སྲིད་སྐྱོང་མཆོག་གིས་བོད་ཀྱི་གནད་དོན་གསལ་ཐུབ་པའི་ཐབས་ལམ་ཉག་གཅིག་ནི་དབུ་མའི་ལམ་གྱི་སྲིད་བྱུས་རེད་ཅེས་གསུངས་པ།

Tibetan News Headlines

  • Hokkaido Shimizu Town Delegation Visits Tibet House Japan, Presents First Harvest of the Region for His Holiness the Dalai Lama
  • Tibet Advocacy Group Calls on US to Restore Tibetan Broadcasting Services to Counter Chinese Propaganda and Censorship
  • China-Linked UK Businessman Tried to Hire Ex-Met Detective to Investigate MPs Critical of Beijing
  • Nvidia CEO Jensen Huang Admits Affair with Suspected Chinese Spy; Company Launches Investigation
  • Tibetan Representative Jigme Tsultrim Briefs India’s Minority Commission Chairperson on Tibetan Settlements in South India
  • China Expands Media Influence in Thailand Through Partnerships, Propaganda and Diplomatic Pressure, RSF Reports
  • History Feature: Tsarong Dasang Damdul

ཪེས་གཟའ་ཟླ་བ། ༢༠༢༦།༡༡།༠༩

  • ཉི་ཧོང་གྲོང་སྡེ་ཞིག་གི་སྐུ་ཚབ་ཚོ་ཁག་ནས་ས་གནས་དེའི་ལོ་ཏོག་ཐོན་སྐྱེད་ཐོག་མ་༸གོང་ས་མཆོག་ལ་འབུལ་བཞེས་གནང་འདུག
  • རྒྱ་ནག་གི་འཁྱོག་བཤད་དྲིལ་བསྒྲགས་ལ་གདོང་ལེན་སླད་ཨ་རི་གཞུང་གིས་བོད་སྐད་རླུང་འཕྲིན་ཁང་ལ་རྒྱབ་སྐྱོར་བྱེད་དགོས་གལ་ཡིན་པ་གསུངས་འདུག
  • དབྱིན་ཡུལ་ཚོང་པ་ཞིག་གིས་སོ་མྱུལ་བ་གླ་གཡར་བརྒྱུད་རྒྱ་ནག་གི་ཆེད་དུ་དབྱིན་ཡུལ་གྲོས་ཚོགས་འཐུས་མི་ཁག་གཅིག་ལ་གསང་ཉུལ་བྱས་པ་མངོན་གསལ།
  • Nvidia ཁེ་ལས་ཁང་གི་འགན་འཛིན་གྱིས་དོགས་གཞི་ཅན་གྱི་རྒྱ་རིགས་བུད་མེད་སོ་བ་ཞིག་དང་ནང་འབྲེལ་བྱུང་བའི་ཁས་ལེན་བྱས་རྗེས། ཁེ་ལས་ཁང་གིས་ཁོའི་བྱ་སྤྱོད་ལ་ཞིབ་བཤེར་འགོ་འཛུགས།
  • ལྷོ་སྤྱི་ཡིས་རྒྱ་གར་གཞུང་གི་གྲངས་ཉུང་མི་རིགས་ལྷན་ཚོགས་ཀྱི་ཚོགས་གཙོ་དང་མཇལ་འཕྲད་གནང་བ།
  • རྒྱ་གཞུང་གིས་ Thailand ནང་གི་གསར་འགོད་རང་དབང་ལ་དམ་དྲག་ཆེན་པོ་བྱེད་བཞིན་པ་གསལ་སྟོན།
  • བོད་ཀྱི་ལོ་རྒྱུས་ཁྲོད་མི་སྣ་གྲགས་ཅན་ངོ་སྤྲོད། དམག་སྤྱི་ཚ་རོང་ཟླ་བཟང་དགྲ་འདུལ་ལགས་ཀྱི་སྐོར།

