ལྷོ་བྲག་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་མཆོག་སྐུ་བལྟམས་ནས་ལོ་ངོ་ ༧༠༠ འཁོར་བའི་བཀའ་དྲིན་རྗེས་དྲན་གྱི་དུས་དྲན་འཚོགས་པ།

Tibetan News Headlines

  • Snowland Forum 2026 Opens in Taipei to Examine China’s Ethnic-Unity Law
  • Tibetan Activist Begins Peace March from Amsterdam to UN in Geneva to Restore Independence
  • BTSM Launches 15th Tawang Tirth Yatra in Guwahati as Part of Tibet Awareness Campaign
  • Bicycle Rental and Tour Guide Initiative Launched in Kollegal Dhondenling to Boost Eco-Tourism
  • Tibetan Art Curriculum ‘Understanding Zo-Rigpa’ Launched in Dharamsala
  • Nepal PM Balendra Shah Arrives in New Delhi for First Bilateral Visit, Talks with Modi

ཪེས་གཟའ་ཟླ་བ། ༢༠༢༦།༡༡།༢༣

  • འདི་ལོའི་གངས་ལྗོངས་གླེང་སྟེགས་ཐོག་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་དེར་ཐུན་མོང་གིས་གདོང་ལེན་གནང་ཕྱོགས་དང་འབྲེལ་བགྲོ་གླེང་།
  • བོད་རང་བཙན་སླར་གསོའི་ཆེད་དུ་གོམ་བགྲོད་ལས་འགུལ་འགོ་འཛུགས་གནང་འདུག
  • ཆོས་རིག་བཀའ་བློན་དབུ་བཞུགས་ཐོག་རྟ་དབང་གནས་སྐོར་ཐེངས་བཅོ་ལྔ་པ་དབུ་འཛུགས།
  • ཀོ་ལེ་གྷལ་དོན་ལྡན་གླིང་ནང་རྐང་འཁོར་གླ་གཡར་དང་ཡུལ་སྐོར་སྣེ་ཁྲིད་ཀྱི་ལས་གཞི་དབུ་འབྱེད།
  • བཟོ་རིག་པར་གོ་རྟོགས། མཐོང་རྒྱ་དང་གསར་གཏོད་ཀྱི་གདན་ཞུ། ཞེས་པའི་བཟོ་རིག་སྒྱུ་རྩལ་གྱི་བསླབ་གཞི་དཔེ་དེབ་ཅིག་དབུ་འབྱེད།
  • བལ་ཡུལ་གྱི་སྲིད་བློན་བྷ་ལེནྡྲ་ཤཱ་ཡི་རྒྱ་གར་དུ་ཐེངས་དང་པོའི་གཞུང་འབྲེལ་འཚམས་གཟིགས་དབུ་འཛུགས།

དེ་རིང་བཞུགས་སྒར་དུ་ལྷོ་བྲག་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་མཆོག་སྐུ་བལྟམས་ནས་ལོ་ངོ་ ༧༠༠ འཁོར་བའི་བཀའ་དྲིན་རྗེས་དྲན་གྱི་མཛད་སྒོ་ཞིག་གོ་སྒྲིག་ཞུས་སོང་།

