Tibetan Royal Year of 2151 | Year of the Wood Dragon

ཧོང་ཀོང་གི་གསར་འགོད་པ་གཉིས་ལ་གྱེན་ལོག་སྐུལ་སློང་བྱས་པའི་གྱོད་འཛུགས་བྱས་འདུག

Tibetan News Headlines

  • Tibetan parliament to resume tomorrow after safety assurance from Security Department
  • French museums have yet to provide any assurance after succumbing to pressure from China- replacing ‘Tibet’ with ‘Xizang’
  • Preliminary prayer service for the Dalai Lama’s long life begins in Dharamshala
  • China promotes third plenary session of the 20th national congress across Tibet
  • Chinese students are undermining academic freedom at UK universities

རེས་གཟའ་ཟླ་བ། ༢༠༢༤།༠༩།༡༦

  • བདེ་སྲུང་ལས་ཁུངས་ཀྱིས་སྤྱི་འཐུས་རྣམ་པའི་བདེ་འཇགས་ཐད་འགན་ཁུར་བཞེས་རྒྱུའི་ཁས་ལེན་ཐོག་སང་ཉིན་གྲོས་ཚོགས་རྒྱུན་སྐྱོང་གནང་གི་རེད་ཅེས་གསུངས་སོང་།
  • རྒྱ་གཞུང་གིས་ལོ་རྒྱུས་བསྐྱར་བྲིས་དང་མི་རིགས་རྩ་གཏོར་གྱི་བྱ་སྤྱོད་ལ་རམ་འདེམས་བྱེད་མཁན་ཧྥ་རན་སི་འགྲེམ་སྟོན་ཁང་ལ་ཁ་གཏད་གཅོག་ཐབས་ཀྱིས་ལས་འགུལ་སྤེལ་བཞིན་པ།
  • བཞུགས་སྒར་དུ་བརྟན་བཞུགས་ཀྱི་སྒྲུབ་ཞག་འཚོགས་བཞིན་པ།
  • རྒྱ་གཞུང་གིས་བོད་ས་གང་སར་སྐབས་ ༢༠ པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དྲིལ་བསྒྲགས་ཤུགས་ཆེ་བྱེད་བཞིན་འདུག
  • རྒྱ་རིགས་སློབ་མ་ཚོས་དབྱིན་ཡུལ་སློབ་ཆེན་ཁག་གི་ཤེས་ཡོན་རང་དབང་ལ་དོ་ཕོག་གཏོང་བཞིན་ཡོད་པ་གསུངས་འདུག

ཁ་སང་རེས་གཟའ་ཕུར་བུའི་ཉིན་ཧོང་ཀོང་ཁྲིམས་ཁང་ནས་ Stand News ཞེས་ད་ཆ་སྒོ་བརྒྱབ་ཟིན་པའི་གསར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་གཉིས་ལ་རྒྱལ་ཁབ་ལ་ངོ་རྒོལ་གྱེན་ལོག་གི་སྐུལ་སློང་སྤེལ་བའི་རྩོམ་བྲིས་པར་སྐྲུན་བྱས་པའི་ཉེས་འཛུགས་བྱས་འདུག

Chung Pui-kuen དང་ Patrick Lam
Chung Pui-kuen དང་ Patrick Lam

དེ་ཡང་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་གིས་དེ་འབྲེལ་གནས་ཚུལ་སྤེལ་བའི་ནང་། ཧོང་ཀོང་སྲིད་གཞུང་ནས་དེ་སྔ་ཕྱི་ལོ་ ༢༠༢༡ ལོར་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གསར་འོག་སྒོ་བརྒྱབ་བཅུག་ཟིན་པའི་ཧོང་ཀོང་གི་ Stand News གསར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་རང་ལོ་ ༥༤ ཡིན་པའི་ Chung Pui-kuen ལགས་དང་རང་ལོ་ ༣༦ ཡིན་པའི་ Patrick Lam ལགས་གཉིས་དང་། དེ་བཞིན་ Stand News གསར་ཁང་གི་ལས་ཁུངས་ཨ་མ་ Best Pencil Limited བཅས་ཀྱིས་གྱེན་ལོག་སྐུལ་སློང་བྱས་པའི་རྩོམ་རིགས་པར་སྐྲུན་གྱི་ངན་བྱུས་སྤེལ་བའི་གྱོད་འཛུགས་བྱས་པ་དང་། དེ་ནི་ཕྱི་ལོ་ ༡༩༩༧ ལོ་དབྱིན་ཡུལ་གཞུང་གི་ཧོང་ཀོང་དེ་ཉིད་རྒྱ་ནག་ལ་རྩིས་སྤྲོད་བྱས་པ་ནས་བཟུང་གསར་འགོད་པར་འདི་ལྟ་བུའི་ཁྱིམས་ཀྱི་ཉེས་འཛུགས་བྱས་པ་དེ་ཐོག་མ་དེ་ཆགས་ཀྱི་ཡོད་ཅིང་།

