Tibetan Royal Year of 2151 | Year of the Wood Dragon

རྒྱལ་སྤྱིའི་དགེ་འདུན་པའི་གླེང་སྟེགས་ཀྱིས་གྲོས་ཆོད་བརྒྱད་གཏན་འབེབས་ཐོག་ནས་གླེང་སྟེངས་མཇུག་སྒྲིལ།

Tibetan News Headlines

  • His Holiness the Dalai Lama confers Mahakala Blessing (Gonpo Jenang)
  • In depth: Taiwan’s new government policy on Tibet and China

རེས་གཟའ་སྤེན་པ། ༢༠༢༤།༠༥།༡༨

  • ༸གོང་ས་མཆོག་གིས་མགོན་པོའི་རྗེས་གནང་གི་ཆོས་འབྲེལ་བཀའ་དྲིན་སྩལ་བ།
  • ཐེ་ཝན་གཞུང་འཛིན་གསར་པས་བོད་དང་རྒྱ་ནག་ཐོག་འཛིན་པའི་སྲིད་བྱུས་སྐོར།

རྒྱལ་སྤྱིའི་དགེ་འདུན་པའི་གླེང་སྟེགས་ཀྱི་ཉིན་གསུམ་རིང་ལྷན་ཚོགས་མཇུག་སྒྲིལ་དང་འབྲེལ་ཏེ་སླད་ཀྱི་གནང་སྒོ་དང་འབྲེལ་བའི་གྲོས་ཆོད་དོན་ཚན་བརྒྱད་ཅན་ཞིག་གཏན་འབེབས་གནང་འདུག

དེའང་། ཟླ་བ་འདིའི་ཚེས་ ༢༠ ཉིན་གྱི་སྔ་དྲོ་རྒྱ་གར་གྱི་ནང་པའི་གནས་ཆེན་བརྒྱད་ཀྱི་ཡ་གྱལ་གནས་མཆོག་རྡོ་རྗེ་དུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་ཚོགས་འདུའི་ལྟེ་གནས་ཁང་International Convention Centre དུ་༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་དང་རྒྱལ་སྤྱིའི་ནང་པའི་མཐུན་ཚོགས། སིངྒ་པོར་བོད་ཀྱི་རིག་གཞུང་ཚོགས་པ། ༸དཔལ་ལྡན་དགའ་ལྡན་ཕོ་བྲང་གི་ལྷོ་ཤར་ཨེ་ཤ་ཡའི་འབྲེལ་མཐུད་ལས་ཁུངས་བཅས་སོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བླ་ན་མེད་པའི་དགོངས་གཞི་ལྟར་ཉིན་གསུམ་རིང་རྒྱལ་སྤྱིའི་དགེ་འདུན་པའི་གླེང་སྟེགས་ཆེས་ཐོག་མ་གོ་སྒྲིག་ཞུས་ཡོད་པ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གླེང་སྟེགས་ཀྱི་དབུ་འབྱེད་མཛད་སྒོར་དབུ་བཞུགས་ཀྱིས་བླང་དོན་བཀའ་སློབ་བཀའ་དྲིན་ཆེ་བ་སྩལ་ཡོད་པ་རེད།

