Tibetan Royal Year of 2151 | Year of the Wood Dragon

སྲིད་སྐྱོང་མཆོག་ནིའུ་ཛི་ལེནྚ་དང་ཨོསྟྲེ་ལི་ཡཱར་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་ཐོན།

Tibetan News Headlines

  • His Holiness the Dalai Lama confers Mahakala Blessing (Gonpo Jenang)
  • In depth: Taiwan’s new government policy on Tibet and China

རེས་གཟའ་སྤེན་པ། ༢༠༢༤།༠༥།༡༨

  • ༸གོང་ས་མཆོག་གིས་མགོན་པོའི་རྗེས་གནང་གི་ཆོས་འབྲེལ་བཀའ་དྲིན་སྩལ་བ།
  • ཐེ་ཝན་གཞུང་འཛིན་གསར་པས་བོད་དང་རྒྱ་ནག་ཐོག་འཛིན་པའི་སྲིད་བྱུས་སྐོར།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནིའུ་ཛི་ལེནྚ་དང་ཨོསྟྲེ་ལི་ཡཱའི་ནང་ལ་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་ཐོན་གནང་འདུག་པ་དང་། འདི་ནི་སྐུ་ཞབས་སྤེན་པ་ཚེ་རིང་མཆོག་སྲིད་སྐྱོང་གི་ཐུགས་འགན་བཞེས་རྗེས་རྒྱལ་ཁབ་དེ་གཉིས་ནང་ཕེབས་པ་ཐེངས་དང་པོ་ཆགས་ཀྱི་ཡོད།  

དེ་ཡང་སྲིད་སྐྱོང་མཆོག་དེ་རིང་ཕྱི་ཚེས་ ༡༣ ཉིན་གྱི་ཉིན་རྒྱབ་༸བཞུགས་སྒར་ནས་ཕེབས་ཐོན་གྱིས་སང་ཉིན་ཕྱི་ཚེས་ ༡༤ ཉིན་གྱི་དགོང་དྲོ་ནིའུ་ཛི་ལེནྚ་དུ་འབྱོར་གྱི་ཡོད་པ་དང་། ད་ལྟའི་ཆར་གཏན་འབེབས་ཟིན་པའི་མཛད་རིམ་ལྟར་ན་སྲིད་སྐྱོང་མཆོག་ཕྱི་ཚེས་ ༡༥ ཉིན་ནིའུ་ཛི་ལེནྚ་རྒྱལ་ཡོངས་གསར་ཁང་ཁག་ཅིག་གི་ལས་རིམ་ཐོག་ལྷན་ཞུགས་གནང་རྒྱུ་དང་། Auckland གཙོས་པའི་ཉེ་འཁོར་ས་གནས་ཁག་ཏུ་གནས་འཁོད་བོད་མི་མང་ཚོགས་ལ་གསུང་བཤད། དེ་བཞིན་ས་གནས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་དང་། རྒྱ་རིགས་བོད་དོན་རྒྱབ་སྐྱོར་བ་སོགས་ཐུག་འཕྲད་གནང་གི་ཡོད་པ་དང་། ཕྱི་ཚེས་ ༡༦ ཉིན་ནིའུ་ཛི་ལེནྚ་གྱི་རྒྱལ་ས་ Wellington ནང་ཡུལ་དེའི་གྲོས་ཚོགས་ལ་གཟིགས་སྐོར་སོགས་གནང་འཆར་ཡོད་པ་རེད། 

ནིའུ་ཛི་ལེནྚ་ནང་གི་མཛད་རིམ་ཁག་གྲུབ་མཚམས་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཕྱི་ཚེས་ ༡༧ ཉིན་ཨོསྟྲེ་ལི་ཡཱའི་གྲོང་ཁྱེར་ Sydney ནང་ཕེབས་ཏེ་ཕྱི་ཚེས་ ༢༥ བར་ཡུལ་དེའི་གྲོས་ཚོགས་འཐུས་མི་དང་། རྒྱ་རིགས་བོད་དོན་རྒྱབ་སྐྱོར་བ། གཞན་ཡང་བོད་དོན་རྒྱབ་སྐྱོར་ཚོགས་པའི་མི་སྣ་སོགས་དང་མཇལ་འཕྲད་གནང་རྒྱུ་ཙམ་མ་ཟད། བོད་དོན་དང་འབྲེལ་བའི་གསུང་བཤད་ལས་རིམ་ཁག་ཅིག་གི་ཐོག་ལྷན་ཞུགས་གནང་གི་ཡོད་པ་རེད་འདུག

གཞི་རྩའི་ཐེངས་འདིར་སྲིད་སྐྱོང་མཆོག་ཨོསྟྲེ་ལི་ཡཱའི་ནང་གི་མཛད་རིམ་ཁྲོད་ཡུལ་དེའི་རྒྱལ་ཡོངས་གསར་འགོད་མཐུན་ཚོགས་ཀྱི་ལས་རིམ་ཞིག་གི་ཐོག་གསུང་བཤད་གནང་གཏན་འཁེལ་བ་དང་འབྲེལ། ཨོ་གླིང་དུ་ཡོད་པའི་རྒྱ་ནག་གཞུང་ཚབ་ལས་ཁང་གི་དཔོན་རིགས་ཁག་ཅིག་ནས་རྒྱལ་ཡོངས་གསར་འགོད་མཐུན་ཚོགས་ཀྱི་སྤྱི་ཁྱབ་ལ་སྲིད་སྐྱོང་མཆོག་གི་མཛད་རིམ་དེ་ཕྱིར་འཐེན་བྱ་དགོས་པའི་གནོན་ཤུགས་སྤྲད་པའི་གནས་སྟངས་བྱུང་ཡོད་ཀྱང་། ཨོ་གླིང་རྒྱལ་ཡོངས་གསར་འགོད་མཐུན་ཚོགས་ཀྱི་འཛིན་སྐྱོང་འགན་འཛིན་སྐུ་ཞབས་ Maurice Reilly ལགས་ཀྱིས་གསར་འགོད་མཐུན་ཚོགས་ཀྱི་གླེང་སྟེགས་དེ་ནི་བགྲོ་གླེང་དང་བསམ་ཚུལ་གསུང་སའི་སྡིངས་ཆ་ཞིག་ཡིན་པ་ཙམ་དུ་མ་ཟད། སྨྲ་བརྗོད་དང་། གསར་འགོད་རང་དབང་གི་གླེང་སྟེགས་གལ་ཆེ་ཞིག་ཀྱང་ཡིན་པ་འགྲེལ་བརྗོད་དང་སྦྲགས། སྲིད་སྐྱོང་མཆོག་གི་གསུང་བཤད་མཛད་རིམ་ལ་འགྱུར་བ་གང་ཡང་མེད་ཞེས་གསུངས་ཡོད་རེད། འོན་ཀྱང་ཚོགས་པའི་ངོས་ནས་རྗེས་སུ་ལས་རིམ་དེ་ཉིན་གཅིག་ཕར་འགྱངས་ཀྱིས་སྲིད་སྐྱོང་མཆོག་གི་ཨོ་གླིང་རྒྱལ་ཡོངས་གསར་འགོད་མཐུན་ཚོགས་ཀྱི་གླེང་སྟེགས་ཐོག་ཕྱི་ཚེས་ ༢༡ ཉིན་བོད་རྒྱའི་དཀའ་རྙོག་སེལ་ཐབས་དང་ཞི་བདེའི་སྐོར་གསུང་བཤད་གནང་གི་ཡོད་པ་རེད། 

འབྲེལ་ཡོད་གསར་གནས།

གསར་གནས།