Tibetan Royal Year of 2151 | Year of the Wood Dragon

ས་གནས་འགོ་འཛིན་རྣམས་ལ་༸རྒྱལ་བ་རིན་པོ་ཆེའི་སྐུའི་ཡང་སྲིད་དང་གོ་སྟོན་ཐད་ཐུགས་སྣང་གྲ་སྒྲིག་ཇི་དགེའི་སྐོར་ལམ་སྟོན།

Tibetan News Headlines

  • Tibetan parliament to resume tomorrow after safety assurance from Security Department
  • French museums have yet to provide any assurance after succumbing to pressure from China- replacing ‘Tibet’ with ‘Xizang’
  • Preliminary prayer service for the Dalai Lama’s long life begins in Dharamshala
  • China promotes third plenary session of the 20th national congress across Tibet
  • Chinese students are undermining academic freedom at UK universities

རེས་གཟའ་ཟླ་བ། ༢༠༢༤།༠༩།༡༦

  • བདེ་སྲུང་ལས་ཁུངས་ཀྱིས་སྤྱི་འཐུས་རྣམ་པའི་བདེ་འཇགས་ཐད་འགན་ཁུར་བཞེས་རྒྱུའི་ཁས་ལེན་ཐོག་སང་ཉིན་གྲོས་ཚོགས་རྒྱུན་སྐྱོང་གནང་གི་རེད་ཅེས་གསུངས་སོང་།
  • རྒྱ་གཞུང་གིས་ལོ་རྒྱུས་བསྐྱར་བྲིས་དང་མི་རིགས་རྩ་གཏོར་གྱི་བྱ་སྤྱོད་ལ་རམ་འདེམས་བྱེད་མཁན་ཧྥ་རན་སི་འགྲེམ་སྟོན་ཁང་ལ་ཁ་གཏད་གཅོག་ཐབས་ཀྱིས་ལས་འགུལ་སྤེལ་བཞིན་པ།
  • བཞུགས་སྒར་དུ་བརྟན་བཞུགས་ཀྱི་སྒྲུབ་ཞག་འཚོགས་བཞིན་པ།
  • རྒྱ་གཞུང་གིས་བོད་ས་གང་སར་སྐབས་ ༢༠ པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དྲིལ་བསྒྲགས་ཤུགས་ཆེ་བྱེད་བཞིན་འདུག
  • རྒྱ་རིགས་སློབ་མ་ཚོས་དབྱིན་ཡུལ་སློབ་ཆེན་ཁག་གི་ཤེས་ཡོན་རང་དབང་ལ་དོ་ཕོག་གཏོང་བཞིན་ཡོད་པ་གསུངས་འདུག

དེ་རིང་ཕྱི་ཟླ་ ༨ ཚེས་ ༢༦ ཉིན་དབུས་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་དང་རྒྱལ་ཡོངས་མང་གཙོ་གོང་འཕེལ་བསྟི་གནས་ཁང་ཟུང་སྦྲེལ་གྱི་གོ་སྒྲིག་འོག་བཞུགས་སྒར་གྱི་ཉེ་འདབས་སུ་རྟེན་གཞི་བྱས་པའི་ Asia Health Resort གསོལ་མགྲོན་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་ནུས་པ་གོང་འཕེལ་དང་འཛིན་སྐྱོང་སྲ་བརྟན་གྱི་ལས་འཆར་ཐད་ཟབ་སྦྱོང་དབུ་འཛུགས་གནང་སོང་བ་དང་སྦྲགས། ནང་སྲིད་བཀའ་བློན་དང་སྲིད་སྐྱོང་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་གིས་མ་འོངས་བོད་ཀྱི་འགན་སྲུང་ཕུགས་དམིགས་ཡིག་ཆ་དེ་ངེས་པར་དུ་གཟིགས་དགོས་གལ་དང་འབྲེལ། རྒྱལ་བ་རིན་པོ་ཆེའི་སྐུའི་ཡང་སྲིད་དང་གོ་སྟོན་ཐད་ཐུགས་སྣང་དང་གྲ་སྒྲིག་ཇི་ལྟར་གནང་དགོས་གལ་ཡིན་པའི་ལམ་སྟོན་གནང་སོང་།