དེ་རིང་ཟླ་ ༡༢ ཚེས་ ༡༧ ཉིན་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱིས་གོ་སྒྲིག་འོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ Constitution Club of India ཞེས་པའི་ཚོགས་ཁང་དུ་རྒྱ་གཞུང་གིས་འགྲེམས་སྤེལ་བྱས་པའི་རྒྱབ་ཤ་དཀར་པོའི་ལས་འདེབས་སུ་བོད་རྒྱ་ནག་གི་ཆ་ཤས་མིན། འོན་ཀྱང་བོད་ཀྱི་གནད་དོན་གསལ་ཐུབ་པའི་ཐབས་ལམ་ཉག་གཅིག་ནི་དབུ་མའི་ལམ་གྱི་སྲིད་བྱུས་འདི་ཉིད་ཡིན་ཅེས་པའི་སྙན་ཐོའི་དཔེ་དེབ་གཅིག་དབུ་འབྱེད་གནང་པ་མ་ཟད། ལྷན་ཚོགས་དེའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་ཆབ་སྲིད་ཀྱི་དབུ་ཁྲིད་མི་སྣ། བོད་གནད་ཉམས་ཞིབ་པ་མཁས་དབང། ཤེས་ལྡན་མི་སྣ། དེ་བཞིན་སྲིད་བྱུས་བཀོད་སྒྲིག་གནང་མཁན་དང་བོད་རིགས་སློབ་ཕྲུག་བཅས་ཁྱོན་མི་གྲངས་ ༡༠༠ ལྷག་ལྷན་འཛོམས་ཐོག་བོད་དོན་དང་འབྲེལ་བའི་བགྲོ་གླེང་གནང་ཡོད་པ་རེད།

འདི་ག་རླུང་འཕྲིན་ཁང་གིས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལ་བཀའ་འདྲི་ཞུས་པར་སྲིད་སྐྱོང་མཆོག་གིས་རྒྱ་གཞུང་ནས་བོད་ཐོག་རྒྱབ་ཤ་དཀར་པོ་བཅིུག་ཙམ་བཏོན་ཡོད་པ་དང་། དེ་བཞིན་གྲངས་ཉུང་མི་རིགས་ཐོག་རྒྱབ་ཤ་དཀར་པོ་མང་པོ་ཞིག་བཏོན་པ་ལས་གཉིས་བོད་དང་འབྲེལ་ཡོད་ཆགས་ཀྱི་ཡོད་པ་རེད། འོན་ཀྱང་རྒྱབ་ཤ་དཀར་པོ་དེ་དག་གི་ནང་ལ་འགྲོ་བ་མིའི་ཐོབ་ཐང་ཡག་པོ་ཡོད་པ་དང་བོད་ཀྱི་ས་ཆ་དེའི་བདག་དབང་བོད་མི་རང་ལ་ཡོད་པ། དཔལ་འབྱོར་གྱི་གནས་སྟངས་ཡག་པོ་ཡོད་སྐོར་སོགས་རྒྱུན་ལྡན་ལྟར་བཏོན་གྱི་ཡོད་པར་བརྟེན། ད་ལན་བོད་མིའི་སྒྲིག་འཛུགས་ཀྱིས་དེབ་འདི་འདོན་སྤེལ་གནང་པའི་བརྒྱུད་ནས་རྒྱ་གཞུང་གིས་འཁྱོག་བཤད་བྱས་པར་བོད་དབྱིན་རྒྱ་གསུམ་གྱི་སྐད་ཡིག་ཐོག་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་བོད་ཀྱི་ལོ་རྒྱུས་དང་ཡང་སྲིད་ཀྱི་ལམ་ལུགས། བོད་ཀྱི་ཁོར་ཡུག་དང་དཔལ་འབྱོར་བཅས་ཀྱི་ལོ་རྒྱུས་དངོས་ཡོད་གསལ་བཤད་དང་སྦྲགས། བོད་ཀྱི་དཀའ་རྙོག་གསལ་ཐུབ་པའི་ཐབས་ ལམ་ཉག་གཅིག་ནི་དབུ་མའི་ལམ་གྱི་སྲིད་བྱུས་འདི་རེད་ཅེས་གསུངས་པ་མ་ཟད། ལྷག་དོན་ད་ལན་ང་ཚོ་རྒྱལ་ས་ལྡི་ལིར་ཆེད་བཅར་གྱིས་འདོན་སྤེལ་གནང་དོན་ནི་རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་གི་ཐོག་ནས་ཁྱབ་བསྒྲགས་རྒྱ་གང་ཆེ་གནང་ཐུབ་ཐབས་དང་རྒྱ་གར་གྱི་གནད་ཡོད་མི་སྣ་གཙོས་པའི་མི་དམངས་རྣམས་ལ་བོད་ཀྱི་བདེན་དོན་གོ་རྟོགས་སྤེལ་དགོས་གལ་ཡིན་པ་གཟིགས་ཀྱི་ཡོད་སྐོར་སོགས་གསུངས་སོང་།

