Tibetan Royal Year of 2151 | Year of the Wood Dragon

རྒྱ་ནག་ལ་འཐབ་རྒོལ་ཆེད་རྒྱ་གར་གྱི་དམག་མིས་བོད་རིག་པར་སློབ་སྦྱོང་གནང་རྩིས།

Tibetan News Headlines

  • US religious freedom watchdog warns of sinicization and assimilation of Tibetan religious and cultural identities
  • US sanctions 31 China-based companies over Russia
  • Xi Jinping to meet French President Macron and EU Chief in Paris next week
  • CTA begins house allocation programmes for Tibetans not facilitated in the refugee settlements
  • Dharamshala hosts conference on promotion and preservation of Tibetan language

རེས་གཟའ་ཕུར་བུ། ༢༠༢༤།༠༥།༠༢

  • རྒྱ་གཞུང་གིས་བོད་བརྒྱུད་ནང་བསྟན་ལ་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་མངོན་གསལ་གནང་འདུག
  • ཨ་རིའི་གཞུང་གིས་རྒྱ་ནག་གི་བཟོ་ཚོང་ལས་ཁང་ ༣༡ ལ་སྲིད་དོན་ཉེས་ཆད་བཀལ་བ།
  • ཞི་ཅིང་ཕིང་གིས་ཕ་རན་སིའི་སྲིད་འཛིན་དང་ཡོ་རོབ་མཐུན་ཚོགས་ཀྱི་གཙོ་འཛིན་ཐུག་འཕྲད་བྱ་འཆར།
  • བོད་མི་སྡོད་ཁང་མེད་པ་རྣམས་ལ་རུབ་སྡོད་གཞིས་སྒར་ནང་སྡོད་ཁང་བགོས་འགྲེམས་ཀྱི་ལས་གཞི་དངོས་སུ་དབུ་འཛུགས།
  • བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་དར་འཕེལ་སྐོར་བགྲོ་གླེང་དབུ་འཛུགས།

རྒྱ་གར་གྱི་དམག་སྤྱི་ཆེན་མོ་ Manoj Mukund Naravane ལགས་ཀྱི་སློབ་སྟོན་གྱི་འོག་དུ། རྒྱ་གར་བྱང་ཕྱོགས་ཀྱི་མཐའ་མཚམས་ཁག་གི་དམག་མི་རྣམས་ཀྱིས་རྒྱ་ནག་ལ་འཐབ་རྒོལ་བྱེད་ཆེད་དུ་བོད་རིག་པར་སློབ་སྦྱོང་བྱེད་རྒྱུར་གྲོས་བསྡུར་གྱི་སྙན་ཞུ་ཕུལ་འདུགདེ་རིང་རྒྱ་གར་དུས་བབ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། སྔར་ལོ་ནས་རྒྱ་གར་བྱང་ཕྱོགས་ཀྱི་ལ་དྭགས་དང་འབྲས་ལྗོངས་སུ་འཁེལ་བའི་བོད་ཧིན་ས་མཚམས་སུ་རྒྱ་དཀར་ནག་གི་དམག་མིའི་བར་གདོང་ཐུག་གནད་དོན་རིམ་པ་བྱུང་ཡོད་པ་ལྟར།  ད་ཆ་རྒྱ་གར་གྱིས་རྒྱ་ནག་གི་དྲིལ་བསྒྲགས་དང་ཤུགས་རྐྱེན་ལ་ཁ་གཏད་གཅོག་ཆེད་རྒྱ་གར་གྱི་མཐའ་དམག་ཚོས་བོད་ཀྱི་ལོ་རྒྱུས་དང་། རིག་གནས། སྐད་ཡིག་བཅས་སྦྱོང་བྱེད་རྒྱུའི་ལས་གཞི་གསར་བ་ཞིག་འཛུགས་འཆར་ཡོད་པར་འཁོད་འདུག

དེ་ཡང་རྒྱ་གར་བྱང་ཕྱོགས་སིམ་ལར་རྟེན་གཞི་བྱས་པའི་རྒྱ་གར་གྱི་དམག་སྦྱོང་ལྟེ་གནས་ཁང་གིས་བརྗོད་པ་ལྟར་ན།  ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དང་ལྡི་ལི་མཐོ་སློབ་གྱི་ནང་ཆོས་སློབ་གཉེར་ཁང་། དེ་བཞིན་རྒྱ་གར་ལྷོ་ཕྱོགས་སུ་ཡོད་པའི་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་སོགས་རྒྱ་གར་གྱི་དམག་མིས་བོད་ཀྱི་ལོ་རྒྱུས་དང་སྐད་ཡིག་རིག་གནས་སློབ་སྦྱོང་བྱེད་སའི་ཁོངས་སུ་མིང་འདོན་བྱས་འདུག

