Tibetan Royal Year of 2151 | Year of the Wood Dragon

སྤྱི་ཚོགས་དྲྭ་རྒྱར་རྒྱ་གཞུང་གིས་རྡོག་རོལ་བཏང་བའི་མི་སྣ་ཁག་མངོན་གསལ་གནང་རྒྱུའི་ལས་འགུལ་དབུ་འཛུགས།

Tibetan News Headlines

  • བོད་ཀྱི་བེུད་། བལ་ཡུལ་ལྷ་མོ་ཚོགས་པའི་ཚོགས་མི་དང་གློག་བརྙན་འཁྲབ་སྟོན་པ་འཕྲིན་ལས་ལྷ་མོ་ལགས་དང་ལྷན་ཁོང་གི་སྒྱུ་སྩལ་གྱི་ལམ་བུའི་སྐོར་གླེང་མོལ།

རེས་གཟའ་ཉི་མ། ༢༠༢༤།༠༥།༠༥

  • Women of Tibet: In conversation with Thinley Lhamo, member of Nepal Tibetan opera and star in Nepalese film ‘Shambala’

ཨ་རིའི་མང་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་ལྕམ་སྐུ་ Jennifer Wexton ལགས་ཀྱིས་རང་ཉིད་ཀྱི་ངོ་དེབ་དང་མྱུར་འཕྲིན། དེ་བཞིན་ Instagram སོགས་སྤྱི་ཚོགས་དྲྭ་རྒྱའི་སྟེང་དུ་རྒྱ་ནག་གཞུང་གིས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་བའི་མི་སྣ་ཁག་མངོན་གསལ་གནང་རྒྱུའི་ལས་འགུལ་ཞིག་དབུ་འཛུགས་གནང་འདུགཨ་རིའི་ Virginia ཁུལ་གྱི་གྲོས་ཚོགས་འཐུས་མི་ལྕམ་སྐུ་ Jennifer ལགས་ཀྱིས་བརྒྱུད་ལམ་ཁག་ཏུ་གསུངས་པར་གཞིགས་ན། རྒྱ་ནག་གཞུང་གིས་བོད་མིའི་ཆོས་དང་རིག་གཞུང་རྩ་གཏོར་གཏོང་བཞིན་པ་མ་ཟད། ཤིན་ཅང་ཁུལ་དུ་ཡུ་གུར་ཁ་ཆེའི་གྲངས་ཉུང་མི་རིགས་རྩ་མེད་གཏོང་བཞིན་པ་དང་། ཧོང་ཀོང་མང་ཚོགས་ཀྱི་མང་གཙོའི་རང་དབང་རྡོག་རོལ་གཏོང་བཞིན་ཡོད་ཀྱང་འཛམ་གླིང་མི་མང་ནས་ ༢༠༢༢ ལོའི་དགུན་དུས་ཀྱི་ཨོ་ལམ་པིཀ་རྩེད་འགྲན་གཟིགས་བཞིན་ཡོད་སྐོར་གསུངས་པ་དང་འབྲེལ། རྒྱལ་སྤྱིའི་ཨོ་རྩལ་ལྷན་ཚོགས་དང་པེ་ཅིིང་ དགུན་དུས་ཨོ་རྩལ་ལ་སྦྱིན་བདག་བྱེད་མཁན་གྱི་ Coca-Cola དང་། Visa དེ་བཞིན་ Intel དང་། Airbnb སོགས་ཚོང་ལས་ཁང་ཁག་གིས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ལས་ཚོང་གི་ཁེ་ཕན་གཙོ་ཆེར་ངོས་འཛིན་པའི་བྱ་སྤྱོད་ལ་སྐྱོན་བརྗོད་གནང་འདུག

