Tibetan Royal Year of 2151 | Year of the Wood Dragon

དབུ་མ་དང་རང་བཙན་གྱི་ལྟ་གྲུབ་གང་ཡིན་ལ་ལྟོས་མེད་ནུས་པ་མཉམ་སྤུངས་གནང་དགོས།

Tibetan News Headlines

  • Dalai Lama honored with PV Narasimha Rao Memorial Award
  • Xi Jinping appoints senior diplomat Xu Feihong as China’s new envoy to India
  • US revokes licences for supply of chips to China’s Huawei
  • China’s Xi Arrives in Serbia to Bolster Ties With Europe’s East
  • Kyirong Jowo welcomed into the Main Temple in Dharamshala for public viewing and worship

རེས་གཟའ་ལྷག་པ། ༢༠༢༤།༠༥།༠༨

  • ༸གོང་ས་མཆོག་ལ་ Narasimha Rao རྗེས་དྲན་གྱི་ཞེ་བདེའི་གཟེངས་རྟགས་འབུལ་བཞེས་མཛད་པ།
  • Xu Feihong རྒྱ་གར་བཅའ་སྡོད་རྒྱ་ནག་གཞུང་ཚབ་པ་གསར་པར་བསྐོ་གཞག
  • ཨ་རིས་རྒྱ་ནག་ཧྭའོ་ཝེ་བཟོ་ལས་ཁང་ལ་ཁ་པར་བཟོ་སྐྲུན་སོགས་ཀྱི་ནང་བཀོལ་སྤྱོད་བྱེད་པའི་ Chip མཁོ་སྤྲོད་ཀྱི་ཆོག་མཆན་ཕྱིར་
  • ཞི་ཅིན་ཕིང་གི་ཡོ་རོབ་སྐོར་བསྐྱོད་ཁྲོད་རྒྱ་ནག་དང་མཐུན་ཕྱོགས་རྒྱལ་ཁབ་ Serbia ནང་དུ་འབྱོར་བ།
  • སྐྱིད་གྲོང་ཇོ་བོ་ཝ་ཏི་བཟང་པོའི་རྟེན་ངོ་སྤྲོད།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དེ་རིང་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་ལས་ཁུངས་གསར་པ་དབུ་འབྱེད་གནང་སྐབས་བོད་མི་རྣམས་ཀྱིས་དབུ་མ་དང་རང་བཙན་གྱི་ལྟ་གྲུབ་གང་ཡིན་ལ་ལྟོས་མེད་རྒྱ་ནག་ལ་ཕར་ཁ་ཕྱོགས་ཏེ་ནུས་པ་མཉམ་སྤུངས་གནང་དགོས་པའི་ཞུ་སྐུལ་གནང་སོང་།

དེ་རིང་ཟླ་ ༡༢ ཚེས་ ༨ ཉིན་སྔ་དྲོ་ཚོུད་ ༩ ཡོལ་ཙམ་ལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བཞུགས་སྒར་གངས་སྐྱིད་ཀྱི་ཉེ་འགྲམ་དུ་ཧིན་སྒོར་འབུམ་ ༦༠ ལྷག་གི་འགྲོ་གྲོན་བཏང་སྟེ་གསར་ཉོ་ལེགས་གྲུབ་བྱུང་བའི་དབུས་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་ལས་ཁུངས་གསར་པ་དབུ་འབྱེད་དང་༸དཔལ་ལྡན་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་༸སྐྱབས་རྗེ་ཡང་སྟེང་རིན་པོ་ཆེ་མཆོག་གིས་རབ་གནས་བཀྲིན་གནང་སོང་།

སྐབས་དེར་སྐུ་མགྲོན་གཙོ་བོ་༸དཔལ་ལྡན་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་༸སྐྱབས་རྗེ་ཡང་སྟེང་རིན་པོ་ཆེ་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ཀྱི་བདེན་དོན་གསལ་ཐབས་སུ་ཡུན་རིང་ནས་དགོངས་པ་བཞེས་ཡོད་པ་དང་བོད་རྒྱའི་དབར་གྱི་དཀའ་རྙོག་སེལ་བར་དབུ་མའི་ལམ་གྱི་སྲིད་བྱུས་དེ་ཉིད་ལམ་སྟོན་མཛད་ཡོད་ཅེས་གསུངས་པ་དང་འབྲེལ། དབུ་མའི་ལམ་གྱི་སྲིད་བྱུས་དེ་ནི་ཧ་ཅང་གཏིང་ཟབ་ཅིང་། གནད་ལ་འཕིགས་པའི་སྲིད་བྱུས་ཤིག་ཡིན་སྟབས་དེའི་གོ་རྟོགས་སྤེལ་བར་ཐོག་མར་༸གོང་ས་མཆོག་གི་དགོངས་གཞི་དང་དགོངས་པ་ཇི་ལྟར་འཁོར་ཚུལ་གྱི་སྟབས་བདེའི་ཡིག་ཆ་འགྲེམས་སྤེལ་གནང་གལ་ཡིན་པར་བཀའ་གནང་སོང་།

