Tibetan Royal Year of 2151 | Year of the Wood Dragon

ཧ་ཝར་ཌི་གཙུག་ལག་སློབ་གྲྭའི་སློབ་མ་ཁག་ཅིག་བཞུགས་སྒར་དུ་ལྟ་སྐོར་ལ་ཕེབས་པ།

Tibetan News Headlines

  • Report Card: Sherig Kalon Tharlam Dolma Changra

རེས་གཟའ་སྤེན་པ། ༢༠༢༤།༠༦།༡༦

  • ཤེས་རིག་བཀའ་བློན་མཆོག་དང་ལྷན་འདས་པའི་ལོ་གཉིས་དང་ཕྱེད་ཀའི་ལས་དོན་སྐོར་བཅར་འདྲི།

ཨ་རིའི་ Massachusetts མངའ་སྡེར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་ཁྲོད་སྙན་གྲགས་ཆེ་བའི་ Harvard གཙུག་ལག་སློབ་གཉེར་ཁང་དུ་སློབ་གཉེར་གནང་བཞིན་པའི་སློབ་མ་ཁག་ཅིག་བཞུགས་སྒར་དུ་ཆེད་ཕེབས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་དང་ཤེས་རིག་གི་སྡེ་ཁག་བཅས་ལ་ལྟ་སྐོར་གནང་བཞིན་འདུག

གཞི་རྩའི་ཧ་ཝར་ཌི་གཙུག་ལག་སློབ་གྲྭའི་སློབ་མ་ཁག་དེ་དག་བཞུགས་སྒར་དུ་ཕེབས་པ་ནི་གཙུག་ལག་སློབ་གཉེར་ཁང་དེར་ལོ་ཤས་གོང་ནས་བོད་ཕྲུག་སློབ་ཁག་ཅིག་གིས་བོད་ཀྱི་རིག་གཞུང་མི་ཉམས་གོང་འཕེལ་དང་བོད་དོན་གོ་རྟོགས་ཀྱི་ལས་གཞི་སྤེལ་རྒྱུར་ཆེད་དམིགས་ཀྱིས་གསར་འཛུགས་གནང་བ་ཧ་ཝར་ཌི་བོད་ཀྱི་རིག་གཞུང་ཚོགས་པས་གོ་སྒྲིག་དང་གཙུག་ལག་སློབ་གཉེར་ཁང་གིས་དཔལ་འབྱོར་གྱི་རོགས་རམ་བཅས་གནང་སྟེ་ཕེབས་པ་ཆགས་ཀྱི་འདུག  

སློབ་མ་རྣམས་ནས་འདས་པའི་ཉིན་གྲངས་བདུན་ཙམ་གྱི་ནང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་དབུས་པའི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་མཇལ་འཕྲད་ཞུས་ཏེ་སྒྲིག་འཛུགས་ཀྱི་ཕྱག་ལས་གནང་ཕྱོགས་དང་བཙན་བྱོལ་བོད་མིའི་མང་གཙོ། བོད་ཀྱི་གནད་དོན་སོགས་ཀྱི་ཐོག་རྒྱུས་ལོན་གནང་བར་མ་ཟད། དྷ་ས་བོད་ཀྱི་དཔེ་མཛོད་ཁང་གཙོས་རིག་གཞུང་གི་ལྟེ་གནས་ཁག དེ་བཞིན་དྷ་སྟེང་བོད་ཁྱིམ་སོགས་ཤེས་ཡོན་གྱི་སྡེ་ཁག་ཏུ་ལྟ་སྐོར་གནང་འདུག

བཞུགས་སྒར་དུ་ཕེབས་པའི་ Harvard གཙུག་ལག་སློབ་གཉེར་ཁང་གི་སློབ་མའི་ཁོངས་སུ་བོད་ཕྲུག་གཉིས་གཙོས་སློབ་མ་དགུ་འདུག་པ་དང་། དེ་དག་ཁྲོད་ནས་སློབ་མ་ཁག་ཅིག་ལ་བཞུགས་དུ་བོད་པའི་སྤྱི་ཚོགས་རྒྱུས་ལོན་གནང་བའི་མྱོང་བ་དང་འབྲེལ་བཅར་འདྲི་ཞུས་ཡོད།  

 ཤེས་རྟོགས་བྱུང་བར། བཞུགས་སྒར་དུ་ལྟ་སྐོར་ལ་ཕེབས་པའི་ Harvard གཙུག་ལག་སློབ་གཉེར་ཁང་གི་སློབ་མ་རྣམས་ཉིན་ཤས་རྗེས་སུ་བཞུགས་ནས་ལ་དྭགས་སུ་ཕེབས་རྒྱུ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་དང་ ལམ་སྟོན་ཞུ་གཏན་ཁེལ་འདུག

འབྲེལ་ཡོད་གསར་གནས།

གསར་གནས།