དེ་ཡང་དབུ་འབྱེད་མཛད་སྒོའི་ཐོག་ནང་སྲིད་བཀའ་བློན་དང་སྲིད་སྐྱོང་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་དང་ནང་སྲིད་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས། རྒྱལ་ཡོངས་མང་གཙོ་གོང་འཕེལ་བསྟི་གནས་ཁང་གི་འགན་འཛིན་གཞོན་པ་དཔལ་ལྡན་ཕུན་ཚོགས་ལགས་ཀྱིས་གཙོས་ལྷོ་སྤྱི་དང་སིམ་སྤྱི། ལ་སྤྱི་ལས་ཚབ། ས་གནས་འགོ་འཛིན་དང་ས་གནས་འགོ་འཛིན་ལས་ཚབ་དྲུང་ཡིག་བཅས་ཁྱོན་ཚོགས་བཙར་བ་ ༤༠ ལྷག་ལྷན་ཞུགས་གནང་འདུག

སྐབས་དེར་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གསུང་བཤད་གནང་བའི་ཁྲོད། ས་གནས་འགོ་འཛིན་ཚོས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ཀྱི་ངོ་བོའི་ཐོག་ནས་ཆབ་སྲིད་དང་འཛིན་སྐྱོང་། བོད་མིའི་བདེ་དོན་སླད་དུ་གཏན་ལ་ཕབ་པའི་བོད་ཀྱི་མ་འོངས་འགན་སྲུང་ཕུགས་དམིགས་ཡིག་ཆ་དེ་ངེས་པར་དུ་གཟིགས་དགོས་གལ་ཡིན་ཞིང་། གཙོ་བོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགུང་ལོའི་བབ་ཀྱི་ཆ་ནས་ང་ཚོ་ཚང་མས་ལས་འགན་ཇི་ལྟར་སྒྲུབ་དགོས་པའི་ཐོག་བསམ་བློན་ནན་ཏན་གཏང་དགོས་པའི་ལམ་སྟོན་གནང་སོང་།

དེ་བཞིན་༸རྒྱལ་བའི་ཡང་སྲིད་ཀྱི་གནད་དོན་དང་འབྲེལ་ནས་བོད་མིའི་སྒྲིག་འཛུགས་ཀྱིས་ལངས་ཕྱོགས་དོན་ཚན་དྲུག་ཅན་དེ་ཤེས་པའི་ཐོག་ནས་ས་གནས་ཀྱི་འབྲེལ་ཡོད་དཔོན་རིགས་སོགས་དང་མཇལ་འཕྲད་སྐབས་སྙན་སེང་ཞུ་རྒྱུ་གལ་ཆེན་པོ་ཡིན་པ་དང་། ཆབ་སྲིད་ཀྱི་གནད་འགག་ཐོག་ནས་བལྟས་ཚེ་རྒྱ་ནག་གི་ངོས་ནས་༸རྒྱལ་བའི་ཡང་སྲིད་ཐད་གྲ་སྒྲིག་བྱེད་བཞིན་ཡོད་ཀྱང་༸གོང་ས་མཆོག་སྐུ་འཚོ་བཞུགས་སྐབས་གང་ཡང་བྱ་ཐབས་བྲལ་བ་ཞིག་ཡིན་སྟབས། བཀའ་ཤག་སྐབས་བཅུ་དྲུག་པའི་ཐབས་བྱུས་ཀྱི་ཐོག་ནས་བོད་བརྒྱུད་ནང་བསྟན་གྱི་རྗེས་འཇུག་པ་སྤྱིའི་བསམ་པ་གཅིག་མཐུན་བྱུང་ན་རྒྱ་ནག་གཞུང་ལ་ཁ་གཏད་ཆེན་པོ་ཆགས་རྒྱུ་ཡིན་པ་དང་། དེ་ནས་རིམ་པས་ཉི་འོང་དང་སོག་པོ། རྒྱ་གར་སོགས་ཀྱི་ནང་པའི་ཚོགས་པ་ཁག་ནས་སྐུའི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་བཞག་ཡོད་པ་དང་མཚུངས་པའི་ས་གནས་འགོ་འཛིན་དང་དོན་གཅོད་ཀྱི་ཁྱབ་ཁོངས་སུ་ཡོད་པའི་རིས་སུ་མ་མཆིས་པའི་དགོས་སྡེ་ཁག་དང་ཆོས་ཚོགས། མི་མང་བཅས་མདོར་ན་ནང་པའི་སྤྱི་ཚོགས་ཁྱོན་ཡོངས་ཀྱི་ཐག་གཅོད་རྣམས་ཕྱོགས་སྒྲིག་བྱ་རྒྱུ་ལས་དོན་གལ་ཆེན་སྤེལ་འཆར་ཡོད་པ་མ་ཟད། ཕྱི་ལོ་ ༢༠༢༥ ཟླ་ ༧ ཚེས་ ༦ ནས་ཕྱི་ལོ་ ༢༠༢༦ ཟླ་ ༧ ཚེས་ ༦ བར་ལོ་འཁོར་མོ་དེ་བཞིན་བྱམས་བརྩེའི་ལོ་ཞེས་བཏགས་ཏེ་འགྲེམས་སྟོན་སོགས་ཀྱི་རྣམ་པའི་ཐོག་ནས་སྲུང་བརྩི་གཟབ་རྒྱས་ཞུ་རྒྱུ་ཡིན་པ་གསུངས་སོང་།