Hongkong Press Freedom

ཉིན་གྲངས་ ༥༧ འགོར་བའི་ཁྲིམས་ཀྱི་གྱོད་ཞིབ་ཁྲོད་གཞུང་གི་སྐུ་ཚབ་མི་སྣས་ཁྲིམས་ཁང་ལ་དཔང་རྟགས་ཚུལ་དུ་ Stand news གསར་ཁང་གིས་པར་སྐྱུན་བྱས་པའི་རྩོམ་བྲིས་ ༡༧ ཕུལ་བ་དང་། ཧོང་ཀོང་རྫོང་ཁོངས་ཀྱི་ཁྲིམས་དཔོན་ Kwok Wai-kin གྱིས་རྩོམ་བྲིས་དེ་དག་ཁོངས་ནས་ ༡༡ སྲིད་གཞུང་ལ་གྱེན་ལོག་གི་སྐུལ་སློང་སྤེལ་རྒྱུའི་རྩོམ་བྲིས་ཡིན་པ་ར་སྤྲོད་བྱས་པ་དང་འབྲེལ། གསར་འགོད་པ་གཉིས་པོས་སྲིད་གཞུང་མགོ་རྟིང་སློག་རྒྱུའི་རྩོམ་བྲིས་པར་བསྐྲུན་དང་། གསར་ཁང་དེ་ཉིད་ཧོང་ཀོང་གི་ས་གནས་རང་སྐྱོང་གི་བསམ་བློ་གོང་འཕེལ་གྱིས་ཧོང་ཀོང་གཞུང་དང་རྒྱ་ནག་དབུས་གཞུང་གཉིས་ཀྱི་མིང་ཆད་བཟོ་རྒྱུའི་ལག་ཆ་ལྟ་བུ་ཆགས་ཡོད་པ་འགྲེལ་བརྗོད་དང་འབྲེལ། རྩོམ་བྲིས་ ༡༡ དེ་དག་གིས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་དོ་ཕོག་ཤུགས་ཆེ་བཏང་ཡོད་ཚུལ་བརྗོད་འདུག

སྤྱིར་དཔྱད་ཞིབ་པ་རྣམས་ཀྱིས་ Chung Pui-kuen དང་ Patrick Lam གཉིས་ལ་བཙུགས་པའི་ནག་ཉེས་དེའི་འོག་རྩོམ་སྒྲིག་པ་ཁོང་རྣམས་གཉིས་ལ་ལོ་གཉིས་ཀྱི་བཙོན་འཇུག་དང་ཧོང་སྒོར་ ༥༠༠༠ གི་ཉེས་ཆད་དགལ་རྒྱུའི་ཚོད་དཔག་བྱེད་བཞིན་ཡོད་ཀྱང་། གསར་ཁང་ཁག་གཅིག་གིས་ཧོང་ཀོང་གཞུང་གིས་འདི་ལོའི་ཕྱི་ཟླ་ ༣ པའི་ནང་གཏན་འབེབས་བྱས་པའི་རྒྱལ་ཁབ་བདེ་འཇགས་དང་འབྲེལ་བའི་ཁྲིམས་འོག འདི་ལྟ་བུའི་ནག་ཉེས་ལ་བཙོན་འཇུག་ལོ་ཚད་ལོ་ ༧ བར་བཟོས་ཡོད་པ་གསུང་མཁན་འདུག

