Tibetan Royal Year of 2151 | Year of the Wood Dragon

སྤྱི་ཟུར་ཚུལ་ཁྲིམས་བསྟན་འཛིན་ལགས་འདས་གྲོངས་སུ་གྱུར་འདུག

Tibetan News Headlines

  • Tibetan delegation embark on an official visit to Taiwan
  • Sikyong Penpa Tsering begins final leg of his Europe visit to France
  • Chinese undercover agent breaks silence on espionage operations, including information gathering on Tibetans
  • UK Religious Freedom Envoy hears testimonies about threat to freedom of religion and belief from Tibetans and other minorities
  • Tibetan student topper dedicates accomplishment to the Dalai Lama as he reaches 90
  • 29th Gyalyum Chenmo in begins in Hunsur with the host beating Odisha Phuntsokling 2-0

རེས་གཟའ་ཕུར་བུ། ༢༠༢༤།༠༥།༡༦

  • བོད་མིའི་སྐུ་ཚབ་ཁག་གཅིག་ཐེ་ཝན་ནང་གཞུང་འབྲེལ་ཕྱོགས་བསྐྱོད་གནང་བཞིན་པ།
  • སྲིད་སྐྱོང་མཆོག་ཧྥ་རན་སིར་ཉིན་གསུམ་རིང་ཕྱོགས་ཕེབས་གནང་བཞིན་པ།
  • རྒྱ་རིགས་སོ་མྱུལ་བ་ཞིག་གིས་རྒྱ་ནག་གཞུང་གིས་ཨོ་གླིང་གཙོས་རྒྱལ་སྤྱིའི་ཁྲོད་སྤེལ་བཞིན་པའི་བྱ་སྤྱོད་ཐེར་འདོན།
  • དབྱིན་ཡུལ་ནང་དུ་ཆོས་དད་རང་དབང་ཐོག་གྲོས་བསྡུར་ལས་རིམ་ཞིག་འཚོགས་གནང་འདུག
  • རྒྱལ་ཡོངས་ཡིག་རྒྱུགས་ནང་བརྒྱ་ཆ་ ༩༥.༢ སོན་པ་དེ་འདི་ལོར་༸གོང་ས་མཆོག་དགུང་གྲངས་ ༩༠ བདག་གིས་བཞེས་པར་ཕྱག་རྟགས་ཡིན།
  • རྒྱལ་ཡུམ་ཆེན་མོའི་དྲན་རྟེན་རྐང་རྩེད་སྤོ་ལོའི་རྕེད་འགྲན་ཐེངས་ ༢༩  དབུ་འཛུགས།

ཕྱི་ཟླ་ ༧ ཚེས་ ༢ ཉིན་གྱི་ཕྱི་དྲོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐབས་བཅུ་གཉིས་ནས་བཅོ་ལྔ་བར་དུ་སྤྱི་འཐུས་ལས་འཁུར་བཞེས་མྱོང་མཁན་སྤྱི་ཟུར་ཚུལ་ཁྲིམས་བསྟན་འཛིན་ལགས་སྐུ་གཟུགས་བདེ་མིན་དབང་གིས་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་འདས་གྲོངས་སུ་གྱུར་འདུག

སྤྱི་ཟུར་ཚུལ་ཁྲིམས་བསྟན་འཛིན་ལགས་འདས་གྲོངས་སུ་གྱུར་བར་བརྟེན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་དམ་པ་ཁོང་གི་ཤུལ་ལུས་ནང་མི་དང་ཉེ་འབྲེལ་ཀུན་ལ་ཐུགས་གསོའི་གསུང་འཕྲིན་ཡིག་གནང་འདུག་པའི་ནང་དམ་པ་དེ་ཉིད་ཀྱིས་བོད་བསྟན་སྲིད་མི་རིགས་དང་བོད་མིའི་སྒྲིག་འཛུགས། བོད་རྒྱ་ཆེའི་མང་ཚོགས་བཅས་ཀྱི་དོན་དུ་ཞབས་ཞུ་མཐར་སོན་གནང་བའི་མཛད་རྗེས་ལ་ཡི་རངས་བསྔགས་བརྗོད་དང་འབྲེལ། ཚེ་རབས་ཀུན་ཏུ་བསགས་པའི་སྡིག་ལྟུང་རྣམས་བྱང་ཞིང་དག་ཅིང་། འཕགས་མཆོག་ཕྱག་ན་པདྨོའི་རྗེས་སུ་བཟུང་སྟེ་རྣམ་མཁྱེན་རྒྱལ་བའི་གོ་འཕང་ལ་མྱུར་དུ་རེག་པའི་སྨོན་འདུན་དང་ཤུལ་ལུས་ནང་མི་ཉེ་འབྲེལ་ཀུན་ལ་ཐུགས་གསོ་བཅས་ཞུས་འདུག

གཞི་རྩའི་སྤྱི་ཟུར་དམ་ཚུལ་ཁྲིམས་བསྟན་འཛིན་ལགས་ཀྱིས་མི་ལོ་ ༢༦ ཧྲིལ་པོའི་རིང་སློབ་དགེ་དང་གཞིས་འགོ་སོགས་ཀྱི་ལས་འགན་སྣ་ཚོགས་ཐོག་ནས་གཞུང་མང་གི་ཞབས་འདེགས་ཞུས་ཡོད་པ་རེད། དེ་ནས་གཞུང་ཞབས་ནས་དགོངས་ཞུས་ཀྱིས་ཨིན་ཡུལ་བྱིས་པའི་རོགས་ཚོགས་ཀྱི་རྒྱ་གར་ཤར་ཕྱོགས་སྡེ་ཚན་གྱི་སྤྱི་ཁྱབ་འགན་འཛིན་གཞོན་པའི་ལས་འཁུར་ལོ་གསུམ་ལྷག་ཞུས། དེ་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་འབྲེལ་ལྟར་སླར་ཡང་གཞུང་ཞབས་སུ་ཞུགས་ཏེ་བོད་གཞུང་དབུས་སྨན་རྩིས་ཁང་གི་ཡན་ལག་སྤྱི་ཁྱབ་འགན་འཛིན་གྱི་ལས་འཁུར་ལོ་གསུམ་ཞུས་པ་དང་དུས་སྐབས་དེའི་ནང་ཀལ་ཀ་ཊ་དང་ཀ་སྦུག རྡོར་གླིང་བཅས་སུ་སྨན་རྩིས་ཁང་གི་ཁང་པ་གསར་རྒྱག་དང་ས་ཆ་གསར་ཉོས་གནང་བར་མ་ཟད། ས་ལུ་གྷ་ར་དང་ཤིས་ལོང་། ཨོ་རི་སའི་རྒྱལ་ས་སྦུབ་ནེ་ཤི་ཝར་བཅས་སུ་ཡན་ལག་སྨན་ཁང་གསར་འཛུགས་ཞུས་པ་སོགས་ཀྱི་ལས་དོན་གནང་ཡོད། དེ་རྗེས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐབས་ ༡༢ པའི་མདོ་སྟོད་སྤྱི་འཐུས་སུ་འོས་འདེམས་ཀྱིས་མུ་མཐུད་སྐབས་བཅུ་གསུམ་པ་དང་བཅུ་བཞི་པ། སྐབས་བཅོ་ལྔ་པ་བཅས་སུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་སྤྱི་འཐུས་ལས་འཁུར་བཞེས་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།