རྒྱ་གར་གྱི་དམག་མི་ཞིག་གིས་གསར་ཁང་ལ་བརྗོད་པ་ལྟར་ན།  རྒྱ་གར་གྱི་དམག་མི་རྣམས་པཱ་ཀི་སི་ཐན་ཀྱི་སྐོར་ལ་རྒྱུས་ལོན་ཟབ་མོ་ཡོད་ཀྱང་། རྒྱ་ནག་གི་སྐོར་སྤྱི་དང་སྒོས་སུ་རྒྱ་ནག་གི་བསམ་བློ་གཏོང་ཕྱོགས་བཅས་ལ་རྒྱུས་མངའ་ཡོད་མཁན་ཆེས་ཉུང་ཤོས་ཤིག་ལ་མེད་པ་མ་ཟད། བོད་ཀྱི་སྐོར་ལ་ཤེས་རྟོག་ཡོད་མཁན་དེ་བས་ཀྱང་མེད་སྟབས། ད་ཆ་རྒྱ་གར་གྱི་དམག་མི་རྣམས་ཀྱིས་བོད་ཀྱི་སྐད་ཡིག་རིག་གཞུང་དང་རྒྱལ་རབས་ལོ་རྒྱུས་བཅས་ལ་སློབ་སྦྱོང་བྱེད་རྒྱུ་གལ་ཆེན་ཡིན་སྐོར་དང་། མཐའ་མཚམས་ཀྱི་དམག་མི་རྣམས་ཀྱིས་བོད་སྐད་བོད་ཡིག་དང་རྒྱ་སྐད་རྒྱ་ཡིག་སོགས་ལ་སློབ་སྦྱོང་བྱས་ཏེ་དམིགས་བཀར་གྱིས་མཐའ་མཚམས་ཁག་གི་དམག་མིའི་ལས་གནས་སུ་ཡུན་རིང་བསྐོ་བཞག་བྱེད་རྒྱུ་ཡིན་པར་བརྗོད་འདུག

གཞི་རྩའི་རྒྱ་གར་གྱི་དམ་གམི་རྣམས་ཀྱིས་བོད་ཀྱི་ལོ་རྒྱུས་དང་། རིག་གནས། སྐད་ཡིག་བཅས་སློབ་སྦྱོང་བྱེད་རྒྱུའི་ལས་གཞི་དེ་སྔར་ལོའི་ཕྱི་ཟླ་ ༡༠ པའི་ནང་ཚོགས་པའི་རྒྱ་གར་གྱི་དམག་སྤྱི་ལྷན་ཚོགས་ཀྱི་ཚོགས་འདུའི་ཐོག་གྲོས་བསྡུར་བྱས་པ་ཞིག་ཡིན་པ་དང་། ད་ལྟ་སིམ་ལར་རྟེན་གཞི་བྱས་པའི་དམག་སྦྱོང་ལྟེ་གནས་ཁང་ཞིག་གིས་ལས་གཞིའི་དེར་ཞིབ་འཇུག་གིས་དངོས་སུ་ལག་བསྟར་ཡོང་རྒྱུར་འབད་བརྩོན་གནང་བཞིན་པ་ཞིག་ཡིན་པ་དང་།  འདས་བའི་བཙན་བྱོལ་ནང་གི་མི་ལོ་དྲུག་ཅུའི་རིང་ལ།  བོད་མིའི་དང་ཞབས་དམག་མི་རྣམས་ཀྱིས་རྒྱ་གར་གྱི་མཐའ་མཚམས་ཀྱི་དམག་འཐབ་རིམ་པའི་ཁྲོད་འཛུལ་ཞུགས་བྱས་ཡོད་པ་ལྟར། སྔར་ལོ་བོད་མིའི་དང་ཞབས་པ་བསྟན་འཛིན་ཉི་མ་ལགས་རྒྱ་དཀར་ནག་གི་མཐའ་མཚམས་ཀྱི་གདོང་ཐུག་ཁྲོད་ཚེ་སྲོག་ཤོར་བ་ལ་རྟེན་ནས་རྒྱ་གར་གྱི་སྤྱི་ཚོགས་ཀྱི་ནང་དུ་བོད་མིའི་དང་ཞབས་དམག་མིའི་སྐོར་གྱི་གནས་ཚུལ་རིམ་པ་ཐོན་ཡོད་པ་ལྟར། འདི་ལོ་རྒྱ་གར་གྱི་མང་གཙོའི་ཉི་མོ་དང་བསྟུན་ནས། བོད་མིའི་དྭང་ཞབས་དམག་མི་ཁག་ཅིག་ལ་རྒྱ་གར་གྱི་ཆེ་མཐོང་གི་ཕྱག་འཁྱེར་གནང་ཡོད་པ་རེད།

 

འབྲེལ་ཡོད་གསར་གནས།

གསར་གནས།