དེ་ཡང་བཀའ་དྲིན་རྗེས་དྲན་གྱི་མཛད་སྒོའི་ཚོགས་མགོན་དུ་༸སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་དང་འབྲས་སྤུངས་ཁྲི་ཚབ་རྒྱུད་སྟོད་མཁན་ཟུར་༸སྐྱབས་རྗེ་སྟོབས་ལྡན་རིན་པོ་ཆེ་མཆོག ༸སྐྱབས་རྗེ་འཁྲུལ་ཞིག་མཆོག་སྤྲུལ་རིན་པོ་ཆེ་མཆོག སླེ་ལུང་རིན་པོ་ཆེ་མཆོག རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་དྲུང་ཆེ་དགའ་ལྡན་ཤར་རྩེ་མཁན་རིན་པོ་ཆེ་བྱང་ཆུབ་སངས་རྒྱས་མཆོག རིས་སུ་མ་མཆིས་པའི་བསྟན་བདག་བླ་ཆེན་རྣམ་པའི་སྐུ་ཚབ་དང་། བོད་མིའི་སྒྲིག་འཛུགས་མང་གཙོ་ཀ་བ་གསུམ་དང་རང་དབང་ཅན་སྡེ་ཚན་གྱི་མཛད་གཙོ་རྣམ་པ། དགའ་ལྡན་ཕོ་བྲང་གི་དྲུང་ཆེ་རྔ་བ་ཚེ་རྒྱམ་ལགས། དེ་བཞིན་ཕྱོགས་མཐའ་ཁག་ནས་ཕེབས་པའི་ཚོགས་བཅར་བ་སོགས་མི་གྲངས་ ༢༠༠ ལྷག་ལྷན་ཞུགས་གནང་འདུག

རྩ་བའི་ལྷོ་བྲག་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་མཆོག་ནི། ཕྱི་ལོ་ ༡༣༢༦ ལོར་ཤུད་ཕུའི་རིགས་སུ་སྐུ་འཁྲུངས་ཤིང་། དགུང་ལོ་བདུན་ལ་ཕེབས་སྐབས་ཁུ་བོ་མཁན་ཆེན་རྒྱལ་སྲས་བཟང་པོའི་དྲུང་ནས་དགེ་བསྙེན་གྱི་སྡོམ་པ་བཞེས། རིམ་པས་ཁུ་བོ་དེ་ཉིད་ཀྱི་དྲུང་ནས་རབ་ཏུ་བྱུང་ཞིང་དགེ་ཚུལ་གྱི་སྡོམ་པ་བཞེས། རིམ་པའི་བསྙེན་རྫོགས་དང་དགེ་བའི་བཤེས་གཉེན་དུ་མའི་དྲུང་ནས་ཆོས་གསན་པར་དགུང་ལོ་བདུན་བཅུ་ལ་ཕེབས་སྐབས་དགུང་ལོ་སོ་བདུན་ཕེབས་པའི་རྗེ་ཙོང་ཁ་པ་ཆེན་པོ་དང་མཇལ་འཕྲད་བྱུང་སྟེ། རྗེ་བདག་ཉིད་ཆེན་པོ་ལ་བླ་མའི་རྣལ་འབྱོར་གྱི་གདམས་པ་སྩལ་བ་དང་། རྗེ་བདག་ཉིད་ཆེན་པོའི་དྲུང་ནས་བསླབ་བཏུས་ཞུས། ལྷག་པར་གྲུབ་ཆེན་ཁོང་ནི་བཀའ་གདམས་གཞུང་པ་བ་དང་མན་ངག་པ། ལམ་རིམ་པ་བཅས་བརྒྱུད་པ་གསུམ་ཀྱི་མན་ངག་ལ་ཉམས་བཞེས་མཛད་མཁན་ཞིག་ཡིན་པ་མ་ཟད། གསང་བདག་སྙན་བརྒྱུད་ཀྱི་གདམས་པ་སྩལ་ནས་དུས་ད་ལྟའང་བོད་ཀྱི་ཆོས་བརྒྱུད་ཆེན་པོ་རྣམ་པས་ཉམས་བཞེས་གནང་བཞིན་ཡོད་པ་རེད། མཐར་ཕྱི་ལོ་ ༡༤༠༡ ལོར་སྐུ་ཞི་བར་གཤེགས་ཏེ། རིམ་པས་སྐུ་ཕྲེང་རིམ་བྱོན་ཕེབས་ནས་ད་ལྟ་སྐུ་ཕྲེང་བཅུ་གཅིག་པ་༸སྐྱབས་རྗེ་སླེ་ལུང་རིན་པོ་ཆེ་མཆོག་ཡིན་པ་རེད། ཁོང་ནི་ཕྱི་ལོ་ ༡༩༧༠ ལོར་སྐུ་འཁྲུངས་ཤིང་། ཕྱི་ལི་ ༡༩༨༤ ལོར་དགུང་ལོ་ ༡༤ ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སླེ་ལུང་སྐུ་ཕྲེང་བཅུ་པ་སླེ་ལུང་ཐུབ་བསྟན་ལུང་རྟོགས་ཆོས་ཀྱི་དབང་ཕྱུག་ ༼༡༩༠༩-༡༩༦༢༽ གི་ཡང་སྲིད་དུ་ངོས་འཛིན་མཛད།

