རྒྱལ་སྤྱི་ཉེས་ཡངས་ཚོགས་པས་མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་མྱུར་དུ་གློད་བཀྲོལ་གཏོང་དགོས་པའི་དགོས་འདུན་བཏོན་འདུག

Tibetan News Headlines

  • Snowland Forum 2026 Opens in Taipei to Examine China’s Ethnic-Unity Law
  • Tibetan Activist Begins Peace March from Amsterdam to UN in Geneva to Restore Independence
  • BTSM Launches 15th Tawang Tirth Yatra in Guwahati as Part of Tibet Awareness Campaign
  • Bicycle Rental and Tour Guide Initiative Launched in Kollegal Dhondenling to Boost Eco-Tourism
  • Tibetan Art Curriculum ‘Understanding Zo-Rigpa’ Launched in Dharamsala
  • Nepal PM Balendra Shah Arrives in New Delhi for First Bilateral Visit, Talks with Modi

ཪེས་གཟའ་ཟླ་བ། ༢༠༢༦།༡༡།༢༣

  • འདི་ལོའི་གངས་ལྗོངས་གླེང་སྟེགས་ཐོག་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་དེར་ཐུན་མོང་གིས་གདོང་ལེན་གནང་ཕྱོགས་དང་འབྲེལ་བགྲོ་གླེང་།
  • བོད་རང་བཙན་སླར་གསོའི་ཆེད་དུ་གོམ་བགྲོད་ལས་འགུལ་འགོ་འཛུགས་གནང་འདུག
  • ཆོས་རིག་བཀའ་བློན་དབུ་བཞུགས་ཐོག་རྟ་དབང་གནས་སྐོར་ཐེངས་བཅོ་ལྔ་པ་དབུ་འཛུགས།
  • ཀོ་ལེ་གྷལ་དོན་ལྡན་གླིང་ནང་རྐང་འཁོར་གླ་གཡར་དང་ཡུལ་སྐོར་སྣེ་ཁྲིད་ཀྱི་ལས་གཞི་དབུ་འབྱེད།
  • བཟོ་རིག་པར་གོ་རྟོགས། མཐོང་རྒྱ་དང་གསར་གཏོད་ཀྱི་གདན་ཞུ། ཞེས་པའི་བཟོ་རིག་སྒྱུ་རྩལ་གྱི་བསླབ་གཞི་དཔེ་དེབ་ཅིག་དབུ་འབྱེད།
  • བལ་ཡུལ་གྱི་སྲིད་བློན་བྷ་ལེནྡྲ་ཤཱ་ཡི་རྒྱ་གར་དུ་ཐེངས་དང་པོའི་གཞུང་འབྲེལ་འཚམས་གཟིགས་དབུ་འཛུགས།

རྒྱ་གཞུང་གིས་སྨིན་ཐང་དགོན་འོད་གསལ་ཐེག་མཆོག་གླིང་གི་དགོན་བདག་དང་རྡོ་རྗེ་བརྟན་མི་རིགས་ལས་རིགས་ལག་རྩལ་སློབ་གྲྭའི་སློབ་གཙོ་མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་འཛིན་བཟུང་བྱས་ནས་ད་བར་ཟླ་བ་བདུན་ལྷག་ཙམ་འགྲོ་བཞིན་ཡོད་ཀྱང་། ད་བར་ཁོང་གར་ཡོད་ཙམ་གྱི་གནས་ཚུལ་རྩ་བ་ནས་གསལ་ཁ་མེད་པའི་ཁྲོད། རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་རྒྱ་ནག་གིས་བོད་ཀྱི་སྐད་ཡིག་དང་རིག་གཞུང་། ཆོས་ལུགས་བཅས་ཞི་བའི་སྒོ་ནས་སྲུང་སྐྱོབ་བྱེད་མཁན་རྣམས་མི་རིགས་མཐུན་སྒྲིལ་ལ་ཉེན་ཁ་ཞིག་ཏུ་ངོས་འཛིན་བྱེད་བཞིན་ཡོད་པའི་འགྲེལ་བརྗོད་དང་འབྲེལ།  མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་མྱུར་དུ་གློད་བཀྲོལ་གཏོང་དགོས་པའི་ཞུ་གཏུག་ལས་འགུལ་དབུ་འཛུགས་གནང་འདུག