ལྕམ་སྐུ་མཆོག་གིས་ད་དུང་དེ་སྔ་ཁོང་གིས་རྒྱལ་སྤྱིའི་ཨོ་རྩལ་ལྷན་ཚོགས་སུ་དགུན་དུས་ཀྱི་ཨོ་ལམ་པིཀ་རྩེད་འགྲན་དེ་ས་གནས་གཞན་དུ་གནས་སྤོ་བྱ་དགོས་པའི་རེ་སྐུལ་གནང་ཡང་ཁས་ལེན་ཞུས་མེད་པ་མ་ཟད། ཨོ་རྩེལ་འགྲན་ཚོགས་ལ་རྒྱབ་སྐྱོར་བྱེད་མཁན་གྱི་ཚོང་ལས་སྡེ་ཁག་ནས་རྒྱ་གཞུང་གིས་གདུག་རྩུབ་ཅན་གྱི་བྱ་སྤྱོད་སྤེལ་བཞིན་པ་ཤེས་བཞིན་དུ་ངན་པ་ལག་སྦྲེལ་བྱ་རྒྱུ་མེད་སྐོར་གྱི་ཞུ་སྐུལ་གནང་བ་དེར་ཡ་ལན་གང་ཡང་སྤྲད་མེད་པ་བཅས་ལུང་འདྲེན་དང་སྦྲགས། རྒྱ་ནག་གཞུང་འབྲེལ་མི་སྣས་གཉེར་བའི་བཙན་གཡེམ་གྱི་བྱ་སྤྱོད་མཚོན་པའི་གཉའ་གནོན་དང་གདུག་རྩུབ་ཅན་གྱི་བྱ་སྤྱོད་རྣམས་སྤྱི་ཚོགས་དྲྭ་ལམ་བརྒྱུད་ཉིན་ལྟར་ཐེར་འདོན་གནང་རྒྱུ་ཡིན་སྐོར་གསུངས་བ་དང་འབྲེལ། རྒྱ་ནག་གི་སྲིད་བྱུས་ངན་པའི་འོག་ཏུ་མནར་གཅོད་ཤུགས་ཆེར་མྱོང་བཞིན་པའི་སྐོར་ལ་ཨ་རིའི་མང་ཚོགས་ནས་ཤེས་རྟོགས་ཐུབ་ཕྱིར་ལས་འགུལ་དེ་དབུ་འཛུགས་གནང་བ་ཞིག་ཡིན་པར་གསུངས་འདུགདེ་བཞིན་ཉེ་ལམ་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ Mark R. Warner ལགས་དང་། Rick Scott ལགས་སོགས་ཐུན་མོང་ནས་རྒྱ་ནག་དམར་ཤོག་གཞུང་གིས་རྒྱ་ནག་གི་ཊེ་ནི་སི་རྩེད་འགྲན་པ་གྲགས་ཅན་ལྕམ་ Peng Shuai ལགས་ཀྱི་བདེ་འཇགས་སྲུང་སྐྱོབ་དང་ཁོ་མོའི་རང་དབང་ཐད་ལ་འགན་ཆ་ཚང་འཁུར་དགོས་པ་མ་མ་ཟད། ཁོང་གི་གནས་སྟངས་དང་འབྲེལ་ནས་རྒྱ་གཞུང་གིས་བཤད་པར་ཨོ་རྩལ་ལྷན་ཚོགས་ནས་གཙང་བཟོ་གང་ཡང་གནང་མ་ཐུབ་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཀྱང་བཞག་ཡོད།

གཞི་རྩའི་ཉེ་ལམ་རེས་གཟའ་ཟླ་བའི་ཉིན་རྒྱ་ནག་གཞུང་གི་སྟངས་འཛིན་དྲག་པོའི་འོག་ནས་ཊེ་ནི་སི་རྩེད་འགྲན་པ་གྲགས་ཅན་ལྕམ་ Peng Shuai ལགས་སུ་བཅར་འདྲི་བྱས་པ་ཞིག་ཕྱིར་ཐོན་ཡོད་པ་དང་།

སྐབས་དེར་ཁོང་གིས་རང་ཉིད་བདེ་ཐང་དང་རང་དབང་ངང་གནས་བཞིན་ཡོད། ངའི་བདེ་འཇགས་ཐོག་མང་ཚོགས་མང་པོ་ཞིག་ལ་སེམས་འཚབ་བྱུང་བ་ནི་དངོས་ཡོད་གནས་ཚུལ་ལ་རྒྱུས་ལོན་ཡག་པོ་མ་གནང་བའི་རྐྱེན་གྱིས་ཡིན་སྐོར་གསུངས་ཡོད་ཀྱང་། ཁོང་གིས་སྐབས་དེར་སྤྱི་ཚོགས་དྲ་རྒྱའི་ཐོག་རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་ཅིག་གིས་ཁོ་མོར་བཙན་ཤེད་ཀྱིས་འཁྲིག་སྤྱོད་བྱས་པའི་སྐོར་དང་ཁོང་ཡུན་རིང་གར་སོང་ཆ་མེད་དུ་གྱུར་ཡོད་པ་བཅས་ཀྱི་སྐོར་ལ་གསལ་བཤད་གནང་མི་འདུག

འབྲེལ་ཡོད་གསར་གནས།

གསར་གནས།