Tibetan Royal Year of 2151 | Year of the Wood Dragon

  ཡུལ་ཤུལ་ཁུལ་དུ་རི་ཉིལ་དོན་རྐྱེན་ཁྲོད་མི་གཉིས་འདས་གྲོངས་སུ་གྱུར་བ།

Tibetan News Headlines

  • བོད་ཀྱི་བེུད་། བལ་ཡུལ་ལྷ་མོ་ཚོགས་པའི་ཚོགས་མི་དང་གློག་བརྙན་འཁྲབ་སྟོན་པ་འཕྲིན་ལས་ལྷ་མོ་ལགས་དང་ལྷན་ཁོང་གི་སྒྱུ་སྩལ་གྱི་ལམ་བུའི་སྐོར་གླེང་མོལ།

རེས་གཟའ་ཉི་མ། ༢༠༢༤།༠༥།༠༥

  • Women of Tibet: In conversation with Thinley Lhamo, member of Nepal Tibetan opera and star in Nepalese film ‘Shambala’

འདི་གར་ཁུངས་ལྡན་གནས་ཚུལ་འབྱོར་བར་གཞིགས་ཚེ་ཟླ་བ་འདིའི་ཚེས་ ༧ ཉིན་ཁམས་ཡུལ་ཤུལ་རྫོང་། རག་ཤུལ་སྨད། གཡུ་རྒྱལ་ཉི་མ་རི་ཆུང་དང་པོ་རུ་གངས་ཆེས་ཆེར་བབས་པར་བརྟེན་འབྲོག་སར་རི་ཉིལ་བྱུང་སྟེ་མ་བུ་གཉིས་དོན་རྐྱེན་དེའི་ཁྲོད་དུ་འདས་གྲོངས་སུ་གྱུར་བ་མ་ཟད་སྒོ་ཕྱུག་བརྒྱ་ལྷག་ཀྱང་ཤི་རྨས་ཐེབས་འདུགགནས་ཚུལ་དེ་བྱུང་མ་ཐག་ས་གནས་ཀྱི་ཡུལ་མི་སྤྱི་དང་ཡུལ་དགོན་གྱི་གྲྭ་མང་རི་ཉུལ་བྱུང་སའི་ཡུལ་དངོས་སུ་ཕེབས་ནས་རོགས་རམ་གནང་བ་མ་ཟད། བོད་ནང་ནས་འདི་གར་བཏང་འབྱོར་བྱུང་བའི་བརྙན་རིས་ཀྱི་ནང་དུ་གྲྭ་མང་གིས་སྐད་ཤུགས་ཆེན་པོའི་ཐོག་ནས་བསྔོ་སྨོན་གསུང་འདོན་གནང་བཞིན་ཡོད་པ་མཇལ་རྒྱུ་འདུགརྩ་བའི་ད་ལོར་བོད་ཁུལ་གྱི་མགོ་ལོག་དང་རྩ་སྟོད། དེ་བཞིན་ལ་དྭགས་བྱང་ཐང་སོགས་སུའང་གངས་ཆེས་རེར་བབས་པར་བརྟེན་ཟོག་ལུག་མང་པོ་རྐྱེན་ལམ་དུ་ཤོར་ཡོད་སྟབས། ཞིང་འབྲོག་ས་ཁུལ་མང་པོ་ནས་རོགས་དངུལ་གྱི་གཟན་ཆས་དང་ཞལ་འདེབས་བསྡུ་རུབ་སོགས་ཀྱིས་མཚོན་པའི་གདུང་སེམས་མཉམ་བསྐྱེད་ཀྱི་ཕྱག་ལས་གནང་མཁན་ཡང་མང་པོ་བྱུང་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།