Tibetan Royal Year of 2151 | Year of the Wood Dragon

ས་མཚམས་སུ་གཞོན་ནུའི་ལྷན་ཚོགས་ཚོགས་ཐུབ་པ་དེས་བོད་ནང་བཟང་ཕྱོགས་ཀྱི་བརྡ་ལན་ཞིག་ཁྲོད་ཐུབ་པའི་རེ་བ་ཡོད་ཅེས་གསུངས་འདུག

Tibetan News Headlines

  • Tibet Initiative deputy director detained at Hong Kong airport for 13 hours, barred from entry
  • Tibetan activist A-Nya Sengdra granted family visits but continues to be detained in Chinese custody
  • Australian Tibet advocates wrap up 13th annual lobbying event, presenting four-point agenda to officials
  • Chinese government appears to plan large-scale dam construction on the Yarlung Tsangpo River
  • China’s ‘disappeared’ foreign minister demoted to low-level publishing job, say former U.S. officials

རེས་གཟའ་ཟླ་བ། ༢༠༢༤།༠༩།༠༩

  • འཇར་མ་ནི་བོད་དོན་རྒྱབ་སྐྱོར་བ་ཞིག་ལ་ཧོང་ཀོང་ནང་དུ་འཛུལ་ཞུགས་ཐད་བཀག་སྡོམ།
  • ཨ་ཉག་སེང་སྒྲ་ལགས་ནང་མི་དང་ཐུག་འཕྲད་བྱེད་དུ་བཅུག་ཀྱང་ད་དུང་མུ་མཐུད་བཙོན་ཁང་ནང་ལུས་ཡོད་པ།
  • དོན་ཚན་བཞི་ཅན་སྒོ་ནས་ཨོསྟྲེ་ལི་ཡཱར་བོད་དོན་ཞུ་གཏུག་གི་ཉིན་མོ་ཐེངས་ ༡༣ པ་མཇུག་སྒྲིལ།
  • རྒྱ་གཞུང་གིས་ཡར་ཀླུང་གཙང་པོའི་སྟེང་ཆུ་མཛོད་ཆེ་གྲས་བརྒྱག་འཆར་ཡོད་པ་མངོན་གསལ།
  • གར་སོང་ཆ་མེད་དུ་གྱུར་བའི་ཇིན་ཀང་དཔེ་སྐྲུན་ཁང་ཞིག་ཏུ་ལས་ཀ་བྱེད་ཀྱི་ཡོད་པ་བརྗོད་འདུག

བཙན་བྱོལ་ནང་གི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཤོས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་ ༥༤ དེ་ཁ་སང་ནས་རྒྱ་གར་འབྲས་ལྗོངས་མངའ་སྡེའི་རྒྱལ་ས་སྒང་ཏོག་ཏུ་དངོས་སུ་འགོ་འཛུགས་གནང་འདུག་པ་དང་།   དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་ཀྱིས།   ད་རེས་གཞོན་ནུའི་འགན་འཛིན་ལྷན་ཚོགས་དེ་བོད་དང་ས་ཐག་ཤིན་ཏུ་ཉེ་བའི་སྒང་ཏོག་ཏུ་ཚོགས་ཐུབ་པ་དེའི་བརྒྱུད།  གཞིས་བཞུགས་བོད་མི་ཚོར་སྙིང་སྟོབས་དང་སེམས་ཤུགས་འཕར་མ་ཞིག་བསྐྲུན་ཐུབ་པའི་རེ་བ་དང་།   ལྷག་པར་ཁུལ་འདི་བོད་དང་རྒྱ་གར་དབར་གྱི་ས་མཚམས་ཡིན་པ་ལས་རྒྱ་ནག་མ་ཡིན་པའི་བརྡ་ལན་གསལ་པོ་ཞིག་སྤྲད་ཡོད་པར་ངོས་འཛིན་གནང་གི་ཡོད་ཅེས་གསུངས་འདུག

