱལ་སྤྱིའི་ཞིབ་འཇུག་ཚོགས་པ་ཁག་རང་དབང་གི་ཐོག་ནས་བོད་ནང་དུ་ཕེབས་འཇུག་པའི་གནོན་ཤུགས་སྤྲོད་དགོས་པའི་ཛ་དྲག་གི་འབོད་སྐུལ་ཞུས་འདུགདེ་ཡང་ལྟེ་གནས་ཁང་གི་ཕྱིར་བསྒྲགས་དེའི་ནང་དུ་འཁོད་པ་ལྟར་ན། རྒྱ་ནག་དམར་ཤོག་གཞུང་གིས། ས་གནས་རིམ་པའི་ཁྲིམས་འགལ་སྒྲིག་སྲོལ་གཏན་འབེབས་ཀྱིས་གྲངས་ཉུང་མི་རིགས་སློབ་གྲྭ་ཁག་ཏུ་མི་རིགས་སྐད་ཡིག་གིས་སློབ་ཁྲིད་བྱེད་པ་ནི་རྒྱ་ནག་གི་རྩ་ཁྲིམས་དང་འགལ་བ་ཞིག་ཡིན་པར་བསྒྲགས་ཡོད་པ་དང་།   གནད་དོན་དེ་ནི་རྒྱ་ནག་སྲིད་གཞུང་གིས་གྲངས་ཉུང་མི་རིགས་ཁག་རྒྱ་མི་རིགས་ཀྱི་ངོ་བོར་བསྒྱུར་ཐབས་སུ་འབད་བརྩོན་བྱས་པ་ཞིག་ཡིན་སྐོར་གྱི་སྐྱོན་བརྗོད་གནང་འདུག

ལྟེ་གནས་ཁང་གིས་ལུང་འདྲེན་གནང་བའི་ནང་དུ།  རྒྱ་ནག་སྲིད་གཞུང་གིས་གྲངས་ཉུང་མི་རིགས་ས་ཁུལ་དུ་ས་གནས་རིམ་པའི་ཁྲིམས་འགལ་སྒྲིག་སྲོལ་གཏན་འབེབས་ཀྱིས་གྲངས་ཉུང་མི་རིགས་སློབ་གྲྭ་ཁག་ཏུ་མི་རིགས་སྐད་ཡིག་གིས་སློབ་ཁྲིད་བྱེད་པ་ནི་རྒྱ་ནག་གི་རྩ་ཁྲིམས་དང་འགལ་བ་ཞིག་ཡིན་པར་བསྒྲགས་ཡོད་པ་ད་ནི་ཕྱི་ལོ་ ༢༠༢༠ ལོའི་ཟླ་བ་ ༡ པའི་ནང་དུ་རྒྱ་ནག་གི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་འཛིན་ཞིབ་བཤེར་ཚོགས་ཆུང་ཟེར་བའི་དམར་ཤོག་ཚོགས་པའི་དབང་བསྒྱུར་འོག་གི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་ལ་ཕུལ་བའི་ཞིབ་བཤེར་ལས་དོན་སྐོར་གྱི་སྙན་ཞུ་ཡིན་པར་ཕྱིར་བསྒྲགས་ཀྱིས། རྒྱ་ནག་གིས་བོད་ཁུལ་དུ་སྐད་གཉིས་སློབ་གསོ་མིང་ཐོག་ནས། རྒྱ་གཞུང་གིས་ཡ་ང་མེད་པར་ཏང་དང་རྒྱལ་ཁབ་ཀྱིས་མི་རིགས་རྒྱ་སྒྱུར་གྱི་དམིགས་ཡུལ་སྒྲུབ་ཐབས་སུ། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་འཛིན་ཞིབ་བཤེར་ཚན་ཁག་ལ་དབང་ཆ་སྤྲད་ནས་ས་གནས་རིམ་པའི་ཁྲིམས་སྒྲིག་འཛིན་སྐྱོང་སྒྲོག་འགྲེལ་དང་འཕར་བཅོས་ཀྱིས་མི་རིགས་སོ་སོའི་སྐད་ཡིག་རིག་གཞུང་རྩ་མེད་བཟོ་བཞིན་ཡོད་པར་མངོན་གསལ་གྱིས། ད་ལྟའི་ལག་བསྟར་ཁྲིམས་སྒྲིག་དང་སྲིད་ཇུས་ཁག་ཚང་མ་མེད་པར་བཟོ་དགོས་པའི་འབོད་སྐུལ་གནང་འདུག

གོང་གི་གནད་དོན་དེ་དང་འབྲེལ་ནས་འདི་གའི་གསར་འགོད་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་སུ་བཀའ་འདྲིཞུས་པར་ཁོང་གིས། གཞི་རྩའི་རྒྱ་ནག་གིས་བོད་ཁུལ་དུ་བོད་ཀྱི་སྐད་ཡིག་རིག་གཞུང་རྩ་གཏོར་གཏོང་གི་ཡོད་པ་དེ་ནི་གནད་དོན་གསར་བ་ཞིག་དང་། དམིགས་བསལ་དུ་ཧང་སངས་དགོས་བ་ཞིག་གང་ཡང་མིན་ནའང་། ད་ལྟའི་ཆར་རྒྱ་ནག་གིས་ཚོགས་ཆེན་རིམ་པ་བརྒྱུད་ནས་མུ་མཐུད་དུ་བོད་ཀྱི་སྐད་ཡིག་རྩ་གཏོར་གཏོང་གི་ཡོད་པ་དེ་མངོན་གསལ་དོད་པོ་ཆགས་ཡོང་གི་ཡོད་པར་ངོ་སྤྲོད་གནང་ཡོད།

