Tibetan Royal Year of 2151 | Year of the Wood Dragon

༢༠༢༣ ལོའི་དབྱར་སྐྱིད་འགྲན་བསྡུར་ཁྲོད་སླར་རྔོན་པ་རུ་ཁག་ལ་རྒྱལ་ཁ་ཐོབ་པ།

Tibetan News Headlines

  • Himachal Government schools to implement SEE learning
  • Dalai Lama grants an audience to Tibet supporters from Japan
  • Mass relocations of Tibetans not voluntary, villagers coerced by extreme pressure: HRW
  • Three-day Tibetan settlement cooperative’s conference begins in Dharamshala
  • Idea to Execution: Dalai Lama College hosts EntrepExpo

རེས་གཟའ་ལྷག་པ། ༢༠༢༤།༠༥།༢༢

  • ཧི་མཱ་ཅལ་མངའ་སྡེའི་ནང་ SEE ཤེས་ཡོན་ལག་བསྟར་དབུ་འཛུགས་གནང་རྒྱུའི་མཛད་སྒོ་ཞིག་འཚོགས་སོང་།
  • ༸གོང་ས་མཆོག་གིས་ཉི་འོང་སྐུ་ཚབ་ཁག་གཅིག་ལ་མཇལ་ཁ་བསྩལ་བ།
  • རྒྱ་གཞུང་གིས་ཚད་ལས་བརྒལ་བའི་གནོན་ཤུགས་འོག་བོད་མི་རྣམས་བཙན་གྱིས་གཞིས་སྤོས་བྱེད་བཞིན་པ་ར་སྤྲོད་གནང་འདུག
  • བོད་མིའི་མཉམ་འབྲེལ་བསྐྱར་ཞིབ་ཚོགས་ཆེན་ཐེངས་གཉིས་པ་དབུ་འཛུགས་གནང་བ།
  • ཏྰ་ལའི་བླ་མའི་མཐོ་རིམ་སློབ་གཉེར་ཁང་གིས་ཉིན་གྲངས་གཉིས་རིང་ཚོང་རིགས་ཁྲོམ་སྟོན་གནང་འདུག

ཟླ་ ༨ ཚེས་ ༡༡ སྟེ་བོད་ཀྱི་ཟློས་གར་ཚོགས་པ་དབུ་བརྙེས་ནས་ལོ་ངོ་ ༦༤ འཁོར་བའི་དུས་སྟོན་དང་བསྟུན་ལོ་ལྟར་བཞིན་བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་ནང་རྒྱ་ལུ་རུ་ཁག་དང་རྔོན་པ་རུ་ཁག་གཉིས་དབར་བོད་ཀྱི་ཐུན་མིན་རྐང་བྲོ་གླུ་གཞས་འགྲན་བསྡུར་གནང་སྲོལ་ཡོད་པ་བཞིན་འདི་ལོར་སླར་ཡང་རྔོན་པ་རུ་ཁག་ལ་རྒྱལ་ཁ་ཐོབ་སོང་།

རེས་གཟའ་པ་སངས་ཉིན་རྒྱབ་ཚོུད་ ༢ ཡོལ་ཙམ་ལ་བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་དབུ་འཛུགས་གནང་བའི་རྐང་བྲོ་གླུ་གཞས་ཀྱི་འགྲན་བསྡུར་ཐོག་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་དམིགས་བསལ་སྐུ་མགྲོན་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ Ajit Nehria ལགས། བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ། ༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲུང་ཆེ་རྣམ་པ། དེ་བཞིན་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་འགན་འཛིན་སོགས་ནས་མཉམ་ཞུགས་གནང་སོང་།

མཛད་སྒོ་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བོད་ཀྱི་ཟློས་གར་སྒྱུ་རྩལ་སྲུང་སྐྱོབ་གནང་བའི་འགན་དེ་ཟློས་གར་ཚོགས་པར་ཡོད་པ་དང་། བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་མི་ཟུར་པ་ཚོས་ཟློས་གར་སྒྱུ་རྩལ་དེ་ཉིད་རྒྱུན་གནས་ཡོང་ཐབས་སུ་འགན་མཉམ་བཞེས་གནང་དགོས་གལ་དང་། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཟློས་གར་ཚོགས་པའི་ལས་དོན་གང་ཡོད་ཐོག་དུས་དང་རྣམ་པ་ཀུན་ཏུ་མཐུན་འགྱུར་དང་རྒྱབ་སྐྱོར་སོགས་གང་ཡོང་ཅི་ཡོང་གནང་གི་ཡོད་སྐོར་གསུངས་སོང་། 

དེ་བཞིན་སྲིད་སྐྱོང་མཆོག་གིས་འགྲན་བསྡུར་གང་འདྲ་གནང་ཡང་མཐར་རྒྱལ་ཁ་ཐོབ་ཤོར་ཡོང་རྒྱུ་ནི་ཆོས་ཉིད་ལས་མ་འདས་སྟབས། བློ་ཕམ་གནང་དགོས་དོན་མེད་པ་དང་མཉམ་ཞུགས་གནང་བ། དེ་བཞིན་གཟིགས་མོ་བ་ཚོས་བསྔགས་བརྗོད་གནང་ཚེ་དེ་ལས་ལེགས་སྐྱེས་ཆེ་བ་གང་ཡང་མེད་སྟབས་འཁྲབ་སྟོན་པ་རྣམས་ལ་དོན་སྙིང་ལྡན་པ་དང་བསྔགས་བརྗོད་འོས་པ་འདུག་ཅེས་གསུངས་སོང་།

གཞི་རྩའི་སྐབས་དེར་དབྱར་སྐྱིད་འགྲན་བསྡུར་ཐོག་བོད་ཀྱི་ཟློས་གར་སྒྱུ་རྩལ་རིག་གནས་ཐོག་མཁྱེན་རྒྱ་ལྡན་པའི་གཟུ་དཔང་མི་གྲངས་དགུ་གདན་ཞུ་གནང་འདུག་པ་དང་། རྒྱ་ལུ་རུ་ཁག་དང་རྔོན་པ་རུ་ཁག་གཉིས་ཀྱིས་རྐྱང་གཞས་རེ་དང་། འཁྲབ་གཞས་གསུམ་རེ། དེ་བཞིན་འབྲས་དཀར། དགོད་བྲོའི་གཏམ་གླེང་བཅས་འཁྲབ་སྟོན་གཟིགས་འབུལ་ཞུས་ཡོད་པ་ལྟར་ཐེངས་འདིའི་འགྲན་བསྡུར་ཁྲོད་ཨང་དང་པོའི་རྒྱལ་ཁ་དེ་རྔོན་པ་རུ་ཁག་ལ་ཐོབ་ཡོད་པ་རེད།

གཞན་ཡང་སྐབས་དེའི་དབྱར་སྐྱིད་ཀྱི་མཛད་སྒོའི་ཐོག་རྒས་ཡོལ་ལས་བྱེད་རྣམས་ལ་གྲུབ་ཆེན་ཐང་སྟོང་རྒྱལ་པོའི་སྐུ་བརྙན་དང་བསླབ་པ་མཐར་སོན་པའི་བྲོ་པ་གཞོན་པ་རྣམས་ལ་ཕྱག་འཁྱེར་བཅས་གསོལ་སྩལ་གནང་སོང་། པར་བོད་མིའི་སྒྲིག་འཛུགས།

འབྲེལ་ཡོད་གསར་གནས།

གསར་གནས།