TYC Meeting 2024

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ད་རེས་འགན་འཛིན་ལྷན་ཚོགས་སྐབས་ ༥༤ དེའི་ཐོག་གྲོས་གཞི་དོན་ཚན་ཁག་བརྒྱད་དང་སྤྱི་མོས་གྲོས་འཆར་གཅིག་བཅས་ཀྱི་ཐོག་ཕན་ཚུན་གྲོས་མོལ་གནང་རྒྱུ་ཡིན་པ་དང་། གཞོན་ནུའི་ཚོགས་གཙོ་མཆོག་གིས་རྩ་བའི་གྲོས་ཆོད་དེ་དག་ཚང་མ་གནད་འགག་ཆེན་པོ་ཡིན་ཡང་།   སྐབས་སུ་བབ་པར་གལ་འགངས་ཆེ་བ་ནི་ ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གོ་སྟོན་དང་འབྲེལ་བའི་གྲ་སྒྲིག་གནང་ཕྱོགས་དང་།   མགོན་པོ་མཆོག་གི་སྐུའི་གསང་གསུམ་གྱི་མཛད་འཕྲིན་རྒྱལ་ཕྱོགས།   དེ་བཞིན་བོད་རང་བཙན་དང་འབྲེལ་བའི་བོད་མིའི་སྤྱི་ཚོགས་དང་རྒྱལ་སྤྱིའི་ནང་ཆབ་སྲིད་ཀྱི་གོ་རྟོགས་སྤེལ་ཐབས།  མ་ཟད་༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་གི་དབུས་པའི་ཉེས་མེད་བོད་མིའི་ཆབ་སྲིད་བཙོན་པ་རྣམས་གང་མྱུར་བཙོན་འགྲོལ་ཆེད་ལས་འགུལ་སྤེལ་ཕྱོགས་བཅས་ཡིན་པའི་འགྲེལ་བརྗོད་གནང་གི་འདུག

TYC Meeting 2024

ཁ་སང་ནས་འགོ་འཛུགས་གནང་བའི་ད་རེས་ཀྱི་འགན་འཛིན་ལྷན་ཚོགས་དེའི་ཐོག་རྒྱ་གར་དང་བལ་ཡུལ་བཅས་ཀྱི་ས་གནས་ཁག་ ༣༨ ནས་ཚོགས་བཅར་བ་མི་གྲངས་ ༢༠༠ ལྷག་ཙམ་ཞིག་འདུ་འཛོམས་བྱུང་ཡོད་པ་དང་།  དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོར་ཐོག་མའི་འཆར་གཞི་ལྟར་ན་འབྲས་ལྗོངས་ཀྱི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་ཆེད་ཕེབས་གནང་རྒྱུའི་ཞལ་བཞེས་བྱུང་འདུག་ཀྱང་།   སྐབས་དེར་མངའ་སྡེའི་གྲོས་ཚོགས་ཚོགས་པའི་དུས་ཚོད་སྟབས་འཁེལ་ཏེ་ཁོང་དངོས་སུ་ཆེད་ཕེབས་ཐུབ་མིན་འདུག  འོན་ཀྱང་མངའ་སྡེའི་གནད་ཡོད་མི་སྣ་ཁག་གཅིག་དང་།   ལྷག་པར་ཁུལ་དེར་ཡོད་པའི་འབྲེལ་ཡོད་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་སོགས་དབུ་བཞུགས་ཀྱི་ཐོག་ནས་འགན་འཛིན་ལྷན་ཚོགས་ཐེངས་ ༥༤ པ་དེ་དབུ་འཛུགས་གནང་འདུག

TYC Meeting 2024

ཚོགས་གཙོ་མཆོག་གིས་ད་རེས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་དངོས་སུ་སྐུ་མགྲོན་ངོ་བོའི་ཐོག་ནས་ལྷན་ཚོགས་སུ་ཕེབས་ཐུབ་མེད་ཀྱང་།   མངའ་སྡེིའི་གཞུང་གི་ངོས་ནས་གཞོན་ནུའི་ལྷན་ཚོགས་དེར་ཆེ་མཐོང་དང་རྒྱབ་སྐྱོར་གང་འོས་གནང་ཡོད་སྐོར་ཡང་གསུང་གི་འདུག

རྒྱ་གར་འབྲས་ལྗོངས་མངའ་སྡེའི་རྒྱལ་ས་སྒང་ཏོག་ཏུ་ཁ་སང་ནས་འགོ་འཛུགས་བྱས་པའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་དེ་ཕྱི་ཚེས་ ༡༠ བར་ཉིན་གྲངས་ ༥ རིང་མུ་མཐུད་ཚོགས་ཀྱི་ཡོད་པ་རེད།

TYC Meeting 2024

འབྲེལ་ཡོད་གསར་གནས།

གསར་གནས།