གཞན་ཡང་ཁོང་གིས་གཞི་རྩའི་རྒྱ་ནག་གི་རྩ་ཁྲིམས་དང་ས་གནས་མི་རིགས་རང་སྐྱོང་གི་བཅའ་ཁྲིམས་སོགས་ཀྱི་ནང་དུ་གྲངས་ཉུང་མི་རིགས་རྣམས་ཀྱིས་རྒྱ་ནག་གི་རྒྱལ་ཁོངས་སུ་གཏོགས་པའི་རང་སྐྱོང་གི་ས་ཁུལ་གང་སར་སོ་སོའི་སྐད་དང་རིག་གཞུང་སྲུང་སྐྱོབ་བྱེད་རྒྱུའི་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཡོད་པའི་དོན་ཚན་མང་པོ་ཞིག་འཁོད་ཡོད་ནའང་། འདས་བའི་ལོ་བཅུ་སྟེ། དམིགས་བསལ་གྱི་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་སྲིད་དབང་བཟུང་བ་ནས་བཟུང་བོད་ནང་གི་སྐད་ཡིག་རིག་གཞུང་གི་སྲིད་བྱུས་ཡོད་ཚད་ལ་རྡོག་རོལ་ཤུགས་ཆེར་ཐེབས་འགོ་ཚུགས་ཡོད་པ་ལྟར། ད་ལྟའི་ཁྲིམས་གཞི་དེ་དག་ཤོག་བའི་ངོས་ན་ཡོད་པ་ཙམ་ལས། ལག་བསྟར་གྱི་སྲིད་བྱུས་ཀྱི་ཁྲོད་ནས་གྲངས་ཉུང་མི་རིགས་རྣམས་ལ་ཁེ་ཕན་གང་ཡང་མེད་པའི་གནས་སྟངས་ཤིག་ཏུ་གྱུར་ཡོད་པར་གསུངས་སོང་།

དེ་བཞིན་ལྟེ་གནས་ཁང་གིས་ད་དུང་། རྒྱ་གཞུང་གིས་ས་གནས་རིམ་པའི་ཁྲིམས་སྲོལ་དེ་དག་རྒྱལ་ཡོངས་ཀྱི་གནས་རིམ་གོང་མའི་ཁྲིམས་སྲོལ་དང་མི་མཐུན་པར་འགྲེལ་བར་མ་ཟད། ཐ་ན་གཅིག་གྱུར་མིན་པ་དང་འོས་འཚམ་མིན་པར་བཤད་ནས་གནས་རིམ་གོང་མའི་བཅའ་ཁྲིམས་དེ་དག་ཞིང་ཆེན་དང་ཁུལ་རིམ་པར་ལག་བསྟར་གྱིས། ས་གནས་རིམ་པའི་བཅའ་ཁྲིམས་ཁག་ནི་རྒྱལ་ཁབ་ཀྱི་གལ་ཆེའི་བཅོས་སྒྱུར་གྱི་ཁ་ཕྱོགས་དང་འགལ་ལུགས་བཤད་ཡོད་པ་མ་ཟད།  མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ནང་གསལ་ཆབ་དཔལ་རིག་གསུམ་རང་སྐྱོང་གི་ཐོབ་ཐང་ཁག་འཕྲུ་སྣོན་བྱས་ཏེ་ས་གནས་མི་རིགས་སྐད་ཡིག་གི་ཁྲིམས་སྲོལ་གཏན་འབེབས་དེ་དག་རྒྱལ་ཡོངས་སྤྱི་སྤྱོད་སྐད་ཡིག་བཅའ་ཁྲིམས་དང་སློབ་གསོའི་བཅའ་ཁྲིམས་སོགས་འབྲེལ་ཡོད་བཅའ་ཁྲིམས་གཞན་དག་དང་འགལ་ཟླར་གྱུར་ཡོད་པར་བརྗོད་ནས། བོད་ཁུལ་དུ་རྒྱ་སྐད་རྒྱ་ཡིག་གཙིག་ཆེར་འཛིན་བཞིན་ཡོད་སྐོར་མངོན་གསལ་གནང་འདུག

གཞ་རྩའི་རྒྱ་ནག་གིས་རྒྱལ་ཡོངས་སྤྱི་སྤྱོད་སྐད་ཡིག་བཅའ་ཁྲིམས་ཟེར་བ་དེ་ཕྱི་ལོ་༢༠༠༠ ལོར་གཏན་འབེབས་དང་ཕྱི་ལོ་༢༠༠༡ ནས་ལག་བསྟར་བྱས་ཤིང་། བཅའ་ཁྲིམས་དེའི་ནང་དུ་ས་གནས་སྲིད་གཞུང་དང་གྲངས་ཉུང་མི་རིགས་སློབ་གསོ་ཁག་ནང་རྒྱ་ཡིག་རྒྱ་སྐད་སྤྱོད་དགོས་པར་འཁོད་ཡོད་པ་མ་ཟད། གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་བཀོལ་སྤྱོད་དམ། ཡང་ན་འཕོ་འགྱུར་གཏོང་སྐབས། རྒྱལ་ཡོངས་སྤྱི་སྤྱོད་སྐད་ཡིག་བཅའ་ཁྲིམས་ཀྱི་དམིགས་འབེན་གཙོ་བོ་རྒྱ་རིགས་སློབ་མ་ནང་བཞིན་གྲངས་ཉུང་མི་རིགས་ཀྱི་སློབ་མར་ཡང་རྒྱ་ཡིག་རྒྱ་སྐད་ཀྱིས་སློབ་ཁྲིད་བྱེད་དགོས་པར་བཟོས་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།