Tibetan Royal Year of 2151 | Year of the Wood Dragon

ཧོང་ཀོང་སྲིད་གཞུང་གིས་ ༢༠༡༩ ལོའི་ཉེས་ཅན་རྩིས་སྤྲོད་ཁྲིམས་འཆར་གྱི་ལས་འགུལ་དང་འབྲེལ་མི་བཅུ་འཛིན་བཟུང་།

Tibetan News Headlines

  • EU-China relations and significance of Xi Jinping’s Europe visit: Discussion

རེས་གཟའ་པ་སངས། ༢༠༢༤།༠༥།༡༡

  • ཞི་ཅིན་ཕིང་གི་ཐེངས་འདིའི་ཡོ་རོབ་སྐོར་བསྐྱོད་ཀྱི་གནད་འགག་དང་། རྒྱ་ནག་དང་ཡོ་རོབ་དབར་གྱི་འབྲེལ་ལམ་སྐོར་གླེང་མོལ་གྱི་ལས་རིམ།

ཕྱི་ལོ་ ༢༠༢༠ ཟླ་ ༦ ནང་ཧོང་ཀོང་ནང་དུ་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གཞི་ཟེར་བ་ལག་བསྟར་བྱས་པ་ནས་བཟུང་ཧོང་ཀོང་ནང་མང་གཙོ་དོན་གཉེར་བ་དང་སྲིད་གཞུང་གི་ལྟ་སྤྱོད་དང་མི་མཐུན་པའི་མི་སྣ་འཛིན་བཟུང་བྱས་པའི་གནད་དོན་མི་ཉུང་བ་ཞིག་ཐོན་ཡོད་པ་ལྟར། ཁ་ས་ཕྱི་ཚེས་ ༡༠ ཉིན་སླར་ཧོང་ཀོང་ས་གནས་སྲིད་གཞུང་གིས་དེ་སྔ་ ༢༠༡༩ ལོར་ཉེས་ཅན་རྩིས་སྤྲོད་ཁྲིམས་འཆར་དང་འབྲེལ་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་སྐབས་སྲིད་དབང་མགོ་རྟིང་སློག་ཐབས་དང་ཕྱིའི་རྒྱལ་ཁབ་ཁག་གི་གཞུང་དང་འབྲེལ་བ་གནང་སྟེ་ཧོང་ཀོང་རྒྱལ་ཁབ་ཀྱི་བདེ་འཇགས་དང་བརྟན་ལྷིང་ལ་གནོད་འཚེ་བཟོས་པའི་ཉེས་མིང་འོག་ཧོང་ཀོང་བ་བཅུ་འཛིན་བཟུང་བྱས་འདུག

Rueters གཙོས་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཁ་སང་རེས་གཟའ་ཕུར་བུ་ཉིན་ཧོང་ཀོང་བདེ་འཇགས་ཉེན་རྟོག་པས་གསར་འགོད་ལྷན་ཚོགས་ཐོག་ཧོང་ཀོང་ས་གནས་སྲིད་གཞུང་གིས་ད་རེས་འཛིན་བཟུང་བྱས་པའི་ཧོང་ཀོང་བ་བཅུ་པོ་དེ་དག་ནི་དེ་སྔ་ ༢༠༡༩ ལོར་ཉེས་ཅན་རྩིས་སྤྲོད་ཁྲིམས་འཆར་གཏན་འབེབས་ཀྱི་བརྒྱུད་རིམ་ཁྲོད་གཞི་རྒྱ་ཆེ་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་སྐབས་  612 Humanitarian Relief Fund ཞེས་ཕྱིའི་ཚོགས་པ་ཁག་གི་རོགས་དངུལ་ལེན་པ་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཡོད་པའི་ཧོང་ཀོང་གི་སྤྱི་དམངས་ཀྱི་ཐོབ་ཐང་རྩོད་ལེན་པ་དང་འབྲེལ་བ་བྱས་ཏེ། ཧོང་ཀོང་རྒྱལ་ཁབ་ཀྱི་བདེ་འཇགས་དང་བརྟན་ལྷིང་ལ་གནོད་འཚེ་ཆེས་ཆེར་བཟོས་ཡོད་པར་འགྲེལ་བརྗོད་བྱས་འདུག