Dorje Ten Amnesty International

དེ་ཡང་ཁ་སང་ཚོགས་པའི་དྲྭ་གནས་ཐོག་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་གིས་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་དུ་ཕྱག་བཏབ་མཛད་པའི་རྡོ་རྗེ་བརྟན་མི་རིགས་ལས་རིགས་ལག་རྩལ་སློབ་གྲྭ་ནི་ས་གནས་དེའི་ནང་གི་ལག་ཤེས་སློབ་གྲྭ་ཆེ་ཤོས་ཤིག་ཏུ་གྱུར་ཡོད་ཅིང་། ཁོང་གིས་བོད་ཀྱི་སྐད་ཡིག་རིག་གཞུང་དང་ཤེས་རིག་དར་སྤེལ་གྱི་ཕྱག་ལས་གནང་བར་ཀུན་གྱིས་གུས་བཀུར་ཐོབ་ཀྱི་ཡོད་པ་འགྲེལ་བརྗོད་དང་འབྲེལ། རྒྱ་གཞུང་གིས་ཁོང་སྔ་ལོ་ཕྱི་ཟླ་ ༡༢ ཀྱི་ཚེས་ ༤ ཡས་མས་སུ་གློ་བུར་འཛིན་བཟུང་བྱས་ཡོད་ཀྱང་། དུས་ད་ལྟའང་ཁོང་གང་དུ་ཡོད་མེད་སུས་ཀྱང་ཤེས་ཀྱི་མེད་པ་མ་ཟད། རྒྱ་ནག་དབང་འཛིན་པ་ཚོས་ད་བར་ཁོང་གང་དུ་བཀག་ཉར་བྱས་ཡོད་མེད་དང་། ཁོང་བཀག་ཉར་བྱེད་པའི་ཁྲིམས་མཐུན་གྱི་གཞི་རྩ། ཁོང་ལ་ཁྲིམས་རྩོད་པ་འདེམས་སྒྲུག་བྱེད་པའི་ཐོབ་ཐང་དང་། གཞན་ཡང་ནང་མི་དང་འབྲེལ་བ་བྱེད་པའི་ཐོབ་ཐང་ཡོད་མེད་སོགས་ཕྱིར་བསྒྲགས་རྩ་བ་ནས་བྱས་མེད་པ་གསུངས་འདུག

ཁོང་བཀག་ཉར་བྱས་པའི་གནས་ཚུལ་ཐོན་པ་ནས་བཟུང་ཁོང་གི་གནས་སྟངས་སྐོར་གྱི་གནས་ཚུལ་གཅིག་པུ་ནི། གཞུང་འབྲེལ་མིན་པའི་སྙན་ཐོའི་ནང་ཁོང་ལ་ཞིབ་འཇུག་བྱེད་བཞིན་པ་ཡིན་ཟེར་བ་དེ་ཡིན་ཞིང་། རྒྱ་ནག་ནང་ཆ་མཚོན་ན་ཐ་སྙད་འདི་ནི་རྒྱུན་དུ་ཉེས་དོན་ཞིབ་འཇུག་བརྒྱུད་རིམ་ཁྲོད་བེད་སྤྱོད་བྱེད་ཀྱི་ཡོད་པ་དང་། དུས་ཡུན་ དེའི་ཁྲོད་དོ་དག་བཙོན་པ་རྣམས་ཁྲིམས་རྩོད་པ་དང་ནང་མི་སོགས་དང་འབྲེལ་ལམ་གྱི་ཆོག་མཆན་ཧ་ལམ་མེད་པ་ལྟ་བུའི་གནས་སྟངས་འོག་དུས་ཡུན་རིང་པོར་བཀག་ཉར་བྱེད་སྲོལ་ཡོད་པ་གསུངས་ཏེ། རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་དེ་སྔོན་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་དང་དེ་བཞིན་ཁྲིམས་འགལ་གྱིས་གང་བྱུང་འཛིན་བཟུང་བྱས་པའི་མི་སྣ་ཁག་གཅིག་གི་གནད་དོན་ལ་ཞིབ་འཇུག་བྱས་པའི་འབྲུ་དོན་ལ་གཞིགས་ན། བཀག་ཉར་གྱི་བརྒྱུད་རིམ་འདི་ལྟ་བུའི་འོག་བཙོན་པ་རྣམས་ལ་མནར་གཅོད་ཀྱིས་ཉེན་ཁ་ཧ་ཅང་ཆེན་པོ་ཡོད་པ་གསུངས་འདུག

