Tibetan Royal Year of 2150 | Year of the Water Rabbit

རྩམ་པ་ཟ་མ་ཎི་གྲངས་བྱེད་མཁན་ཚང་མས་རྡོག་རྩ་ཆིག་སྒྲིལ་བྱེད་རྒྱུ་གལ་འགངས་ཆེན་པོ་ཡིན་པའི་ལམ་སྟོན་སྩལ་གནང་སོང་།

Tibetan News Headlines

  • Dalai Lama safely arrives in Dharamshala after two-months of stay in Mundgod
  • No Runoff Needed: Sikyong Election Ends in First Round as Penpa Tsering Wins Over 60% of the Vote
  • Exclusive : Sikyong on Restoration of U.S. Funding for Tibet and  Congressional Reference to ‘Tibetan Government-in-Exile’
  • Dharamsala Marks 113th Anniversary of 13th Dalai Lama’s Proclamation of Tibetan Independence
  • China Expands Military Presence in Tibetan Schools with On-Campus Training Program

ཪེས་གཟའ་པ་སངས། ༢༠༢༦།༠༢།༡༣

  • ༸གོང་ས་མཆོག་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད་གནང་མཛད་པ།
  • ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དངོས་གཞིའི་འོས་བསྡུ་མི་དགོས་པར་་སྲིད་སྐྱོང་གི་རྒྱལ་ཁ་ཐོབ་འདུག
  • སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཁྲོད་ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་འོས་བརྒྱ་ཆ་ ༦༠ བརྒལ་བར་སླར་ཡང་སྲིད་སྐྱོང་དུ་འོས་འདེམས་བྱུང་བ།
  • སྲིད་སྐྱོང་མཆོག་ལ་ཨ་རིའི་རོགས་དངུལ་བསྐྱར་གསོ་དང་གཏོང་ལེན་ཁྲིམས་ཡིག་ནང་བཙན་བྱོལ་བོད་གཞུང་ཞེས་བཀོད་པའི་གནད་འགག་སྐོར་བཅར་འདྲི་ཞུས་པ།
  • བཞུགས་སྒར་དུ་བོད་དངུལ་ངོ་སྤྲོད་བརྒྱུད་བོད་རང་བཙན་ཉིན་མོ་སྲུང་བརྩི་ཞུས་པ།
  • མལ་གྲོ་གུང་དཀར་སློབ་ཆུང་དུ་དམག་སྦྱོང་འཛིན་གྲྭ་བཙུགས་པ།

དཔལ་ས་སྐྱའི་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གིས་ཁ་སང་རྒྱལ་ས་ལྡི་ལིའི་ཁུལ་དུ་ཆོས་འབྲེལ་ཞིག་བཀྲིན་སྩལ་གནང་སྐབས།    ཆོས་ལུགས་ཀྱི་ཆ་ནས་ང་ཚོ་བོད་མི་ཚང་མ་སྟོན་པ་ཐུགས་རྗེ་ཆེན་པོའི་རྗེས་འཇུག་པ་གཅིག་པ་ཡིན་པ་མ་ཟད།   ལྷག་པར་མི་རིགས་ཀྱི་ཆ་ནས་ཀྱང་།    ང་ཚོ་ཚང་མ་རྩམ་པ་ཟ་མཁན།  ཆོས་ལུགས་དང་གོམས་གཤིས།   སྤྱོད་པ་བཅས་གཅིག་པ་དང་།  ཡང་སྒོས་ང་ཚོ་དམིགས་ཡུལ་གཅིག་ལ་བརྟེན་པའི་མི་རིགས་ཤིག་ཆགས་ཡོད་སྟབས།   ༸གོང་ས་༸སྐྱབས་མགོན་ཡིད་བཞིན་ནོར་བུ་མཆོག་གི་བཀའ་སློབ་ཁག་གི་སྙིང་པོ་དེ་ཡང་ཆིག་སྒྲིལ་བྱེད་དགོས་རྒྱུ་དེ་ཡིན་དུས།  མང་པོའི་བློ་མཐུན་པ་ཡིན་ན་ཉམ་ཆུང་གི་ཡང་དོན་ཆེན་འགྲུབ་ཟེར་བ་ལྟར།    བོད་མི་ཚང་མ་ཆིག་སྒྲིལ་བྱེད་རྒྱུ་དེ་གལ་འགངས་ཆེན་པོ་ཡིན་པ་སོགས་ཀྱི་ལམ་སྟོན་བཀའ་སྩལ་གནང་སོང་། 

Sakya Gongma Delhi

ས་སྐྱ་༸གོང་མ་རིན་པོ་མཆོག་གི་བཀའ་སློབ་དེ་ནི་ཁ་སང་རྒྱལ་ས་ལྡི་ལིའི་རོ་ཧི་ནི་བོད་ཕྲུག་ཁྱིམ་སྡེའི་གསོལ་འདེབས་ཞུས་པའི་ཚེ་དབང་གི་ཆོས་འབྲེལ་ཞིག་གི་སྐབས་བཀའ་རྩལ་བ་ཞིག་ཡིན་པ་དང་།   དེ་ཡང་བོད་ཕྲུག་ཁྱིམ་སྡེའི་སྒོ་རར་གོ་སྒྲིག་ཞུས་པའི་ཁ་སང་ཆོས་འབྲེལ་དེའི་སྐབས།   ལྡི་ལི་ཁུལ་གྱི་ས་ཕྱོགས་གང་ས་ནས་བོད་རིགས་དད་ལྡན་མི་གྲངས་བརྒྱ་ཕྲག་འགའ་ཤས་འདུ་འཛོམས་བྱུང་འདུག་པ་དང་།  སྐབས་དེར་དཔལ་ས་སྐྱའི་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གིས་བླ་མའི་རྣལ་འབྱོར་དང་འབྲེལ་བའི་གྲུབ་ཆེན་ཐང་སྟོང་རྒྱལ་པོའི་ཚེ་རིང་ལོ་བརྒྱ་མའི་ཚེ་དབང་བཀྲིན་སྩལ་གནང་མཛད་ཡོད་པ་རེད། 

Sakya Gongma Delhi

གཞི་རྩའི་དཔལ་ས་སྐྱའི་ ༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་ཉེ་ཆར་འབྲུག་རྒྱལ་ཁབ་ཏུ་ཆིབས་བསྒྱུར་གནང་སྟེ་རེས་གཟའ་ཕུར་བུ་ཕྱི་ཚེས་ ༡༨ ཉིན་རྒྱལ་ས་ལྡི་ལིར་ཆེད་ཕེབས་མཛད་པ་ཞིག་ཡིན་པ་དང་།  རྒྱལ་ས་ལྡི་ལིའི་གནམ་ཐང་དུ་ལྡི་ལི་ཁུལ་གྱི་བོད་མིའི་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་ཁག་གི་སྐུ་ཚབ་ནས་སྣེ་ལེན་ཕེབས་བསུ་ཞུས་ཡོད་པ་མ་ཟད།   ༸གོང་མ་རིན་པོ་ཆེ་མཆོག་རྒྱལ་ས་ལྡི་ལིར་ཉིན་གྲངས་གཉིས་རིང་རོ་ཧི་ནི་བོད་ཕྲུག་ཁྱིམ་སྡེའི་སྡོད་ཁང་དུ་བཞུགས་བཞག་མཛད་དེ།   དེ་རིང་ཕྱིར་མ་མགོན་རྡེ་ར་རྡུན་ཁུལ་དུ་ཕྱིར་ཕེབས་མཛད་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།