སྲིད་སྐྱོང་མཆོག་གིས་རྒྱ་གཞུང་ནས་འདོན་སྤེལ་བྱས་པའི་དེབ་དེའི་མིང་ལ་རྒྱབ་ཤ་དཀར་པོ་ཟེར་གྱི་ཡོད་ཀྱང་ནང་དོན་ཡོངས་རྫོགས་རྫུན་གཏམ་འཁྱོག་བཤད་འབའ་ཞིག་ཡིན་པ་དང་བདེན་དོན་དངོས་ནི་དེ་དང་འདི་ཡིན་ཅེས་གསལ་བཤད་གནང་པ་ཞིག་ཆགས་ཡོད་པ་གསུངས་སོང་། སྲིད་སྐྱོང་མཆོག་གིས་ད་དུང་བོད་རྒྱ་འབྲེལ་མོལ་ཡོང་བའི་ཐབས་ཤེས་ནི་བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་དེ་གཙོ་བོ་ཡིན་པ་དང་ཁོང་གི་ངོས་ནས་བོད་རྒྱ་འབྲེལ་མོལ་ཡོང་བར་འབད་སྤུངས་གནང་མུས་ཡིན་པ་མ་ཟད། མ་འོངས་པར་ཡང་མུ་མཐུད་དེ་ལྟར་འབད་བརྩོན་གནང་རྒྱུ་ཡིན་སྐོར་སོགས་གསུངས་ཡོད་པ་རེད།

དེ་བཞིན་སྲིད་སྐྱོང་མཆོག་གིས་བོད་ཀྱི་གནད་དོན་གསལ་ཐུབ་པའི་ཐབས་ལམ་ཉག་གཅིག་ནི་དབུ་མའི་ལམ་གྱི་སྲིད་བྱུས་འདི་ཉིད་ཡིན་ཅེས་བརྗོད་དོན་ནི་གཞི་རྩའི་བོད་དེ་རང་བཙན་རྒྱལ་ཁབ་ཅིག་ཡིན་པ་དང་། ད་ལྟ་རྒྱ་ནག་གི་བཙན་བཟུང་འོག་ལ་གནས་བསྡད་ཡོད་པ་གང་ཞིག་མིང་དོན་མཚུངས་པའི་རང་སྐྱོང་བྱུང་བ་ཡིན་ན་ང་ཚོས་རྒྱ་ནག་ནས་བོད་རང་བཙན་རྩོད་ཀྱི་མེད་པ་གསལ་བཏོན་གནང་པ་ཞིག་ཡིན་པ་སོགས་གསུངས་སོང་།

རྩ་བའི་དེ་རིང་གི་སྙན་ཐོའི་དཔེ་དེབ་དབུ་འབྱེད་གནང་གྲུབ་བསྟུན་རྒྱ་ནག་གི་སྲིད་བྱུས་ཐོག་སློབ་སྟོན་པ་སྐུ་ཞབས་ Jayadeva Ranade མཆོག་དང་བོད་རིག་པའི་མཁས་པ་སྐུ་ཞབས་ Claude Arpi མཆོག་རྣམ་གཉིས་ཀྱིས་བགྲོ་གླེང་དབུ་འཛུགས་གནང་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།

Monday 09/11/2026