Tibetan Royal Year of 2151 | Year of the Wood Dragon

སེམས་སྐྱིད་སྒྲོལ་མ་ལགས་སུ་ལོ་གཅིག་དང་ཕྱེད་ཀའི་ཁྲིམས་ཐག་བཅད།

Tibetan News Headlines

  • India elections and Tibet : Discussion

རེས་གཟའ་ཉི་མ། ༢༠༢༤།༠༥།༡༩

  • རྒྱ་གར་གྱི་འོས་བསྡུ་ཆེན་མོའི་ཁ་ཕྱོགས་དང་བོད་ཀྱི་གནས་བབ་སྐོར་གླེང་མོལ།

རྒྱ་གཞུང་ཉེན་རྟོག་པས་བོད་འདམ་གཞུང་རྫོང་ནས་ཡིན་པའི་བོད་ཀྱི་བུད་མེད་སེམས་སྐྱིད་སྒྲོལ་མ་ལགས་ལ་རྒྱལ་ཁབ་ཀྱི་གསང་བ་ཕྱིར་བསྒྲགས་བྱས་པའི་ཉེས་མིང་འོག་ལོ་གཅིག་དང་ཕྱེད་ཀའི་ཁྲིམས་ཐག་བཅད་འདུག

དེ་རིང་ཕྱི་ཚེས་ ༨ བོད་ཀྱི་དུས་བབ་གསར་ཁང་གིས་དེ་འབྲེལ་གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་ནག་གཞུང་གིས་དྲ་ལམ་ཞིབ་བཤེར་དང་དམ་བསྒྲགས་ཆེས་ཆེར་བྱེད་བཞིན་ཡོད་པ་མ་ཟད། ལྷག་དོན་བོད་ཀྱི་ས་གནས་གང་སར་ཁ་པར་སྔོག་བཤེར་དང་འཛིན་བཟུང་བཀག་ཉར་བྱེད་བཞིན་པའི་གནས་སྟངས་བྱུང་ཡོད་པ་ལྟར། ཕྱི་རྒྱལ་གྱི་ལས་ཁུངས་དང་རྩ་འཛུགས། མི་སྒེར་བཅས་སུ་ངན་འབྲེལ་གྱིས་གསང་མྱུལ་གྱི་བྱ་སྤྱོད་སྤེལ་ནས་རྒྱལ་ཁབ་ཀྱི་གསང་བ་ཕྱིར་བསྒྲགས་བྱས་ཡོད་ཚུལ་གྱི་ཉེས་མིང་འོག འདམ་གཞུང་རྫོང་ཉེན་རྟོག་པས་སྦྲ་ཁ་གྲོང་ཚོའི་བོད་རིགས་བུད་མེད་སེམས་སྐྱིད་སྒྲོལ་མ་ལགས་ལ་ལོ་གཅིག་དང་ཕྱེད་ཀའི་ཁྲིམས་ཐག་བཅད་ཡོད་པར་བཀོད་འདུག

འབྲེལ་ཡོད་བོད་མི་ཞིག་གིས་བོད་ཀྱི་དུས་བབ་གསར་ཁང་ལ་ཕྱི་ཟླ་ ༡༠ ནང་འདམ་གཞུང་རྫོང་ཉེན་རྟོག་པས་སེམས་སྐྱིད་སྒྲོལ་མ་ལགས་གློ་བུར་དུ་འཛིན་བཟུང་བཙན་ཁྲིད་བྱས་པར་བརྟེན་ཁོང་གི་སྐོར་ལ་གནས་ཚུལ་གང་ཡང་ཤེས་རྟོགས་མེད་པར་གྱུར་བ་དང་། ཟླ་འདིའི་ཕྱི་ཚེས་ ༢ ཉིན་ཁོང་གི་ནང་མི་རྣམས་ལ་སེམས་སྐྱིད་སྒྲོལ་མ་ལགས་ལ་ལོ་གཅིག་དང་ཕྱེད་ཀའི་ཁྲིམས་ཐག་བཅད་ཡོད་པའི་བརྡ་ཐོ་འབྱོར་ཡོད་པར་འགྲེལ་བརྗོད་གནང་འདུག

དེ་བཞིན་འབྲེལ་ཡོད་བོད་མི་དེས་ཁོང་འཛིན་བཟུང་བྱས་ཡོད་པའི་རྒྱུ་མཚན་གང་ཡིན་ཤེས་རྟོགས་དཀའ་ནའང་རྣམ་ཀུན་ནས་ཆོས་ཕྱོགས་ཀྱི་སྐད་འཕྲིན་ཚོགས་པར་མཉམ་ཞུགས་གནང་གི་ཡོད་སྟབས་ཁྲིམས་འགལ་དུ་བརྩིས་ནས་ཁྲིམས་ཐག་བཅད་པ་ཞིག་ཡིན་སྲིད་པར་གསུངས་འདུག

རྩ་བའི་སེམས་སྐྱིད་སྒྲོལ་མ་ལགས་ནི། མཚོ་སྔོན་ཞིང་ཆེན་ཆུ་དམར་ལེབ་རྫོང་ནས་ཡིན་ཞིང་། ཕྱི་ལོ་ ༢༠༡༩ ལོར་འདམ་གཞུང་རྫོང་སྦྲ་ཁ་གྲོང་ཚོར་མནའ་མར་ཡོང་བ་ཞིག་རེད་འདུག པར་བདག་དབང་། བོད་ཀྱི་དུས་བབ།

འབྲེལ་ཡོད་གསར་གནས།

གསར་གནས།