Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག་གིས་རྒྱ་རིགས་གྲྭ་བཙུན་ ༧༠  ལྷག་ལ་དགེ་ཚུལ་གྱི་བསླབ་སྡོམ་སྩལ་བ།

Tibetan News Headlines

  • US religious freedom watchdog warns of sinicization and assimilation of Tibetan religious and cultural identities
  • US sanctions 31 China-based companies over Russia
  • Xi Jinping to meet French President Macron and EU Chief in Paris next week
  • CTA begins house allocation programmes for Tibetans not facilitated in the refugee settlements
  • Dharamshala hosts conference on promotion and preservation of Tibetan language

རེས་གཟའ་ཕུར་བུ། ༢༠༢༤།༠༥།༠༢

  • རྒྱ་གཞུང་གིས་བོད་བརྒྱུད་ནང་བསྟན་ལ་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་མངོན་གསལ་གནང་འདུག
  • ཨ་རིའི་གཞུང་གིས་རྒྱ་ནག་གི་བཟོ་ཚོང་ལས་ཁང་ ༣༡ ལ་སྲིད་དོན་ཉེས་ཆད་བཀལ་བ།
  • ཞི་ཅིང་ཕིང་གིས་ཕ་རན་སིའི་སྲིད་འཛིན་དང་ཡོ་རོབ་མཐུན་ཚོགས་ཀྱི་གཙོ་འཛིན་ཐུག་འཕྲད་བྱ་འཆར།
  • བོད་མི་སྡོད་ཁང་མེད་པ་རྣམས་ལ་རུབ་སྡོད་གཞིས་སྒར་ནང་སྡོད་ཁང་བགོས་འགྲེམས་ཀྱི་ལས་གཞི་དངོས་སུ་དབུ་འཛུགས།
  • བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་དར་འཕེལ་སྐོར་བགྲོ་གླེང་དབུ་འཛུགས།

དེ་རིང་ཕྱི་ཟླ་ ༡༢ ཚེས་ ༢༥ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་རིགས་དད་ལྡན་གྲྭ་བཙུན་གྲངས་ ༧༦ ཙམ་ལ་དགེ་ཚུལ་གྱི་བསླབ་སྡོམ་བཀའ་དྲིན་སྩལ་ཡོད་པ་རེད།

དེ་ཡང་། རྒྱ་རིགས་དེ་དག་ནི་ཐེ་ཝན་དང་མཱ་ལེ་ཤ་ཡ། སིངྒ་པོར་སོགས་དང་། དེ་བཞིན་ཕྱི་རྒྱལ་ཁབ་ཁག་ཏུ་གནས་སྡོད་རྒྱ་ནག་སྐམ་ས་མོའི་རྒྱ་རིགས་བཅས་ཆགས་ཀྱི་འདུག

སྐབས་དེར་༸གོང་ས་མཆོག་གིས་སྡོམ་པ་འབོག་པར་མཛད་རྒྱུ་དེ་ནི་སངས་རྒྱས་བསྟན་པའི་ཞབས་འདེགས་ཡིན་པར་དགོངས་ཀྱི་ཡོད་པར་བཀའ་སྩལ་བ་དང་འབྲེལ། ཐུགས་ཚོར་གཞན་དང་མ་འདྲ་ཞིག་བྱུང་ཡོད་པར་བཀའ་སྩལ་སྟེ་སངས་རྒྱས་ཀྱི་བསྟན་པ་ལ། ལུང་གི་བསྟན་པ་དང་རྟོགས་པའི་བསྟན་པ་གཉིས་ཡོད་སྟབས་ཆོས་ལ་སློབ་གཉེར་གནང་དགོས་གལ་ཡིན་པ་སོགས་ལམ་སྟོན་བཀའ་དྲིན་ཆེ་བ་མཛད་འདུག

༸དཔལ་ལྡན་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་ཡང་སྟེང་རིན་པོ་ཆེ་མཆོག་གིས་༸གོང་ས་མཆོག་གིས་དེ་རིང་དང་སང་ཉིན། གནངས་བཅས་ཉིན་གྲངས་གསུམ་རིང་རྒྱ་རིགས་དད་ལྡན་གྲྭ་བཙུན་ཁག་གཅིག་ལ་དགེ་ཚུལ་སློང་གི་སྡོམ་པ་འབོགས་པར་མཛད་ཀྱི་ཡོད་དང་། དེ་རིང་གྲྭ་བཙུན་གྲངས་ ༧༦ དང་། སང་ཉིན་ ༧༦ གནངས་ཉིན་ ༥༤ བཅས་ཁྱོན་གྲྭ་བཙུན་ ༢༠༦ ཙམ་ལ་དགེ་ཚུལ་སློང་སྡོམ་པ་འབོགས་པར་མཛད་ཀྱི་ཡོད་པར་གསུངས་སོང་།

དེ་བཞིན་རིན་པོ་ཆེ་མཆོག་གིས་རྒྱ་རིགས་རྒྱལ་ཁབ་ཆེན་པོ་དེ་ཉིད་ལོ་རྒྱུས་ཀྱི་ཐོག་ནས་ནང་ཆོས་དང་འབྲེལ་བ་དམིགས་བསལ་བ་ཞིག་ཡོད་པ་དང་། ལྷག་དོན་དེང་སྐབས་རྒྱ་ནག་ནང་ནང་ཆོས་ལ་ཐུགས་སྣང་ཆེས་ཆེར་གནང་བཞིན་ཡོད་སྐོར་སོགས་གསུངས་ཡོད།

གཞི་རྩའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཚེས་ ༢༩ ནས་ ༣༡ བར་ཉིན་གསུམ་རིང་དཔལ་མགོན་འཕགས་པ་ཀླུ་གྲུབ་ཀྱིས་མཛད་པའི་ཆོས་དབྱིངས་བསྟོད་པའི་ཆོས་འབྲེལ་དང་འཇམ་དཔལ་དབྱངས་ཀྱི་རྗེས་གནང་བཀྲིན་སྩལ་རྒྱུ།

དེ་བཞིན་ཕྱི་ལོ་ ༢༠༢༤ ཟླ་ ༡ ཚེས་ ༡ ཉིན་ཕྱི་ལུགས་ལྟར་གནམ་ལོ་གསར་བཞེས་དང་བསྟུན། ཝཱ་རཱ་ཎ་སཱི་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དང་ཝཱ་རཱ་ཎ་སཱི་སློབ་ཟུར་ཐུན་མོང་། སྤེན་ཊ་ཆོལ་གསུམ་བོད་མིའི་གཞིས་ཆགས་དང་དཔལ་ཞྭ་ལུ་དགོན་པ། དེ་བཞིན་ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་དགེ་རྩ་ཚོགས་པ་དང་དགེ་ལྡན་སྤྱི་ལས་ཁང་བཅས་ཚོགས་པ་ཁག་གསུམ་གྱི་ཆར་གཏོགས་དད་ལྡན་རྣམས་པའི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸སྐུ་ཚེ་མི་འཇིག་རྡོ་རྗེ་འཆང་གི་ངོ་བོར་བརྟན་ཕྱིར་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུ་གཏན་ཁེལ་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།