ཚོགས་པའི་ངོས་ནས་ད་དུང་རིན་པོ་ཆེ་མཆོག་གི་གནས་ཚུལ་འདི་ནི་རྒྱ་ནག་གི་རྒྱ་ཆེ་བའི་སྲིད་བྱུས་ཀྱི་ཆ་ཤས་ཤིག་ཡིན་པ་དང་།  དེའང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་དང་། རིན་ཆེན་ཚུལ་ཁྲིམས་ལགས། བཀྲ་ཤིས་དབང་ཕྱུག་ལགས་བཅས་ཚུད་པའི་བོད་ཀྱི་ཆོས་ལུགས་དབུ་ཁྲིད་དང་། ཤེས་ཡོན་པ། སྐད་ཡིག་དོན་གཉེར་བ་བཅས་ལ་དྲག་གནོན་གྱིས་གནད་དོན་ལུང་འདྲེན་དང་འབྲེལ། རྒྱ་ནག་གི་དབང་འཛིན་པ་ཚོས་བོད་ཡིག་སློབ་ཁྲིད་ལ་དམ་དྲག་ཇེ་ཆེར་བཏང་བ་དང་། ཆོས་ལུགས་ཀྱི་བྱེད་སྒོའི་ཐོག་སྟངས་འཛིན་ནན་དུ་བཏང་བ། དེ་བཞིན་རྒྱ་ཡིག་དང་ཆབ་སྲིད་ཀྱི་ལྷག་བསམ་གཙོ་བོར་བཟུང་བའི་བསམ་བློའི་སློབ་གསོ་རྒྱ་སྐྱེད་བཏང་བ་མ་ཟད།  བོད་ཀྱི་སྐད་ཡིག་རིག་གཞུང་དང་ངོ་བོ་སྲུང་སྐྱོབ་བྱེད་པའི་ཞི་བདེའི་འབད་བརྩོན་ལ་ཞིབ་བཤེར་དང་དྲག་གནོན་བྱེད་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པ་གསལ་སྟོན་གནང་སྟེ། ཚོགས་པའི་དྲྭ་ལམ་བརྒྱུད་མང་ཚོགས་ངོས་ནས་སྒེར་སོ་སོ་གནས་སྡོད་བྱེད་སའི་རྒྱ་ནག་གི་གཞུང་ཚབ་ཁང་ལ་མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་འཕྲལ་དུ་གློད་བཀྲོལ་གཏོང་དགོས་པའི་ཞུ་སྙན་འབུལ་རྒྱུའི་ལས་འགུལ་དབུ་འཛུགས་གནང་འདུག

ཞུ་སྙན་ནང་མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་ད་ལྟའི་གནས་ཡུལ་དང་ཁྲིམས་མཐུན་གྱི་གནས་སྟངས་འཕྲལ་དུ་ཕྱིར་བསྒྲགས་བྱེད་དགོས་པ་དང་། རྒྱལ་སྤྱིའི་ཁྲིམས་ལུགས་དང་མཐུན་པའི་ཉེས་པ་བསགས་པའི་དཔང་རྟགས་ཡིད་རྟོན་འཕེར་བ་མེད་ཚེ་ཁོང་གློད་བཀྲོལ་གཏོང་དགོས་པ། གློད་འགྲོལ་རྗེས་མནར་གཅོད་དང་བརྙས་བཅོས་སོགས་ལས་སྲུང་སྐྱོབ་དགོས་པ། དེ་བཞིན་ཁོང་ལ་རང་ཉིད་ཀྱི་འདོད་པ་བཞིན་ཁྲིམས་རྩོད་པ་དང་། ནང་མི་ཐུག་འཕྲད། དེ་བཞིན་དགོས་གལ་སྨན་བཅོས་ཀྱི་མཐུན་རྐྱེན་སྦྱར་དགོས་པ་མ་ཟད། ཁོང་གི་གནད་དོན་དང་འབྲེལ་གནས་ཚུལ་འཚོལ་བར་འབད་བརྩོན་གནང་མཁན་གྱི་ནང་མི་དང་གཉེན་ཉེ་ཚོར་འཇིགས་སྐུལ་དང་། སུན་གཙེར། དམ་དྲག་བཅས་མཚམས་འཇོག་བྱེད་དགོས་པའི་དགོས་འདུན་བཏོན་འདུག

རྒྱལ་སྤྱི་ཉེས་ཡངས་ཚོགས་པས་ད་དུང་ལས་འགུལ་དང་འབྲེལ་བའི་བསྒྲགས་གཏམ་ནང་།  བོད་ནང་གི་བོད་མི་རྣམས་འདས་པའི་ལོ་མང་རིང་ནས་རང་ཉིད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་བཅས་པ་རྒྱ་བསྒྱུར་གྱི་སྲིད་བྱུས་འོག་གནས་མུས་ཁར། ཉེ་ལམ་ཟླ་བ་འདིའི་ཕྱི་ཚེས་ ༡ ཉིན་ནས་ལག་བསྟར་འགོ་འཛུགས་བྱེད་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ཟེར་བ་དེས་ལོ་མང་རིང་གི་སྲིད་བྱུས་དེ་དག་ལ་ཁྲིམས་ཐོག་ནས་རྒྱབ་སྐྱོར་དང་། དོན་ངོ་མར་ད་བར་བོད་ནང་བཙན་ཤེད་སྒོ་ནས་མི་རིགས་མཉམ་བསྲེས་ཀྱི་སྲིད་བྱུས་སྤེལ་བཞིན་པ་དེ་དག་ལམ་ལུགས་ཅན་དུ་བཟོས་ཡོད་པ་གསུངས་འདུག

འབྲེལ་ཡོད་གསར་གནས།

གསར་གནས།