Nabila Massrali
Nabila Massrali

ཁྲིམས་བཤེར་སྐབས་སུ་ Patrick Lam འཕྲོད་བསྟེན་གྱི་རྐྱེན་པས་ཁྲིམས་ཁང་དུ་བཅར་མེད་ཀྱང་། Chung Pui-kuen གྱིས་ Stand News ནི་ཆབ་སྲིད་ཀྱི་གླེང་སྟེགས་ཞིག་ཡིན་པའི་འཁྱོག་བཤད་དེར་དགག་པ་བརྒྱབ་པ་དང་འབྲེལ། ཉེན་ཚབས་ཆེ་བའི་བསམ་བློ་རྩ་མེད་བཟོ་རྒྱུའི་ཆེད་དུ་སྨྲ་བརྗོད་རང་དབང་ལ་བཀག་སྡོམ་བྱེད་མི་ཉན་ཞེས་དང་། དེ་ལས་ལྡོག་སྟེ་སྨྲ་བརྗོད་རང་དབང་དེ་ཉེན་ཚབས་ཆེ་བའི་བསམ་བློ་རྩ་མེད་བཟོ་བའི་ཆེད་དུ་སྤྱོད་དགོས་པ་རེད་ཅེས་བརྗོད་འདུག

ཁྲིམས་ཞིབ་ཀྱི་བྱ་རིམ་དེའི་ཆ་ཤས་སུ་ Chung Pui-kuen དང་ Lam Shiu-tung གཉིས་ལ་ཁྲིམས་བཤེར་མ་བྱས་པར་ཉིན་གྲངས་ ༣༠༠ ལྷག་རིང་བཀག་ཉར་བྱས་ཏེ་གཞི་རྩའི་ཉན་ཞིབ་ཀྱི་དུས་ཡུན་ཉིན་གྲངས་ ༢༠ ཡི་འཆར་གཞི་ཡོད་པ་དེ་ལྟར་ཡང་ཉིན་གྲངས་ ༥༧ འགོར་ཡོད་པ་རེད་འདུག

དེ་འབྲེལ་ཡོ་རོབ་མཐུན་ཚོགས་ཀྱི་མགྲིན་ཚབ་པ་ Nabila Massrali ལགས་ཀྱིས་བསྒྲགས་གཏམ་ཞིག་སྤེལ་བའི་ནང་ད་ལྟའི་ཧོང་ཀོང་གཞུང་འཛིན་ནས་གསར་འགོད་པ་གཉིས་ལ་ཉེས་ཆད་དགལ་རྒྱུའི་ཐག་གཅོད་དེ་ནི་གཞི་རྩའི་ཧོང་ཀོང་གི་གསར་འགྱུར་བརྒྱུད་ལམ་ཁག་གི་རང་དབང་རྡོག་རོལ་གཏོང་བ་ཞིག་མཚོན་གྱི་ཡོད་པ་དང་། སྲིད་གཞུང་གིས་ད་དུང་ཧོང་ཀོང་གི་དཔལ་འབྱོར་གྱི་རྨང་རྡོར་གྱུར་པའི་བསམ་བློ་བརྗེ་རེས་དང་གནས་ཚུལ་གྱི་རང་དབང་ལ་བཀག་འགོག་བྱེད་ཀྱི་ཡོད་པའི་སྐྱོན་བརྗོད་བྱས་འདུག

CECC
Congressional-Executive Commission on China

མ་ཟད་ཡོ་རོབ་མཐུན་ཚོགས་ངོས་ནས་ཧོང་ཀོང་གི་འགོ་ཁྲིད་ཚོར་གསར་འགོད་རང་དབང་ལ་ཡིད་ཆེས་སླར་གསོ་བྱེད་དགོས་པ་དང་གསར་འགོད་པ་ཚོར་ཁྲིམས་ཆད་གཅོད་རྒྱུ་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུས་འདུག་པ་དང་འབྲེལ། རང་དབང་དང་སྣ་མང་རང་བཞིན་ལྡན་པའི་གསར་འགྱུར་བརྒྱུད་ལམ་སྲུང་སྐྱོབ་བྱེད་པ་ནི། སོར་ཆུད་ཀྱི་ནུས་པ་ལྡན་ཞིང་བདེ་ཐང་གི་སྤྱི་ཚོགས་ཤིག་ལ་མེད་དུ་མི་རུང་བ་ཞིག་ཡིན་པ་གསུངས་འདུག