དེ་རིང་གི་མཛད་སྒོར་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་རྔ་བ་ཚེ་རྒྱམ་ལགས་ཀྱིས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གསུང་འཕྲིན་སྒྲོགས་སྦྱང་གནང་བའི་ཁྲོད། མགོན་པོ་༸གང་ཉིད་མཆོག་གིས། གྲུབ་ཆེན་དང་རྗེ་ཙོང་ཁ་པ་བློ་བཟང་གྲགས་པ་རྣམ་གཉིས་ཕན་ཚུན་བླ་སློབ་དུ་འབྲེལ་བ་སོགས་བོད་གངས་ཅན་ལྗོངས་སུ་བསྟན་འགྲོའི་དོན་རླབས་ཆེན་མཛད་པས་བཀའ་དྲིན་བླ་ལྷག་ཏུ་ཆེ་བ་ཞིག་ཡིན་ཞིང་། ད་ལམ་གྲུབ་ཆེན་སྐུ་བལྟམས་ནས་མི་ལོ་ ༧༠༠ སོང་བའི་དུས་ཆེན་ཁྱད་པར་ཅན་དང་བསྟུན། སླེ་ལུང་སྤྲུལ་སྐུ་ནས་བཀའ་འབུམ་དཔར་སྐྲུན་དང་འབྲེལ་དུས་ཆེན་སྲུང་བརྩི་རྒྱ་ཆེར་ཞུ་བཞིན་ཡོད་པར་འབྲེལ་ཡོད་ཡོངས་ལ་འཚམས་འདྲི་དང་། བླ་མའི་བྱིན་རླབས་སེམས་ལ་འཇུག་ཅིང་འགྲོ་དོན་འཕེལ་བའི་ཐུགས་སྨོན་མཚམས་སྦྱོར་མཛད་འདུག

དེའི་རྗེས་དཔལ་ས་སྐྱ་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་གསུང་འཕྲིན་དང་། ༸དགའ་ལྡན་ཁྲི་རིན་པོ་ཆེའི་གསུང་འཕྲིན། ༸སྐྱབས་རྗེ་སྨིན་གླིང་མཁན་ཆེན་རིན་པོ་ཆེའི་གསུང་འཕྲིན་བཅས་སྐུ་ཚབ་རྣམ་པས་སྒྲོགས་སྦྱང་གནང་སོང་།

