Tibetan Royal Year of 2151 | Year of the Wood Dragon

སེར་བྱེས་དྲྭ་ཐོག་སྐད་ཡིག་སློབ་གྲྭའི་མཉེན་ཆས་གསར་པ་དབུ་འབྱེད།

Tibetan News Headlines

  • Former political prisoner Namkyi’s brave Journey: From Protest, Imprisonment to Eventual Escape to India

རེས་གཟའ་སྤེན་པ། ༢༠༢༤།༠༥།༠༤

  • རྒྱ་གཞུང་གི་མནར་གཅོད་འོག་༸རྒྱལ་བ་རིན་པོ་ཆེར་དད་གུས་གཡོ་མེད་དུ་གནས་པའི་ཆབ་སྲིད་བཙོན་ཟུར་རྣམ་སྐྱིད་ལགས།

རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ནང་རྟེན་གཞི་བྱས་པའི་གདན་ས་ཆེན་མོ་སེར་བྱེས་མཁས་སྙན་གྲྭ་ཚང་གིས་རྣམ་ཀུན་ནས་༸རྒྱལ་བའི་བཀའ་དགོངས་སྒྲུབ་ཆེད་ཤེས་ཡོན་དང་འབྲེལ་བའི་ལས་གཞི་སྣ་མང་ཞིག་སྤེལ་མུས་ཡིན་པའི་ཁོངས་ནས་གཅིག་དེང་སྐབས་ཕྱིའི་རྒྱལ་ཁབ་ཁག་ཏུ་འཚར་ལོངས་འབྱུང་བཞིན་པའི་བོད་ཕྲུག་ཚོར་རང་གི་སྐད་ཡིག བྱམས་པ་དང་སྙིང་རྗེའི་བསླབ་བྱ་ཡོད་པའི་རིག་གཞུང་དེ་དག་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་སླད་སེར་བྱེས་དྲྭ་ཐོག་སྐད་ཡིག་སློབ་གྲྭས་ལོ་གཅིག་ཙམ་གོང་ནས་འཛམ་གླིང་ཡུལ་གྲུ་གང་སར་བཞུགས་པའི་བོད་པའི་ན་གཞོན་རྣམས་ལ་དྲྭ་ཐོག་བརྒྱུད་ནས་སྐད་ཡིག་སློབ་ཁྲིད་ཀྱི་ལས་གཞི་ཞིག་དབུ་འཛུགས་གནང་ཡོད།
ཁ་སང་སེར་བྱེས་བཀྲ་ཤིས་ཆོས་གླིང་གི་ཚོགས་ཁང་དུ་འདི་ལོའི་དྲྭ་ཐོག་སློབ་གྲྭའི་ལས་གཞི་རྒྱས་པར་ཞིག་སྤེལ་ཆེད་མཉེན་ཆས་གསར་པ་ Teams ཞེས་པ་དབུ་འབྱེད་གནང་བ་དང་ལྷན་དུ་དྲྭ་ཐོག་སློབ་གྲྭའི་འཛིན་སྐྱོང་གསར་པ་རྣམས་ངོ་སྤྲོད་གནང་རྒྱུའི་མཛད་སྒོ་ཚོགས་ཡོད།
གཞི་རྩའི་སེར་བྱེས་དྲྭ་ཐོག་སློབ་གྲྭས་རིན་མེད་ཐོག་བོད་པའི་སློབ་མ་རྣམས་ལ་བོད་ཀྱི་སྐད་ཡིག་སློབ་ཁྲིད་གནང་བ་དང་སྐབས་རེ་ནང་ཆོས་ལ་དོན་གཉེར་ཡོད་མཁན་རྣམས་ལ་སློབ་ཁྲིད་གནང་སྟེ་བོད་པའི་བཟང་སྤྱོད་ལྡན་པའི་རིག་གཞུང་ཁྱབ་སྤེལ་གནང་གི་འདུག

འབྲེལ་ཡོད་གསར་གནས།

གསར་གནས།