ཕྱོགས་མཚུངས་དེ་རིང་ Congressional-Executive Commission on China ཞེས་པའི་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་རྣམ་པ་གཉིས་ཀྱིས་ X (Twitter) དྲ་ལམ་ཐོག་བསྒྲགས་གཏམ་སྤེལ་བའི་ནང་། དེ་རིང་ཧོང་ཀོང་གཞུང་འཛིན་ནས་རྒྱལ་སྤྱིའི་ཁྲིམས་ལུགས་དང་འགལ་བའི་གསར་འགོད་པའི་རང་དབང་ཐད་བཙན་ཤུགས་ཀྱིས་རྡོག་རོལ་གཏོང་བར་བློ་ཕམ་གྱི་ཉིན་མོ་ཞིག་ཡིན་པས། ཧོང་ཀོང་གི་ Stand News དྲ་རྒྱའི་གསར་འགྱུར་བརྒྱུད་ལམ་གྱི་སྤྱི་ཁྱབ་རྩོམ་སྒྲིག་པ་གཉིས་ལ་ནག་ཉེས་བཙུགས་ཏེ་ཁྲིམས་ཐག་བཅད་པ་དེར་སྐྱོན་བརྗོད་ཀྱིས་ཆ་རྐྱེན་གང་ཡང་མེད་པར་ཁོང་གཉིས་གློད་བཀྲོལ་གཏོང་དགོས་ཡོད་པ་གསུངས་འདུག

Matthew Miller
Matthew Miller

གཞན་ཡང་ཨ་རིའི་གཞུང་གི་མགྲིན་ཚབ་པ་ Matthew Miller ལགས་ཀྱིས་ཀྱང་ཧོང་ཀོང་ Stand News དྲ་རྒྱའི་གསར་འགྱུར་བརྒྱུད་ལམ་གྱི་སྤྱི་ཁྱབ་རྩོམ་སྒྲིག་པ་གཉིས་ལ་ཉེས་འཛུགས་ཀྱིས་ཁྲིམས་ཆད་བཏང་བ་དེ་ནི་གསར་འགོད་པའི་རང་དབང་ལ་ཐད་ཀར་རྒོལ་འཛིངས་བྱས་པ་ཞིག་མཚོན་གྱི་ཡོད་པ་མ་ཟད་རྒྱལ་སྤྱིའི་ཁྲོད་དེ་སྔ་ཧོང་ཀོང་གུ་ཡངས་ལྡན་པའི་ས་ཁུལ་སྐད་གྲགས་ཅན་དེར་སྣང་ཆུང་གཏོང་བ་ཞིག་ཡིན་པས། ཧོང་ཀོང་སྲིད་གཞུང་ནས་གཞི་རྩའི་རྩ་ཁྲིམས་ནང་དུ་གསལ་ཡོད་པའི་གསར་འགོད་རང་དབང་སླར་གསོ་བྱེད་དགོས་པའི་ནན་སྐུལ་བྱས་འདུག

མ་ཟད་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་ངོས་ནས་ཀྱང་ཧོང་ཀོང་གཞུང་ལ་སྐྱོན་བརྗོད་ཤུགས་ཆེ་གནང་བ་དང་འབྲེལ། གསར་འགོད་པ་གཉིས་ཐོག་ཆབ་སྲིད་ཀྱི་སྐུལ་སློང་ལྡན་པའི་ནག་ཉེས་དེ་ལྟར་བཙུགས་པ་དེ་ཕྱིར་འཐེན་དགོས་པ་དང་། གསར་འགོད་རང་དབང་ལ་རྡོག་རོལ་གཏོང་རྒྱུ་མཚམས་འཇོག་དགོས་པ་བརྗོད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།