ཤེས་རིག་ལས་ཁུངས་ཀྱིས་དཔེ་དེབ་ཁག་ཅིག་དབུ་འབྱེད་དང་དཔེ་དེབ་ཁྲོམ་འདུས་གོ་སྒྲིག

Tibetan News Headlines

  • Hokkaido Shimizu Town Delegation Visits Tibet House Japan, Presents First Harvest of the Region for His Holiness the Dalai Lama
  • Tibet Advocacy Group Calls on US to Restore Tibetan Broadcasting Services to Counter Chinese Propaganda and Censorship
  • China-Linked UK Businessman Tried to Hire Ex-Met Detective to Investigate MPs Critical of Beijing
  • Nvidia CEO Jensen Huang Admits Affair with Suspected Chinese Spy; Company Launches Investigation
  • Tibetan Representative Jigme Tsultrim Briefs India’s Minority Commission Chairperson on Tibetan Settlements in South India
  • China Expands Media Influence in Thailand Through Partnerships, Propaganda and Diplomatic Pressure, RSF Reports
  • History Feature: Tsarong Dasang Damdul

ཪེས་གཟའ་ཟླ་བ། ༢༠༢༦།༡༡།༠༩

  • ཉི་ཧོང་གྲོང་སྡེ་ཞིག་གི་སྐུ་ཚབ་ཚོ་ཁག་ནས་ས་གནས་དེའི་ལོ་ཏོག་ཐོན་སྐྱེད་ཐོག་མ་༸གོང་ས་མཆོག་ལ་འབུལ་བཞེས་གནང་འདུག
  • རྒྱ་ནག་གི་འཁྱོག་བཤད་དྲིལ་བསྒྲགས་ལ་གདོང་ལེན་སླད་ཨ་རི་གཞུང་གིས་བོད་སྐད་རླུང་འཕྲིན་ཁང་ལ་རྒྱབ་སྐྱོར་བྱེད་དགོས་གལ་ཡིན་པ་གསུངས་འདུག
  • དབྱིན་ཡུལ་ཚོང་པ་ཞིག་གིས་སོ་མྱུལ་བ་གླ་གཡར་བརྒྱུད་རྒྱ་ནག་གི་ཆེད་དུ་དབྱིན་ཡུལ་གྲོས་ཚོགས་འཐུས་མི་ཁག་གཅིག་ལ་གསང་ཉུལ་བྱས་པ་མངོན་གསལ།
  • Nvidia ཁེ་ལས་ཁང་གི་འགན་འཛིན་གྱིས་དོགས་གཞི་ཅན་གྱི་རྒྱ་རིགས་བུད་མེད་སོ་བ་ཞིག་དང་ནང་འབྲེལ་བྱུང་བའི་ཁས་ལེན་བྱས་རྗེས། ཁེ་ལས་ཁང་གིས་ཁོའི་བྱ་སྤྱོད་ལ་ཞིབ་བཤེར་འགོ་འཛུགས།
  • ལྷོ་སྤྱི་ཡིས་རྒྱ་གར་གཞུང་གི་གྲངས་ཉུང་མི་རིགས་ལྷན་ཚོགས་ཀྱི་ཚོགས་གཙོ་དང་མཇལ་འཕྲད་གནང་བ།
  • རྒྱ་གཞུང་གིས་ Thailand ནང་གི་གསར་འགོད་རང་དབང་ལ་དམ་དྲག་ཆེན་པོ་བྱེད་བཞིན་པ་གསལ་སྟོན།
  • བོད་ཀྱི་ལོ་རྒྱུས་ཁྲོད་མི་སྣ་གྲགས་ཅན་ངོ་སྤྲོད། དམག་སྤྱི་ཚ་རོང་ཟླ་བཟང་དགྲ་འདུལ་ལགས་ཀྱི་སྐོར།

ཁ་ཉིན་རེས་གཟའ་སྤེན་པའི་ཉིན་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་དྷ་ས་མེག་གྷན་བོད་ཁྱིམ་ཉིན་སློབ་ཏུ་ཤེས་རིག་ལས་ཁུངས་ནས་དཔར་བསྐྲུན་ཞུས་པའི་དཔེ་དེབ་དང་འགུལ་བརྙན་ཁག་ཅིག་དབུ་འབྱེད་དང་འབྲེལ་ཉིན་འཁྱོངས་རིང་ལ་དཔེ་དེབ་ཁྲོམ་འདུས་གོ་སྒྲིག་གནང་སོང་།