ཟླ་བ་འདིའི་ཕྱི་ཚེས་ ༢༢ ཉིན་རྒྱལ་སྤྱིའི་དགེ་འདུན་པའི་གླེང་སྟེགས་ཀྱི་ཚོགས་བཅར་ཡོངས་ཐུན་མོང་གི་ཐོག་ནས་གྲོས་ཆོད་དོན་ཚན་བརྒྱད་ཅིག་གཏན་འབེབས་གནང་འདུག་པ་དང་། གླེང་སྟེགས་ཀྱི་གྲོས་ཆོད་བརྒྱད་པོ་དེ་དག་ནི།གོ་རྟོགས་དང་དཀའ་ཚེགས་ཁག་སེལ་ཕྱིར་གཅིག་གྱུར་ཐོག་གྲོས་མོལ་དང་ལྷན་ཚོགས་འཆར་ཅན་ལྟར་འཚོགས་རྒྱུ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགོངས་བཞེད་དང་མཐུན་པའི་ཐོག་ཆོས་ལུགས་མི་འདྲ་བའི་དབར་ལ་རྒྱལ་སྤྱིའི་རང་བཞིན་ལྡན་པའི་བགྲོ་གླེང་དང་ཤེས་རབ། ཉམས་མྱོང་བཅས་བརྗེ་རེས་བྱ་རྒྱུ། རིག་གཞུང་དང་ས་བབས་གནས་སྟངས་ཀྱི་རྒྱབ་ལྗོངས་ཁྱད་པར་ཡོད་མེད་ལ་ལྟོས་མེད། རབ་བྱུང་དང་མི་སྐྱ་སུ་ཞིག་ཡིན་ཀྱང་། ཕན་ཚུན་མཉམ་མཐུན་དང་གུས་བརྩི། དེ་བཞིན་གོ་རྟོགས་སྤེལ་བའི་ཐོག་ནས་ནང་པའི་ཆོས་བརྒྱུད་ཁག་ལ་གུས་བཀུར་ཞུ་རྒྱུ། དེ་བཞིན་གོ་ལའི་གནམ་གཤིས་འཇིག་སྐྱོན་དང་སྤྱི་ཚོགས་ནང་དྲང་བདེན་མེད་པ། དེ་བཞིན་རྩོད་རྙོག་དང་དམག་འཁྲུག་སོགས་འཛམ་གླིང་སྤྱི་དང་སྒོས་ས་གནས་ཁག་གི་དཀའ་ཚེགས་ཁག་སེལ་ཆེད་ལུས་སེམས་གཉིས་ཀྱི་ཐོག་ནས་ནང་པའི་ཆོས་ཚུལ་ལས་བརྩམས་པའི་ཤེས་རབ་དང་བྱམས་སྙིང་རྗེ་གོང་འཕེལ་གཏོང་ཐབས་འབད་བརྩོད་གནང་དགོས་པ། རྒྱ་ཆེ་ས་ནས་ད་ལྟ་འཕྲད་བཞིན་པའི་ངལ་བ་རྣམས་སེལ་རྒྱུའི་ཐབས་ལམ་འཚོལ་བར་ནང་པའི་ཤེས་རབ་དང་ཚན་རིག དེ་བཞིན་འཕྲུལ་ལས་གསར་གཏོད་བཅས་ཟུང་དུ་འབྲེལ་བའི་ལས་གཞི་ཁག་ལ་རྒྱབ་སྐྱོར་གནང་རྒྱུ་མ་ཟད། ནང་པའི་ཆོས་ཚུལ་ལས་གསུངས་པའི་ཚངས་པའི་གནས་བཞི་སྟེ། བྱམས་པ་དང་སྙིང་རྗེ། དགའ་བ། བཏང་སྙོམས་བཅས་ནི་འཛམ་གླིང་ནང་ཞི་བདེ་བག་ཕེབས་དང་ཕན་ཚུན་དབར་གྱི་འབྲེལ་ལམ་གོང་འཕེལ་ཆེད་ཐུགས་ཕན་གསོས་པར་ངོས་འཛིན་གནང་གི་ཡོད་ཅེས་དང་། འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་བདེ་དོན་ལ་དམིགས་པའི་ཐུན་མོང་གི་རེ་སྨོན་དང་ཆོས་ལ་དམིགས་པའི་ཐུན་མོང་གི་དམ་བཅའ་ཞིག་ཡོད་པའི་ཐོག་ནས་ང་ཚོས་འགྲོ་བ་མིའི་རིགས་ཀྱི་མ་འོངས་པའི་ཕུགས་འདུན་གསལ་པོ་དང་དམིགས་ཡུལ་གསར་པ་ཞིག་གི་ཐོག་ནས་ལྷན་ཚོགས་འདི་མཇུག་སྡོམ་གནང་ཡོད་པ་ལྟར། སངས་རྒྱས་ཀྱི་བསྟན་པ་ཉམས་ལེན་དང་དར་སྤེལ་གཏོང་བ་དེ་འཛམ་གླིང་ཞི་བདེ་དང་འགྲོ་བ་སྤྱིའི་བདེ་ཐབས་ཀྱི་རྨང་གཞིར་བཟུང་རྒྱུ་ཆོད་སེམས་བརྟན་པོ་ཡོད་ཅེས་གྲོས་ཆོད་གཏན་འབེབས་གནང་བའི་བརྒྱུད་ནས་སངས་རྒྱས་བསྟན་པ་དར་ཞིང་སེམས་ཅན་བདེ་ལ་འགོད་པའི་ཐུགས་སྨོན་མཚམས་སྦྱོར་བཅས་གནང་འདུག

གཞི་རྩའི་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཟླ་བ་འདིའི་ཕྱི་ཚེས་ ༡༥ ཉིན་གནས་མཆོག་རྡོ་རྗེ་གདན་དུ་༸ཞབས་སོར་བདེ་བར་འཁོད་ཡོད་པ་དང་། མགོན་པོ་༸གང་ཉིད་མཆོག་གིས་ཕྱི་ཚེས་ ༡༦ ཉིན་བྱང་ཆུབ་ཆེན་པོའི་མཆོད་རྟེན་རིན་པོ་ཆེར་གནས་གཟིགས་མཛད་པར་མ་ཟད། ཕྱི་ཚེས་ ༢༠ ཉིན་རྒྱལ་སྤྱིའི་དགེ་འདུན་པའི་གླེང་སྟེགས་ཆེས་ཐོག་མ་དབུ་འབྱེད་བཀའ་དྲིན་བསྐྱངས་པ། ཕྱི་ཚེས་ ༢༣ ཉིན་གྱི་སྔ་དྲོ་གནས་མཆོག་རྡོ་རྗེ་གདན་གྱི་བྱང་ཆུབ་མཆོད་རྟེན་ཆེན་མོའི་༸སྐུ་མདུན་དུ་འཛམ་གླིང་ཞི་བདེའི་སྨོན་ལམ་གྱི་ཚོགས་མགོན་དུ་དབུ་བཞུགས་མཛད་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།