ལྷག་པར་ས་གནས་འགོ་འཛིན་ཚོས་གཞིས་ཆགས་ཁག་གི་ནང་དུ་རྙོག་དྲ་ཆེ་ཕྲ་ཆུང་གསུམ་ཇི་འདྲ་བྱུང་ཡང་ཞི་འགྲིག་མ་ཐུབ་པ་རྣམས་ངེས་པར་དུ་ནང་སྲིད་ལས་ཁུངས་ལ་འབྲེལ་བ་ཞུ་དགོས་གལ་ཡིན་པ་སོགས་ཀྱི་ལམ་སྟོན་གནང་སོང་།

འདི་ག་རླུང་འཕྲིན་ཁང་ནས་ནང་སྲིད་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་སུ་དེ་འབྲེལ་བཀའ་འདྲི་ཞུས་སྐབས་ཁོང་གིས། ཟབ་སྦྱོང་དེའི་དམིགས་ཡུལ་གཙོ་བོ་ནི་ས་གནས་འགོ་འཛིན་འཕོ་འགྱུར་ཤུགས་ཆེ་འབྱུང་བཞིན་ཡོད་སྟབས། ཁོང་རྣམ་པར་རྩིས་སྤྲོད་རྩིས་ལེན་བྱེད་སྟངས་དང་། མི་མང་ལ་འཛིན་སྐྱོང་དང་ཡ་ལན་གནང་ཕྱོགས། སོ་ནམ་ལས་གཞི་ཡར་རྒྱས་མཚོན་པའི་འཆར་གཞི་ལ་རྒྱབ་གཉེར་གནང་ཕྱོགས། ས་ཆ་བདག་པོ་རྒྱག་སྟངས་སོགས་ཀྱི་ཐོག་ལ་དམིགས་ཡོད་སྟབས། མདོར་ན་དབུས་ས་གཉིས་ཐུན་མོང་ནས་ལས་དོན་ཇི་དགེའི་གཉེར་ཕྱོགས་བཅས་ཀྱི་ཐོག་ལ་ཡིན་པ་གསུངས་སོང་།

འདི་ག་རླུང་འཕྲིན་ཁང་ནས་རྒྱལ་ཡོངས་མང་གཙོ་བསྟི་གནས་ཁང་གི་ལས་འཆར་འགྲེལ་མཐུན་པ་བགྲེས་པ་བསྟན་འཛིན་དཔལ་ལྡན་ལགས་སུ་བཀའ་འདྲི་ཞུས་ཡོད་པས་གོང་གི་སྒྲ་སྒམ་ནས་གསན་ཐུབ།

གཞི་རྩའི་ཟབ་སྦྱོང་འདི་བཞིན་འདི་ཚེས་ ༢༨ བར་ཁྱོན་ཉིན་གྲངས་ ༣ རིང་འཚོགས་ཀྱི་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།