Tibetan Royal Year of 2151 | Year of the Wood Dragon

ཤེས་རིག་བཀའ་བློན་མཆོག་དབུས་བོད་སློབ་འཛིན་ཚོགས་ལ་ཕེབས་སྐྱེལ་དང་འབྲེལ་འགན་འཛིན་ལྷན་ཚོགས་ཐོག་ལྷན་བཞུགས།

Tibetan News Headlines

  • Sikyong Penpa Tsering meets President Macron, gifts autographed photo of the Dalai Lama with French leader
  • Tibetans inside and outside Tibet mark Calligraphy Day
  • Derge protests put dams back on the agenda: Rights group calls for transparency of Dam construction plans in Tibet
  • Mexico legislators and friends of Tibet gather to strategize and reaffirm commitment to Tibet’s rights
  • Sarah College for Higher Tibetan Studies holds 23rd graduation ceremony

རེས་གཟའ་ལྷག་པ། ༢༠༢༤།༠༥།༠༡

  • སྲིད་སྐྱོང་མཆོག་གིས་ཕ་རན་སིའི་སྲིད་འཛིན་ལྷན་དུ་མཇལ་འཕྲད་གནང་འདུག
  • བོད་གཞིས་བྱེས་གཉིས་སུ་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་ཉིན་མོ་སྲུང་བརྩི་ཟབ་རྒྱས་ཞུས་པ།
  • རྒྱ་གཞུང་གི་ཆུ་མཛོད་གསར་རྒྱག་གི་ལས་གཞི་ཐད་ཕྱི་གསལ་ནང་གསལ་དགོས་པའི་འབོད་སྐུལ།
  • Mexico ནང་དུ་མ་འོངས་བོད་དོན་རྒྱབ་སྐྱོར་གྱི་ལས་དོན་སྤེལ་ཕྱོགས་སྐོར་ཚོགས་འདུ་ཚོགས་པ།
  • རྡ་ས་རིགས་སློབ་མ་ལག་གཉིས་ཀྱི་སློབ་ཐོན་མཛད་སྒོ་ཚོགས་པ།

སང་ཕྱི་ཟླ་ ༣ ཚེས་ ༣༡ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ནང་རྟེན་གཞི་བྱས་པའི་དབུས་བོད་སློབ་འཛིན་ཚོགས་སྒོ་བརྒྱབ་རྒྱུ་དང་སྟུན་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་ཐར་ལམ་སྒྲོལ་མ་མཆོག་གིས་སྣེ་ཁྲིད་པའི་བོད་མིའི་སྐུ་ཚབ་ནས་དབུས་བོད་སློབ་འཛིན་ཚོགས་ཀྱི་ལས་བྱེད་རྣམ་པར་ཕེབས་སྐྱེལ་གསོལ་སྟོན་གྱི་མཛད་སྒོ་ཚོགས་པ་དང་། བོད་སློབ་འཛིན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐོག་ལྷན་བཞུགས་གནང་འདུག

དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་གནས་ཚུལ་སྤེལ་བར་ཁ་སང་ཚེས་ ༢༩ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ཁུལ་གྱི་ཤཱསྟྲཱི་ཁང་པའི་ Shastri Bhawan ལས་ཁུངས་སུ་དབུས་བོད་སློབ་འཛིན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་ ༩༢ པ་ཚོགས་ཡོད་པའི་ཐོག་ཤེས་རིག་བཀའ་བློན་ཐར་ལམ་སྒྲོལ་མ་མཆོག་དང་ལྡི་ལི་སྐུ་ཚབ་དོན་གཅོད་འབྲོང་ཆུང་དངོས་གྲུབ་ལགས། ཤེས་རིག་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས་བཅས་ནས་མཉམ་བཞུགས་གནང་འདུག་པ་དང་། ཚོགས་འདུའི་ཐོག་རྒྱ་གར་དབུས་གཞུང་གི་ཤེས་རིག་བློན་ཆེན་ལས་ཁུངས་ཀྱི་ངེས་སྟོན་པ་སྐུ་ཞབས་ T.S Rautela ལགས་དང་ A.S Rawat ལགས། བོད་སློབ་འཛིན་ཚོགས་ཀྱི་ཟུང་འབྲེལ་ངེས་སྟོན་པ་ T. Pritam Singh  ལགས། དེ་བཞིན་དཔལ་འབྱོར་དང་། ཕྱི་སྲིད་ལས་ཁུངས་བཅས་ཀྱི་སྐུ་ཚབ་ནས་མཉམ་བཞུགས་གནང་འདུགཚོགས་འདུའི་ཐོག་བོད་སློབ་འཛིན་ཚོགས་ཀྱི་ངོས་ནས་བོད་པའི་སློབ་ཕྲུག་གི་ཤེས་ཡོན་ཐད་ཕྱག་ལས་དང་མཐུན་འགྱུར་གང་ལེགས་སྦྱར་བ་དང་ད་ཆ་ལས་ཁུངས་སྒོ་བརྒྱབ་རྒྱུའི་གནད་དོན་བཅས་ཀྱི་ཐོག་གྲོས་བསྡུར་གནང་བའི་ཁྲོད་དབུས་བོད་སློབ་འཛིན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་ལྕམ་ LS Changsan ལགས་ཀྱིས་ད་ཆ་ལས་ཁུངས་སྒོ་བརྒྱབ་པའི་མཚམས་འདིར་དབུས་བོད་སློབ་འཛིན་ཚོགས་མཇུག་སྡུད་བྱེད་ཀྱི་ཡོད་པས་སེམས་ཚོར་ཆེན་པོ་ཡོང་གི་འདུག་ཀྱང་། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་ངོས་ནས་བོད་སློབ་འཛིན་ཕྱོགས་ཀྱི་ཕྱག་ལས་རྣམས་རྒྱུན་སྐྱོང་ཚགས་ཚུད་གནང་ཐུབ་པའི་ཡིད་ཆེས་ཡོད་པ་དང་། རྒྱ་གར་གཞུང་གིས་མུ་མཐུད་བཙན་བྱོལ་བོད་མི་གཞོན་སྐྱེས་རྣམས་ཀྱི་ཤེས་ཡོན་ཆེད་དུ་མཐུན་འགྱུར་རོགས་རམ་གནང་རྒྱུ་ཡིན་པའི་སྐོར་གསུངས་ཡོད།

སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་ཐར་ལམ་སྒྲོལ་མ་མཆོག་གིས་རྒྱ་གར་གཞུང་མང་གཉིས་ནས་འདས་པའི་ལོ་ངོ་ ༦༠ ལྷག་གི་རིང་བཙན་བྱོལ་བོད་མི་རྣམས་ལ་རྒྱབ་སྐྱོར་དང་ཁྱད་པར་དུ་བོད་པའི་གཞོན་སྐྱེས་རྣམས་ཀྱི་ཤེས་ཡོན་ཆེད་དུ་མཐུན་འགྱུར་རོགས་རམ་གནང་དང་གནང་བཞིན་པར་ཐུགས་རྗེ་ཆེ་ཞེས་ཞུས་པ་དང་སྦྲགས། བོད་པའི་སློབ་ཕྲུག་རྣམས་ལ་ཤེས་ཡོན་སྤུས་ཚད་ལྡན་པ་སྤྲོད་རྒྱུ་ཙམ་མ་ཟད་སློབ་ཕྲུག་ཚང་མ་མི་བཟང་པོ་ཞིག་ཡོང་བར་འབད་བརྩོན་གནང་ངེས་ཡིན་སྐོར་གསུངས་ཡོད།རྩ་བའི་ཁ་ཉིན་ཚེས་ ༢༨ ཉིན་ཤེས་རིག་ལས་ཁུངས་ཀྱི་ངོས་ནས་དབུས་བོད་སློབ་འཛིན་ཚོགས་ཀྱི་ལས་བྱེད་པ་རྣམས་ལ་ཆེ་བསྟོད་དང་སྦྲགས། ཁོང་རྣམས་ཀྱི་ཆེད་དུ་ཕེབས་སྐྱེལ་གྱི་གསོལ་སྟོན་ཞིག་གོ་སྒྲིག་གནང་ཡོད་པ་ལྟར་སྐབས་དེ་དུས་སུའང་ཤེས་རིག་བཀའ་བློན་ཆོག་གིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་སྔ་བོད་ཕྲུག་རྣམས་ལ་དེང་དུས་ཀྱི་ཤེས་ཡོན་སྤྲད་པ་དང་མཉམ་དུ་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་གནང་རྒྱུའི་ཐུགས་དགོངས་ཡོད་པ་བཞིན་རྒྱ་གར་གཞུང་གིས་༸གོང་ས་མཆོག་གིས་ཐུགས་དགོངས་གཙོ་བཟུང་ཐོག་བོད་པའི་སློབ་ཕྲུག་ཆེད་དུ་སློབ་གྲྭ་ཟུར་དུ་བཙུགས་ནས་འདས་པའི་ལོ་ ༦༠ ནས་ད་བར་བོད་པའི་སློབ་ཕྲུག་སྟོང་ཁྲག་མང་པོར་དེང་དུས་ཀྱི་ཤེས་ཡོན་སྦྱིན་པའི་ཁོངས་ནས་ད་ཆ་མང་དག་ཅིག་བོད་མིའི་སྒྲིག་འཛུགས་གཙོས་འཛམ་གླིང་ཁྱོན་ཡོངས་སུ་ཕྱག་ལས་གནང་དང་གནང་བཞིན་ཡོད་སྐོར་གསུངས་འདུག