དེ་བཞིན་རིན་པོ་ཆེ་མཆོག་གིས་ང་ཚོ་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་གདུང་བརྒྱུད་འཛིན་མཁན་གྱི་མི་རིགས་ཤིག་དང་གངས་ཅན་པ། དེ་བཞིན་ནང་པ་སངས་རྒྱས་པ་ཞིག་ཡིན་པའི་ཆ་ནས་ངེས་པར་དུ་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་བཅས་པ་འཛིན་སྐྱོང་སྤེལ་གསུམ་གནང་དགོས་གལ་སྐོར་ལམ་སྟོན་གནང་བ་དང་ཆབས་ཅིག དབུ་མའི་ལམ་གྱི་སྲིད་བྱུས་དང་འབྲེལ་ནས་༸གོང་ས་མཆོག་གི་དགོངས་པ་དང་དགོངས་གཞི་ངོ་མ་གང་ཡིན་ཤེས་པའི་ཐོག་ནས་དོན་འཁྱོལ་གྱི་གོ་རྟོགས་སྤེལ་ཐུབས་སུ་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་ལྟ་བུ་བརྒྱ་ཕྲག་དགོས་གལ་ཆགས་ཡོད་སྐོར་གསུངས་སོང་།

དམིགས་བསལ་སྐུ་མགྲོན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྐབས་དེར་སྐབས་ ༡༦ པའི་བཀའ་ཤག་གིས་བོད་དེ་ལོ་རྒྱུས་ཐོག་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པའི་གནས་བབ་ལ་ངོས་འཛིན་ཡོང་ཐབས་སུ་འབད་བརྩོན་གནང་གི་ཡོད་ཅེས་གསུངས་པ་དང་སྦྲགས། དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱལ་སྤྱིའི་ཐོག་ནས་གདེང་འཇོག་ཡོང་ཐབས་གནང་བཞིན་པ་ལྟར་བོད་མི་རྒན་གཞོན་དར་གསུམ་གྱིས་བོད་ཀྱི་བྱུང་རབས་ལ་ཐུགས་སྣང་གནང་སྟེ་རང་ཉིད་ཀྱི་བཞེངས་ཕྱོགས་དབུ་མ་དང་རང་བཙན་གང་ཡིན་ལ་ལྟོས་མེད་བོད་སྤྱིའི་བདེན་དོན་ཆེད་མཐུན་སྒྲིལ་དང་ནུས་པ་མཉམ་སྤུངས་གནང་དགོས་གལ་ཡིན་པའི་ཞུ་སྐུལ་གནང་སོང་།

སྲིད་སྐྱོང་མཆོག་གིས་ད་དུང་མང་ཚོགས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་སྤྱི་དང་བྱེ་བྲག་ཏུ་བོད་དང་རྒྱ་ནག་སོགས་ཀྱི་ཆབ་སྲིད་ཀྱི་འགྱུར་ལྡོག་ཇི་ཆགས་ལ་གཞིགས་ཏེ་བོད་ཀྱི་བདེན་དོན་གསལ་ཐབས་ཀྱི་ཆབ་སྲིད་ཀྱི་དགོངས་གཞི་གང་ཡོད་པ་དེ་དག་ལེགས་པར་རྟོགས་པའི་ཐོག་ནས་ཕྱག་ལས་གནང་གལ་དང་། ལྷག་དོན་༸གོང་ས་མཆོག་གིས་དབུ་མའི་ལམ་གྱི་སྲིད་བྱུས་དེ་བོད་ཆོལ་གསུམ་གྱི་མི་མང་ཡོངས་ལ་དམིགས་ནས་འདོན་གནང་མཛད་ཡོད་པ་དེ་མཁྱེན་དགོས་གལ་ཡིན་པར་འགྲེལ་བརྗོད་དང་འབྲེལ། མང་ཚོགས་ཚོས་ཆབ་སྲིད་ཀྱི་བཞེངས་ཕྱོགས་ཇི་ཡིན་ལ་ལྟོས་མེད་བཀའ་ཤག་གི་ཞུ་གཏུག་ལས་འགུལ་ནང་མཉམ་ཞུགས་གནང་དགོས་པའི་ལམ་སྟོན་གནང་སོང་།

དབུས་རྒྱལ་སྤྱིའི་དབུ་མའི་ལམ་གྱི་མི་མང་ལས་འགུལ་ཁང་གི་ལས་ཁུངས་གསར་པ་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་༸དཔལ་ལྡན་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་༸སྐྱབས་རྗེ་ཡང་སྟེང་རིན་པོ་ཆེ་མཆོག་དང་དམིགས་བསལ་སྐུ་མགྲོན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་བཀྲས་ཁང་སྒྲོལ་མ་ཚེ་རིང་མཆོག བོད་མི་མང་སྤྱི་འཐུས་ཁག་གཅིག དེ་བཞིན་ གཞུང་འབྲེལ་མིན་པའི་ཚོགས་སྐྱིད་ཁག་གི་སྐུ་ཚབ་རྣམ་སོགས་ལྷན་འཛོམས་གནང་འདུག

འདི་ག་རླུང་འཕྲིན་ཁང་གིས་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་ཚོགས་གཙོ་བློ་བཟང་ཆོས་འཕེལ་ལགས་སུ་སླད་མར་གོ་རྟོགས་ཙམ་མིན་པར་ཕྱག་བསྟར་དངོས་གང་གནང་འཆར་ཡོད་དམ་ཞེས་བཅར་འདྲི་ཞུས་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།