Tibetan Royal Year of 2151 | Year of the Wood Dragon

ལས་བྱེད་འདེམས་ལྷན་ཚོགས་གཙོ་དང་སྤྱི་ཁྱབ་རྩིས་ཞིབ་འགན་འཛིན་རྣམ་གཉིས་ནས་དམ་འབུལ་ཞུས་པ།

Tibetan News Headlines

  • Tibetan parliament to resume tomorrow after safety assurance from Security Department
  • French museums have yet to provide any assurance after succumbing to pressure from China- replacing ‘Tibet’ with ‘Xizang’
  • Preliminary prayer service for the Dalai Lama’s long life begins in Dharamshala
  • China promotes third plenary session of the 20th national congress across Tibet
  • Chinese students are undermining academic freedom at UK universities

རེས་གཟའ་ཟླ་བ། ༢༠༢༤།༠༩།༡༦

  • བདེ་སྲུང་ལས་ཁུངས་ཀྱིས་སྤྱི་འཐུས་རྣམ་པའི་བདེ་འཇགས་ཐད་འགན་ཁུར་བཞེས་རྒྱུའི་ཁས་ལེན་ཐོག་སང་ཉིན་གྲོས་ཚོགས་རྒྱུན་སྐྱོང་གནང་གི་རེད་ཅེས་གསུངས་སོང་།
  • རྒྱ་གཞུང་གིས་ལོ་རྒྱུས་བསྐྱར་བྲིས་དང་མི་རིགས་རྩ་གཏོར་གྱི་བྱ་སྤྱོད་ལ་རམ་འདེམས་བྱེད་མཁན་ཧྥ་རན་སི་འགྲེམ་སྟོན་ཁང་ལ་ཁ་གཏད་གཅོག་ཐབས་ཀྱིས་ལས་འགུལ་སྤེལ་བཞིན་པ།
  • བཞུགས་སྒར་དུ་བརྟན་བཞུགས་ཀྱི་སྒྲུབ་ཞག་འཚོགས་བཞིན་པ།
  • རྒྱ་གཞུང་གིས་བོད་ས་གང་སར་སྐབས་ ༢༠ པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དྲིལ་བསྒྲགས་ཤུགས་ཆེ་བྱེད་བཞིན་འདུག
  • རྒྱ་རིགས་སློབ་མ་ཚོས་དབྱིན་ཡུལ་སློབ་ཆེན་ཁག་གི་ཤེས་ཡོན་རང་དབང་ལ་དོ་ཕོག་གཏོང་བཞིན་ཡོད་པ་གསུངས་འདུག

དེ་རིང་ཕྱི་ཟླ་ ༨ ཚེས་ ༣༠ ཉིན་གྱི་སྔ་དྲོ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གི་དྲུང་ནས་བཀའ་ཟུར་ཀརྨ་ཡེ་ཤེས་མཆོག་བོད་མིའི་སྒྲིག་འཛུགས་ལས་བྱེད་འདེམས་ལྷན་ཚོགས་གཙོ་དང་། བོད་ཁྱིམ་ཚོང་འབྲེལ་སྡེ་ཚན་གྱི་འགན་འཛིན་ལྷག་པ་རྒྱལ་མཚན་ལགས་སྤྱི་ཁྱབ་རྩིས་ཞིབ་པའི་ལས་ཁུར་གྱི་དམ་འབུལ་ཞུས་སོང་།

