Tibetan Royal Year of 2151 | Year of the Wood Dragon

ཨ་རི་གཞུང་གིས་སླར་ཡང་རྒྱ་ནག་གི་ཚོང་ལས་ཁང་གསུམ་གྱི་ཚོང་ཟོག་བཀག་སྡོམ་བྱས་འདུག

Tibetan News Headlines

  • India elections and Tibet : Discussion

རེས་གཟའ་ཉི་མ། ༢༠༢༤།༠༥།༡༩

  • རྒྱ་གར་གྱི་འོས་བསྡུ་ཆེན་མོའི་ཁ་ཕྱོགས་དང་བོད་ཀྱི་གནས་བབ་སྐོར་གླེང་མོལ།

ཨ་རི་གཞུང་གིས་ཡུ་གུར་མང་ཚོགས་ལ་བཙན་དབང་གིས་ངལ་རྩོལ་བསྒྱུར་བཀོད་ཀྱི་གནད་དོན་དང་འབྲེལ་རྒྱ་ནག་ནང་གི་ཚོང་ལས་ཁང་གསུམ་གྱི་ཚོང་ཟོག་རྣམས་ཨ་རིར་ནང་འདྲེན་བྱ་རྒྱུར་བཀག་སྡོམ་གནང་འདུག

བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཁ་སང་ཕྱི་ཚེས་ ༢༦ ཉིན་ US Department of Homeland Security ཞེས་ཨ་རིའི་རྒྱལ་ནང་བདེ་སྲུང་ལྷན་ཁང་གིས་རྒྱ་ནག་ནང་རྟེན་གཞི་བྱས་པའི་ Xinjiang Tianmian Foundation Textile Co Ltd ཞེས་རས་ཆའི་བཟོ་ལས་ཁང་དང་ Xinjiang Tianshan Wool Textile Co. Ltd ཞེས་བལ་གོས་ བཟོ་ལས་ཁང་། དེ་བཞིན་ Xinjiang Zhongtai Group Co. Ltd ཞེས་རྫས་སྦྱོར་བཟོ་ལས་ཁང་གསུམ་གྱིས་ཡུ་གུར་མང་ཚོགས་ལ་བཙན་དབང་གིས་ངལ་རྩོལ་བསྒྱུར་བཀོད་འོག་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་ནས་ཚོང་ཟོག་བཟོ་བར་བཙན་ཤེད་བྱེད་བཞིན་ཡོད་པ་ར་སྤྲོད་གནང་སྟེ་ལས་དོན་དེ་རིགས་འགོག་ཆེད་ཚོང་ལས་ཁང་དེ་གསུམ་གྱི་ཚོང་ཟོག་རྣམས་ཨ་རིར་ནང་འདྲེན་བྱ་རྒྱུར་བཀག་སྡོམ་གནང་འདུག

ཨ་རིའི་རྒྱལ་ནང་བདེ་སྲུང་ལྷན་ཁང་གི་དྲུང་ཆེ་ Alejandro Mayorkas ལགས་ཀྱིས་དེ་འབྲེལ་བསྒྲགས་གཏམ་ཞིག་སྤེལ་བར་ཨ་རིའི་གཞུང་གི་ངོས་ནས་རྒྱ་ནག་གི་བཟོ་ལས་ཁང་དེ་དག་གིས་ཡུ་གུར་མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་ཐོག་བཙན་དབང་གིས་ངལ་རྩོལ་བསྒྱུར་བཀོད་ཀྱི་གནད་དོན་ལ་བཟོད་བསྲན་རྩ་བ་ནས་གནང་གི་མེད་སྐོར་གསུངས་པར་མ་ཟད། འབྲེལ་ཡོད་བཟོ་ལས་ཁང་དེ་དག་གིས་རྒྱ་ནག་གིས་བཀོལ་སྤྱོད་བྱས་པའི་ངལ་རྩོལ་གྱི་ལས་གཞིའི་འོག་ཡུ་གུར་དང་ Kazakhs  དེ་བཞིན་ Kyrgyz སོགས་ཤིན་ཅང་ནང་གི་ ཁ་ཆེའི་གྲངས་ཉུང་མི་རིགས་རྣམས་ལ་ངལ་རྩོལ་གྱི་ལས་རིགས་འདྲ་མིན་སྐུལ་བ་དང་ཤིན་ཅང་ནས་ས་ཁུལ་གཞན་དུ་གནས་སྤོ་བྱས་པ་སོགས་ཀྱི་ལད་དོན་ཆེད་རྒྱ་ནག་ལ་རོགས་རམ་བྱེད་ཀྱི་ཡོད་པ་ར་སྤྲོད་བྱུང་ནས་ཚོང་ལས་ཁང་གི་གསུམ་གྱི་ཚོང་འབྲེལ་བཀག་སྡོམ་བྱས་འདུག

ཨ་རི་གཞུང་གིས་བཀག་སྡོམ་དེ་ལྟར་བྱས་པའི་དམིགས་ཡུལ་གཙོ་ནི་རྒྱ་ནག་གི་བཟོ་ལས་ཁང་གསུམ་པོར་ཡུ་གུར་མང་ཚོགས་ཐོག་མུ་མཐུད་མི་རིགས་སྡེབ་གསོད་དང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་ཐ་ཤལ་གྱི་བྱ་སྤྱོད་ལ་འགན་ལེན་ཡོད་པ་ཞིག་བཟོ་དགོས་ཞེས་ནན་བརྗོད་གནང་འདུག

ཐེངས་འདིར་ཨ་རི་གཞུང་གིས་རྒྱ་ནག་གི་ཚོང་ལས་ཁང་གསུམ་ལ་བཀལ་བའི་ཐག་གཅོད་དེ་ནི་དེ་སྔ་ཕྱི་ལོ་ ༢༠༢༡ ཟླ་ ༡༢ ནང་ཨ་རིའི་གྲོས་ཚོགས་ནང་གཏན་འབེབས་བྱུང་བའི་ Uyghur Forced Labor Prevention Act ཞེས་ཡུ་གུར་ངལ་རྩོལ་འགོག་ཐབས་ཀྱི་ཁྲིམས་གཞི་དང་ཐད་ཀར་འབྲེལ་བ་ཆགས་ཀྱི་ཡོད་པ་དང་། ད་ཆར་ཁྲིམས་གཞི་དེའི་འོག་ཚོང་ལས་ཁང་ ༢༧ ཙམ་བཀག་སྡོམ་གནང་ཡོད་པ་རེད།  པར། news.missouristate.edu

འབྲེལ་ཡོད་གསར་གནས།

གསར་གནས།