༸སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས། ལྷོ་བྲག་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་མཆོག་ནི་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་ཁྱད་པར་དུ་རི་བོ་དགེ་ལྡན་པའི་བསྟན་པར་བཀའ་དྲིན་ཆེན་པོ་ཡིན་པར་གོ་སྒྲིག་གནང་མཁན་སླེ་ལུང་རིན་པོ་ཆེ་དབུས་པའི་འབྲེལ་ཡོད་ཡོངས་ལ་འཚམས་འདྲི་དང་རྗེས་སུ་ཡི་རངས་ཡོད་ཅེས་གསུངས་སོང་། ལྷག་པར་རྗེ་ཙོང་ཁ་པ་བློ་བཟང་གྲགས་པ་དབུ་མའི་གཞུང་ལ་སློབ་གཉེར་མཛད་སྐབས་ཐུགས་དོགས་བྱུང་བ་རྣམས་སེལ་ཆེད་རྒྱ་གར་དུ་ཕེབས་འཆར་གྱིས་ལམ་བར་དུ་ལྷོ་བྲག་ཏུ་ཕེབས་སྐབས་གྲུབ་ཆེན་མཆོག་དང་མཇལ་འཕྲད་ཀྱིས་ལྷོ་བྲག་ཏུ་ཟླ་བ་བདུན་བཞུགས་ཡོད་པ་དང་། རིམ་པས་ལྟ་བའི་གནད་ལ་དོགས་གཅོད་ཐུབ་པ་བྱུང་ཡོད་པ་དང་འབྲེལ། དེ་བྱུང་རིག་པའི་ཐབས་ལམ་གྱི་ཐོག་ནས་ལོ་དུས་སོགས་ཁ་གསལ་ཡོང་ཐབས་སུ་ཉམས་ཞིབ་གནང་དགོས་གལ་ཆེ་བ་སོགས་གསུངས་སོང་།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཆེ་རིང་མཆོག་གིས། བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་དེ་དག་གི་བཀའ་གསུང་རྣམས་ཉམས་ལེན་གནང་གལ་ཆེ་བ་དང་འབྲེལ། བོད་ཀྱི་ལོ་རྒྱུས་ཐོག་ནས་གནད་འགག་ཅིག་ཆགས་ཀྱི་ཡོད་པ་དང་། ལྷག་པར་བོད་ཀྱི་རིག་གཞུང་དེ་དག་མེད་པ་བཟོ་ཐབས་སུ་རྒྱ་གཞུང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཟེར་བའི་ཁྲིམས་ཡིག་འོག་རྩ་གཏོར་གཏོང་ཐབས་ཀྱི་འབད་བརྩོན་བྱེད་བཞིན་པ་མ་ཟད། ཁྲིམས་ཡིག་དེའི་བརྒྱུད་ནས་རྒྱ་ནག་ཕྱི་ལ་ཡོད་པའི་བོད་མི་དང་སོག་པོ་སོགས་རྒྱ་ནག་ལ་སྐྱོན་བརྗོད་བྱེད་མཁན་རྣམས་ལའང་ཉེན་ཁ་ཡོད་པར་བརྟེན། ཁྲིམས་ཡིག་དེར་ངོས་ལེན་མེད་པའི་ཆེད་དུ་སྐབས་ ༡༧ པའི་གྲོས་ཚོགས་ཚོགས་དུས་མཐའ་མའི་ཐོག་གྲོས་ཆོད་གཏན་འབེབས་བྱུང་བ་གཞིར་བཟུང་ཁྲིམས་དང་བཟང་སྤྱོད་ཀྱི་ཐོག་ནས་འགལ་གྱི་ཡོད་པ་སོགས་གསུངས་སོང་།

