Tibetan Royal Year of 2151 | Year of the Wood Dragon

ལྡི་ལི་རོ་ཧི་ནི་བོད་ཕྲུག་ཁྱིམ་སྡེར་བོད་ཀྱི་ཉིན་མོ་དུས་སྟོན་ཚོགས་པ།

Tibetan News Headlines

  • Sikyong Penpa Tsering meets President Macron, gifts autographed photo of the Dalai Lama with French leader
  • Tibetans inside and outside Tibet mark Calligraphy Day
  • Derge protests put dams back on the agenda: Rights group calls for transparency of Dam construction plans in Tibet
  • Mexico legislators and friends of Tibet gather to strategize and reaffirm commitment to Tibet’s rights
  • Sarah College for Higher Tibetan Studies holds 23rd graduation ceremony

རེས་གཟའ་ལྷག་པ། ༢༠༢༤།༠༥།༠༡

  • སྲིད་སྐྱོང་མཆོག་གིས་ཕ་རན་སིའི་སྲིད་འཛིན་ལྷན་དུ་མཇལ་འཕྲད་གནང་འདུག
  • བོད་གཞིས་བྱེས་གཉིས་སུ་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་ཉིན་མོ་སྲུང་བརྩི་ཟབ་རྒྱས་ཞུས་པ།
  • རྒྱ་གཞུང་གི་ཆུ་མཛོད་གསར་རྒྱག་གི་ལས་གཞི་ཐད་ཕྱི་གསལ་ནང་གསལ་དགོས་པའི་འབོད་སྐུལ།
  • Mexico ནང་དུ་མ་འོངས་བོད་དོན་རྒྱབ་སྐྱོར་གྱི་ལས་དོན་སྤེལ་ཕྱོགས་སྐོར་ཚོགས་འདུ་ཚོགས་པ།
  • རྡ་ས་རིགས་སློབ་མ་ལག་གཉིས་ཀྱི་སློབ་ཐོན་མཛད་སྒོ་ཚོགས་པ།

ཁ་སང་ཟླ་ ༢ ཚེས་ ༡༢ ཉིན་ལྡི་ལི་རོ་ཧི་ནི་བོད་ཕྲུག་ཁྱིམ་སྡེའི་སྡོད་ཁང་དུ་བོད་པའི་མཐོ་རིམ་སློབ་མ་ཚོས་གུང་སེང་གི་དུས་ཚོད་དང་བསྟུན་ཏེ་བོད་ཀྱི་ཉིན་མོ་ཞེས་པའི་དུས་སྟོན་ཞིག་ཚོགས་གནང་ཡོད་པ་དང་། དུས་སྟོན་དེའི་ཐོག་བོད་ཀྱི་འདྲ་པར་འགྲེམས་སྟོན། བོད་པའི་ཟས་རིགས་འདྲ་མིན་སྒྲིག་གཤོམ་དང་རིག་གཞུང་འཁྲབ་སྟོན་སོགས་གནང་པ་མ་ཟད། རྩེད་རིགས་ཁག་ཅིག་ཀྱང་གོ་སྒྲིག་གནང་འདུག
བོད་ཀྱི་ཉིན་མོའི་དུས་སྟོན་དེ་ནི་རོ་ཧི་ནི་བོད་ཕྲུག་ཁྱིམ་སྡེའི་སློབ་ཕྲུག་ཚོགས་ཆུང་གིས་གོ་སྒྲིག་ཞུས་པ་ཞིག་ཡིན་ཞིང་། དུས་སྟོན་དེ་ལྟར་གནང་པའི་དགོས་དམིགས་གཙོ་བོ་ནི་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ཁུལ་དུ་ཡོད་པའི་རྒྱ་གར་བ་ཚོས་གཙོས་པའི་་ཕྱི་རྒྱལ་གྱི་སློབ་ཕྲུག་ཚོར་བོད་དོན་ངོ་སྤྲོད་ཡོང་ཐབས་ཤིག་རེད་འདུག།
བོད་ཀྱི་དུས་སྟོན་དེའི་དམིགས་ཡུལ་ལྟར་རྒྱ་གར་སློབ་ཕྲུག་ཚོས་བོད་དོན་ལ་དོ་སྣང་ཡོང་བར་གཙོ་བོ་པར་གྱི་འགྲེམས་སྟོན་དེ་ཆགས་ཀྱི་འདུག་པ་དང་། དེའང་བོད་ཀྱི་ལོ་རྒྱུས་མཁས་དབང་སྐུ་ཞབས་ Claude Arpi ལགས་ཀྱིས་ཕྱོགས་བསྒྲིགས་གནང་པའི་འགྲེམས་སྟོན་དེའི་ཁོངས་སུ་བོད་ལ་ཐོག་མར་ནང་ཆོས་དར་ཚུལ་ནས་ད་ལྟ་བར་རྒྱ་གར་ནང་༸གོང་ས་མཆོག་གིས་རླབས་ཆེའི་མཛད་འཕྲིན་བསྐྱངས་དང་སྐྱོང་བཞིན་པའི་མཛད་འཕྲིན་ཁག་གཙོས། རྒྱ་གར་དང་བོད་ཀྱི་འབྲེལ་བའི་གནས་སྟངས་ཆ་ཚང་བ་ཞིག་ཡིག་ཐོག་འགྲེལ་བརྗོད་འཁོད་པའི་པར་སྒྲིག་གཤོམ་དང་། བོད་ཀྱི་ལོ་རྒྱུས་དང་ནང་ཆོས་སོགས་ཀྱི་དཔེ་དེབ་འགྲེམས་ཚོང་གནང་པ་མ་ཟད། རིག་གཞུང་འཁྲབ་སྟོན་དང་དེ་བཞིན་བོད་པའི་ཟས་རིགས་འདྲ་མིན་སྒྲིག་གཤོམ་བཅས་ཀྱང་གོ་སྒྲིག་གནང་འདུག།
གཞི་རྩའི་ལྡི་ལི་རོ་ཧི་ནི་བོད་ཕྲུག་ཁྱིམ་སྡེ་དེ་ནི་ཕྱི་ལོ་ ༡༩༩༡ ལོར་བོད་ཕྲུག་ཁྱིམ་སྡེའི་ངོས་ནས་གསར་འཛུགས་གནང་པའི་བོད་པའི་མཐོ་རིམ་སློབ་མའི་སྡོད་ཁང་ཞིག་དང་། ད་ལྟའི་ཆར་སྡོད་ཁང་དེའི་ནང་ལྡི་ལིའི་མཐོ་སློབ་འདྲ་མིན་ནང་སྐྱོད་བཞིན་པའི་བོད་རིགས་སློབ་མ་ ༢༩༢ བཞུགས་ཀྱི་ཡོད་པ་རེད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།