ཤེས་ཤེས་རིག་ལས་ཁུངས་ཀྱི་དེབ་འགྱུར་ལས་གཞིའི་ཁྲོད་ད་བར་ཕྱིའི་སྐད་ཡིག་ཐོག་ཡོད་པའི་སྒྲུང་དེབ་བསྒྱུར་ཟིན་པའི་དཔེ་དེབ་ ༡༨ དང་བྱིས་པའི་འགུལ་བརྙན་ ༡༡ གསར་དུ་དཔར་བསྐྲུན་ཞུས་པ་ཁག་ཤེས་རིག་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས་ཀྱིས་དབུ་འབྱེད་གནང་བ་དང་སྦྲགས། བཙན་བྱོལ་ནང་དུ་བྱིས་སྒྲུང་གསར་རྩོམ་དང་ཕབ་སྒྱུར་གྱི་འཕེལ་རིམ་ངོ་སྤྲོད་གནང་སོང་བ་མ་ཟད། ལྷག་པར་དུ་ཕ་མ་རྣམས་ཀྱིས་སོ་སོའི་ཕྲུ་གུ་ལ་དཔེ་ཀློག་གོམས་གཤིས་བསྐྲུན་གལ་ཡིན་པ་དང་། དཔེ་ཀློག་གི་གོམས་གཤིས་འཇགས་ཐུབ་ཚེ་སྐད་ཡིག་ཡར་རྒྱས་དང་སློབ་ཚན་སྤྱིའི་ནང་དོན་རྟོགས་པར་ཕན་ཐོགས་ཆེན་པོ་ཡོང་གི་སོགས་གསུངས་ཡོད།

གཞི་རྩའི་སྐབས་དེའི་དཔེ་དེབ་དབུ་འབྱེད་མཛད་སྒོ་ཐོག་བཞུགས་སྒར་ཁུལ་གྱི་ཕ་མ་མི་ཉུང་བ་ཞིག་ནས་རང་ཉིད་ཀྱི་ཕྲུ་གུ་དང་ལྷན་དུ་མཛད་སྒོར་མཉམ་ཞུགས་གནང་འདུག་པ་ལྟར། ཤེས་རིག་ལས་ཁུངས་ཀྱི་བྱིས་པའི་ཀློག་རྩལ་ལས་གཞིའི་འབྲེལ་མཐུད་པ་བསོད་ནམས་གང་བཟང་ལགས་ཀྱིས་ཕྲུ་གུར་སྒྲུང་གཏམ་བཤད་རྒྱུའི་གལ་གནད་དང་། སཾ་བྷོ་ཊ་བོད་སློབ་ཚོགས་པའི་བོད་ཀྱི་སྐད་ཡིག་རྒྱུས་སྟོན་པ་པ་སངས་ཚེ་རིང་ལགས་ཀྱིས་ཕྲུ་གུའི་སྐད་ཡིག་འཚར་ལོངས་ཐད་ཕ་མའི་འགན་འཁུར་བཞེས་ཕྱོགས་ཐོག་གསུང་བཤད་གནང་བ་མ་ཟད། དྷ་ས་བོད་ཁྱིམ་གྱི་ཨིན་ཇིའི་སྐད་ཡིག་རྒྱུས་སྟོན་པ་བསྟན་འཛིན་དཔལ་མོ་ལགས་ཀྱིས་དཔེ་ཀློག་གི་གལ་གནད་དང་འབྲེལ་ཏེ་ཕ་མ་དང་དགེ་རྒན་གྱི་ངོས་ནས་བྱིས་ཚོར་དཔེ་ཀློག་གི་འཁོར་ཡུལ་བསྐྲུན་གནད་དང་དེར་ཤུགས་སྣོན་རྒྱག་དགོས་སྐོར་གསུངས་ཡོད། ལྷག་པར་དུ་ཕ་མ་དང་དགེ་རྒན་ཚོས་བྱིས་པའི་མདུན་དུ་དཔེ་ཀློག་གང་མང་གནང་ཐུབ་ཚེ་བྱིས་པའི་རྣ་བར་ཚིག་འདྲ་མིན་ཐོས་པའི་དབང་གིས་རིམ་པས་ཚིག་ཕྱུག་པོ་ཆགས་ཏེ་སྐད་ཡིག་དང་ཤེས་བྱའི་གནས་ཚད་ཡག་པོ་ཆགས་པར་དགེ་མཚན་ཡོད་པ་སོགས་གསུངས་ཡོད། 

དཔེ་དེབ་དབུ་འབྱེད་དང་འབྲེལ་བའི་མཛད་རིམ་ཁག་གྲུབ་མཚམས་སུ་ཉིན་འཁྱོངས་རིང་ལ་ཤེས་རིག་ལས་ཁུངས་དང་ཤེས་རིག་དཔར་ཁང་། དྷ་ས་བོད་ཁྱིམ། སཾ་བྷོ་ཊ་བོད་སློབ་ཚོགས་པ། འཇམ་དབྱངས་ཤེས་ཡོན་ཞབས་ཞུ་ཁང་བཅས་ནས་དཔར་སྐྲུན་ཞུས་པའི་དཔེ་དེབ་དང་བྱིས་པའི་ཤེས་རིག་དང་འབྲེལ་བའི་དཔེ་རིས་སོགས་འགྲེམས་སྟོན་དང་ཁག་ཅིག་རིམ་མེད་ཐོག་འགྲེམས་སྤེལ། ཁག་ཅིག་གོང་ཚད་གཅོག་ཆ་ཐོག་ནས་ཚོང་འགྲེམས་གནང་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།

Monday 09/11/2026