སྤྱི་འཐུས་ཚོགས་གཙོ་བཀྲས་ཁང་སྒྲོལ་མཚེ་རིང་མཆོག་གིས་གསུང་བཤད་ཁྲོད། དེ་རིང་གི་ཉི་མོ་དང་འབྲེལ་ནས་མི་ལོ་ ༧༠༠ རིང་གི་ལོ་རྒྱུས་ལྡན་པའི་རིག་གཞུང་མི་ཉམས་པར་གནས་པ་དེ་ནི་བོད་མི་རིགས་ཀྱི་གཟི་བརྗིད་ཅིག་ཡིན་པ་དང་། གྲུབ་ཆེན་ཁོང་གིས་གསུང་འབུམ་ལ་སློབ་གཉེར་གནང་གལ་ཆེ་བ་མ་ཟད། རྒྱ་ནག་གི་དེ་རིང་ནས་བཟུང་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་ཟེར་བ་ལག་བསྟར་བྱེད་འགོ་བཙུགས་ཀྱི་ཡོད་པ་དང་འབྲེལ་ནས་རྒྱ་ནག་ལ་སྐྱོན་བརྗོད་ཐོག བཙན་བྱོལ་ནང་དུ་ཡོད་པའི་བོད་མི་རྣམས་ནས་རང་མི་རིགས་ཀྱི་རིག་གཞུང་མི་ཉམས་རྒྱུན་འཛིན་གནང་གལ་ཆེ་བ་དང་། ལྷག་པར་ཕ་མ་རྣམས་ནས་རང་ཉིད་བུ་ཕྲུག་རྣམས་འཕྲོ་བརླག་ཏུ་མ་སོང་བར་གསོ་སྐྱོང་ཡག་པོ་གནང་དགོས་ཤིང་། རྒྱལ་ཁབ་དང་མི་རིགས་ཀྱིས་བསྐུར་བའི་ལས་འགན་འདི་འཁུར་རོགས་གནང་ཞེས་འབོད་སྐུལ་ནན་པོ་གནང་སོང་།

དེ་རིང་གི་མཛད་སྒོའི་ཐོག་བྱང་རྩེ་ཆོས་རྗེ་སྒོ་སོག་རིན་པོ་ཆེ་མཆོག་དང་འབྲས་སྤུངས་ཁྲི་ཚབ་རྒྱུད་སྟོད་མཁན་ཟུར་རྟོགས་ལྡན་རིན་པོ་ཆེ་མཆོག སོག་པོའི་སྐུ་ཚབ་མཁན་ཟུར་སྣང་མཛད་རྡོ་རྗེ་མཆོག དགེ་བཤེས་ནོར་བཟང་མཆོག དགེ་བཤེས་བེ་རི་འཇིགས་མེད་དབང་རྒྱལ་མཆོག་བཅས་ནས་ལྷོ་བྲག་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་ནམ་གྲུབ་ཆེན་ལས་ཀྱི་རྡོ་རྗེའི་རྣམ་ཐར་དང་འབྲེལ་ནས་གསང་བདག་སྙན་བརྒྱུད་ཀྱི་གདམས་པའི་ཁྱབ་ཚད་སོགས་ཀྱི་མཛད་འཕྲིན་སྐོར་ལ་གསུང་བཤད་གནང་བ་མ་ཟད། རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་དྲུང་ཆེ་དགའ་ལྡན་ཤར་རྩེ་མཁན་རིན་པོ་ཆེ་བྱང་ཆུབ་སངས་རྒྱས་རིན་པོ་ཆེ་མཆོག་གིས། ལྷོ་བྲག་གྲུབ་ཆེན་ཁོང་གི་ད་ལྟའི་སྐུ་སྐྱེ་ཕྲེང་ ༡༡ པ་སླེ་ལུང་བསྟན་འཛིན་ཕུན་ཚོགས་བློ་ལྡན་རིན་པོ་ཆེ་མཆོག་གིས་ངོས་ནས་བསྟན་འགྲོའི་དོན་དུ་དགོངས་པ་རྒྱ་ཆེར་བཞེས་བཞིན་པར་ད་དུང་ཡང་དེ་ལྟར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་གནང་སོང་།

གཞན་ཡང་ལྷོ་བྲག་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་རིན་པོ་ཆེའི་རྣམས་ཐར་འགུལ་བརྙན་གྱི་ལམ་ནས་གཟིགས་འབུལ་ཞུས་པ་མ་ཟད། ཉིན་རྒྱབ་༸རྒྱལ་བའི་གོ་སྟོན་དང་གྲུབ་ཆེན་ཁོང་འཁྲུངས་ནས་ལོ་ངོ་ ༧༠༠ འཁོར་བའི་དུས་དྲན་སྲུང་བརྩིའི་ཆེད་ལྷ་མོའི་འཁྲབ་སྟོན་སོགས་གནང་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།