CTA New Appointees

དེ་ཡང་དམ་འབུལ་མཛད་སྒོའི་ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་དབུས་པའི་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་རྒྱུན་ལས་རྣམ་པ་བཅས་ལྷན་འཛོམས་ཀྱི་ཐོག་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་བརྒྱ་དང་གཅིག ནང་གསེས་ ༣ པ། “ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ་དང་ཚོགས་མི་ལས་འཁུར་དུ་མ་ཞུགས་གོང་ཁྲིམས་ལུགས་སུ་གཏན་འབེབས་བྱས་པའི་ཚིག་གཞི་ལྟར་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བའི་མདུན་ནམ། ཁྲིམས་ཞིབ་པ་ཆེ་བ་མེད་ཚེ་སྤྱི་འཐུས་ཚོགས་གཙོའི་མདུན་དམ་བཅའམ། ཁས་ལེན་བྱེད་དགོས།” ཞེས་པའི་དགོངས་དོན་ལྟར། ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གི་དྲུང་ནས་བཀའ་ཟུར་ཀརྨ་ཡེ་ཤེས་མཆོག་གིས་བོད་མིའི་སྒྲིག་འཛུགས་ལས་བྱེད་འདེམས་ལྷན་ཚོགས་གཙོའི་དམ་འབུལ་ཞུས་པ་མ་ཟད། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་བརྒྱ་དང་བདུན། ནང་གསེས་ ༢ པ། “སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་རྩིས་ཞིབ་སྤྱི་ཁྱབ་པ་ལས་འཁུར་དུ་མ་ཞུགས་གོང་ཁྲིམས་ལུགས་སུ་གཏན་འབེབས་བྱས་པའི་ཚིག་གཞི་ལྟར་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བའི་མདུན་ནམ། ཁྲིམས་ཞིབ་པ་ཆེ་བ་མེད་ཚེ་སྤྱི་འཐུས་ཚོགས་གཙོའི་མདུན་ལས་འཁུར་དང་གསང་རྒྱའི་དམ་བཅའམ། ཁས་ལེན་བྱེད་དགོས།” ཞེས་པའི་དགོངས་དོན་ལྟར།  ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གི་དྲུང་ནས་བོད་ཁྱིམ་ཚོང་འབྲེལ་སྡེ་ཚན་གྱི་འགན་འཛིན་ལྷག་པ་རྒྱལ་མཚན་ལགས་ཀྱིས་སྤྱི་ཁྱབ་རྩིས་ཞིབ་པའི་ལས་ཁུར་གྱི་དམ་འབུལ་ཞུས་སོང་།

Karma Yeshi
Karma Yeshi

གཞི་རྩའི་ཟླ་འདིའི་ཚེས་ ༢༦ ཉིན་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་རྒྱུན་ལས་ལྷན་ཚོགས་ཐེངས་ ༡༦༢ པའི་ཐོག་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་བཀའ་ཟུར་ཀརྨ་ཡེ་ཤེས་མཆོག་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ་དང་བོད་ཁྱིམ་ཚོང་འབྲེལ་སྡེ་ཚན་གྱི་འགན་འཛིན་ལྷག་པ་རྒྱལ་མཚན་ལགས་རྩིས་ཞིབ་སྤྱི་ཁྱབ་འགན་འཛིན་དུ་བདམས་ཐོན་བསྐོ་གཞག་གི་གསལ་བསྒྲགས་གནང་ཡོད།

ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ་ཀརྨ་ཡེ་ཤེས་ལགས་ནི་ཕྱི་ལོ་ ༡༩༦༥ ལོར་སྐྱེས་ཤིང་། ཌལ་ཧོར་བོད་གཞུང་གཏན་སློབ་དང་ཅན་རྡི་སྒར་པཎ་ཇབ་གཙུག་ལག་སློབ་གཉེར་ཁང་ནས་བསླབ་པ་མཐར་སོན་བྱུང་རྗེས། ཕྱི་ལོ་ ༡༩༩༥ ནས་ལོ་དྲུག་རིང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཚོགས་གཞོན་སྐབས་གཉིས་གནང་བའི་རིང་བོད་དོན་སླད་གོམ་བགྲོད་དང་། རྔམ་སྟོན་ཁྲོམ་སྐོར། ཟས་བཅད་ངོ་རྒོལ་སོགས་འཚེ་མེད་ཞི་བའི་ལས་འགུལ་མང་པོའི་ནང་དངོས་སུ་མཉམ་ཞུགས་དང་འགན་འཁུར་ཡང་བླངས་ཡོད། ཕྱི་ལོ་ ༢༠༠༣ ནས་ཕྱི་ལོ་ ༢༠༡༡ བར་ལོ་ངོ་བརྒྱད་ལྷག་འདི་ག་ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་འགན་འཛིན་གནང་མྱོང་བ་མ་ཟད། ཕྱི་ལོ་ ༢༠༠༤ ནས་བོད་མི་མང་དབུས་གཙང་སྤྱི་འཐུས་སྐབས་གསུམ་རིང་གནང་བ་དང་། ཕྱི་ལོ་ ༢༠༡༦ ནས་ ༢༠༢༡ བར་སྐབས་བཅོ་ལྔ་པའི་བཀའ་ཤག་གི་དཔལ་འབྱོར་བཀའ་བློན་གྱི་ལས་ཁུར་བཞེས་མྱོང་ཡོད་པ་རེད།