ད་རེས་འཛིན་བཟུང་བྱས་པའི་མི་སྣ་བཅུ་པོ་དེ་དག་གིས་ཧོང་ཀོང་སྲིད་གཞུང་ལ་ངོ་རྒོལ་གནང་མཁན་ཚོར་དཔལ་འབྱོར་གྱི་མཐུན་འགྱུར་སྦྱར་བར་མ་ཟད། རྒྱལ་སྤྱིའི་ཁྲོད་དུ་ཧོང་ཀོང་གཞུང་དང་དཔོན་རིགས་རྣམས་ལ་སྲིད་དོན་ཉེས་ཆད་འགེལ་དགོས་པའི་ཞུ་སྐུལ་དང་རོག་འདེགས་བྱས་ཡོད་སྐོར་སོགས་བཤད་འདུག

ཧོང་ཀོང་གཞུང་གིས་འཛིན་བཟུང་བྱས་པའི་མི་སྣ་དེ་དག་ནི་རང་ལོ་ ༢༦ ནས་ ༤༣ བར་ཡིན་འདུག་པ་དང་དེ་དག་ཁྲོད་དུ་བུད་མེད་དྲུག་དང་སྐྱེས་པ་བཞི་འདུག ཁོང་རྣམས་འཛིན་བཟུང་སྐབས་ཧོང་ཀོང་བདེ་འཇགས་ཉེན་རྟོག་པས་སྡོད་ཁང་དང་ཁ་པར་སོགས་ལ་བསྔོགས་བཤེར་རྩད་གཅོད་བྱས་འདུག

རྩ་བའི་ཕྱི་ཟླ་ ༧ ཚེས་ ༣ ཉིན་ཧོང་ཀོང་ས་གནས་སྲིད་གཞུང་གིས་སྲིད་དབང་མགོ་རྟིང་སློག་ཐབས་བྱས་བའི་ཉེས་མིང་འོག་ཕྱི་རྒྱལ་ཡུལ་གྲུ་ཁག་ནང་ཡོད་པའི་ཡུལ་དེའི་སྤྱི་དམངས་ཀྱི་ཐོབ་ཐང་རྩོད་ལེན་པ་བརྒྱད་འཛིན་བཟུང་བྱ་རྒྱུའི་སྤྱི་བསྒྲགས་ཤིག་སྤེལ་བ་དང་སྦྲགས། ཁ་ཉིན་ཧོང་ཀོང་ཉེན་རྟོག་པས་སྤྱི་བསྒྲགས་ཀྱི་མིང་གཞུང་ནང་ཡོད་པ་ཨ་རིར་གནས་བཞུགས་སྤྱི་དམངས་ཀྱི་ཐོབ་ཐང་རྩོད་ལེན་པ་གྲགས་ཅན་ Anna Kwok ལགས་ཀྱི་ཧོང་ཀོང་དུ་ཡོད་པའི་ཁྱིམ་ཚང་ལ་བསྔོགས་བཤེར་བྱས་པར་མ་ཟད། ཁོང་གི་ཕ་མ་དང་སྤུན་མཆེད་རྣམས་ལ་འདྲི་རྩད་ཆེད་བཙན་ཁྲིད་བྱས་པའི་གནས་ཚུལ་ཐོན་ཡོད་པ་རེད།   

གནད་དོན་དེ་དང་འབྲེལ་ནས་ Anna Kwok ལགས་ཀྱིས་རང་ཉིད་ཀྱི་ཕ་མ་སྤུན་མཆེད་ཀྱི་བདེ་འཇགས་ཐད་ཐུགས་འཚབ་གནང་སྟེ་ཧོང་ཀོང་གཞུང་གིས་ཁོང་དང་ཁོང་འདྲ་བའི་གཞུང་དང་ལྟ་སྤྱོད་མི་མཐུན་མཁན་ཚོར་དྲག་གནོན་བྱེད་སྟངས་འདིས་ཧོང་ཀོང་ནང་གི་ཛ་དྲག་གནས་སྟངས་ངོ་མ་གང་ཡིན་པ་དེ་མཚོན་ཐུབ་ཀྱི་ཡོད་ཅེས་གསུངས་འདུག པར་བདག་དབང་། Oslo Freedom Forum

འབྲེལ་ཡོད་གསར་གནས།

གསར་གནས།