རྩ་བའི་ཉེ་འཆར་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༣ པའི་ཐོག་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་སྔོན་རྩིས་གཏན་འབེབས་དང་བགྲོ་གླེང་གནང་བའི་ཁྲོད་སྤྱི་འཐུས་མང་དག་ཅིག་གིས་དབུས་བོད་སློབ་འཛིན་ཚོགས་ཀྱི་སློབ་གྲྭ་ཡོངས་རྫོགས་བོད་མིར་རྩིས་སྤྲོད་ཟིན་པའི་ཁྲོད་དགེ་ལས་རྣམས་ལ་བགྲེས་ཕོགས་ཀྱི་གནད་དོན་ཐོག་ཐུགས་འཚབ་དང་། ལྷག་པར་དུ་སློབ་གྲྭ་ཁག་ཏུ་ཕྱག་ལས་གནང་བཞིན་པའི་ཆོད་གན་གྱི་དགེ་ལས་རྣམས་ལ་སྐུ་ངལ་ཆེན་པོ་འཕྲད་བཞིན་སྐོར་གླེང་སློང་ཤུགས་ཆེར་གནང་ཡོད་པ་རེད།  སྐབས་དེར་ཤེས་རིག་བཀའ་བློན་མཆོག་གིས་དབུས་བོད་སློབ་འཛིན་ཚོགས་ཀྱི་སློབ་གྲྭ་ཆ་ཚང་བོད་མིའི་སྒྲིག་འཛུགས་ནས་རྩིས་བཞེས་ཟིན་པར་ངོ་སྤྲོད་དང་སྦྲགས། དེ་སྔ་སཾ་བྷོ་ཊའི་དགེ་ལས་རྣམས་ལ་དྲ་ལམ་བརྒྱུད་བགྲེས་ཕོགས་དང་འབྲེལ་ཏེ། རྒྱ་གར་གཞུང་ནས་རག་ཐབས་གནང་རྒྱུའི་འགན་འཐུས་ཚང་བཞེས་རྒྱུ་ཡིན་སྐོར་གསུངས་པ་དང་རྒྱ་གར་གཞུང་ལའང་ crore ༡༨ འཆར་འབུལ་ཞུས་ཡོད་པ་མ་ཟད། བགྲེས་ཕོགས་གནང་རྒྱུ་ལྷག་བསྡད་རྣམས་ལ་ཐོབ་ཐང་ཆ་ཚང་སྤྲད་རྒྱུའི་འགན་སཾ་བྷོ་ཊས་བཞེས་ཀྱི་རེད་གསུངས་ཡོད། དེ་བཞིན་སྐབས་དེར་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སློབ་གྲྭ་འཛིན་སྐྱོང་གནང་རྒྱུ་དེ་སཾ་བྷོ་ཊས་གནང་རྒྱུ་ལས་གསོལ་ཕོགས་དེ་རྒྱ་གར་གཞུང་ནས་གནང་གི་ཡོད་སྟབས། དགེ་རྒན་གཏན་འཇགས་བཟོ་རྒྱུ་སོགས་ཀྱི་གནད་དོན་ཐོག་རྒྱ་གར་གཞུང་ལ་བཀའ་བསྡུར་གནང་དགོས་པ་ལས་ང་ཚོར་ཐོག་གཅོད་གནང་དབང་མེད་པ་དེ་ལྟར་ཡང་རྒྱ་གར་གཞུང་ལ་མུ་མཐུད་ནས་འབོད་སྐུལ་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད། འབྲེལ་ཡོད་པར། བོད་མིའི་སྒྲིག་འཛུགས།

འབྲེལ་ཡོད་གསར་གནས།

གསར་གནས།