Lhakpa Gyaltsen
Lhakpa Gyaltsen

དེ་བཞིན་སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་ལྷག་པ་རྒྱལ་མཚན་ལགས་ཕྱི་ལོ་ ༡༩༦༢ ལོར་སྐྱེས་ཤིང་། ཕྱི་ལོ་ ༡༩༨༥ ལོར་རྩིས་ཀྱི་མཐོ་སློབ་ཐོན། ཕྱི་ལོ་ ༡༩༨༥ ནས་ ༡༩༩༡ བར་རྩིས་ཞིབ་ལས་ཁུངས་ནང་རྩིས་ཞིབ་པའི་ལས་ཁུར་ཞུས། ༡༩༩༡ ནས་ ༡༩༩༦ བར་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་ནང་རྩིས་པ་དང་ལས་ཁུངས་དོ་དམ་པའི་ལས་ཁུར་དང་། ༡༩༩༦ ནས་ ༢༠༠༠ བར་ཆོད་གན་ཐོག་བལ་ཡུལ་རྩིས་ཞིབ་ཡན་ལག་ལས་ཁུངས་ཀྱི་འགན་འཛིན་ལས་ཁུར་ཞུས། ཕྱི་ལོ་ ༢༠༠༡ སྒེར་གྱི་རྩིས་ལས་ཁང་ “དེང་དུས་རྩིས་དང་རྩིས་ལས་ཁང་།” ཞེས་པ་འགོ་འཛུགས་ཞུས་པ་དང་སྦྲགས། རྩིས་ཞིབ་ལས་ཁང་གི་བཀའ་དགོངས་བཞིན་གན་རྒྱའི་ཐོག་ཤེས་རིག་ཐད་འཛིན་སློབ་གྲྭ་ཁག་དང་། བོད་ཕྲུག་ཁྱིམ་སྡེ་ཡན་ལག་སློབ་གྲྭ་ཁག་གི་རྩིས་ཞིབ་དང་། བོད་གཞུང་ནང་སྲིད་ཁྱབ་ཁོངས་རྒྱ་གར་བྱང་ཤར་ཁུལ་གྱི་གཞིས་ལས་ཁག་ཅིག་གི་རྩིས་ཞིབ་འགན་འཁུར་ཞུས། ཕྱི་ལོ་ ༢༠༠༢ ནས་ ༢༠༠༤ བར་བོད་གཞུང་ནང་སྲིད་ལྷན་ཁང་གི་བཀའ་དགོངས་བཞིན་ཆོད་གན་ཐོག་རྩིས་དཔོན་གྱི་ལས་ཁུར་དང་། ཕྱི་ལོ་ ༢༠༡༤ ནས་བཟུང་བོད་ཕྲུག་ཁྱིམ་སྡེའི་ནང་ལས་ཞུགས་ཀྱིས་བོད་ཁྱིམ་ཚོང་འབྲེལ་སྡེ་ཚན་གྱི་འགན་འཛིན་ལས་ཁུར་ཞུས་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།