Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག་གི་༸སྐུ་པར་ཉར་བའི་ཉེས་མིང་འོག་བོད་མི་ཞིག་ལ་ལོ་གཉིས་ཀྱི་བཙོན་འཇུག

Tibetan News Headlines

  • Dalai Lama extends Saka Dawa greetings, calls for for meaningful, compassionate lives
  • Tibetans and supporters protest against Xi Jinping in Budapest
  • Geshe Lobsang Tenzin Negi is honored with the Jefferson award for his efforts in uniting two distinct traditions
  • Zeekgyab rinpoche appeals to Japanese parliamentarians
  • Derge printing house inscribed on UNESCO memory of the world regional register
  • Health and Wellness : Managing extreme heat to protect your health and safety

རེས་གཟའ་ཕུར་བུ། ༢༠༢༤།༠༥། ༠༩

  • ༸གོང་ས་མཆོག་གིས་ས་ག་ཟླ་བ་དང་བསྟུན་མི་ཚེ་དོན་དང་ལྡན་པ་ཞིག་སྐྱེལ་དགོས་པ་བཀའ་སྩལ་བ།
  • Hungary ནང་དུ་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ནས་ཞི་ཅིན་ཕིང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་འདུག
  • དགེ་བཤེས་བློ་བཟང་བསྟན་འཛིན་ལགས་སུ་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི་ Jefferson གཟེངས་རྟགས་ཕུལ་འདུག
  • ཉི་འོང་གྲོས་ཚོགས་འཐུས་མི་རྣམས་ལ་པཎ་ཆེན་རིན་པོ་ཆེའི་གནད་དོན་དང་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ཞུ་འབོད།
  • སྡེ་དགེ་པར་ཁང་འཛམ་གླིང་དྲན་ཤེས་རྣམ་གྲངས་ཀྱི་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་ས་ཁུལ་གྱི་མིང་ཐོར་ཚུད་འདུག
  • འཕྲོད་བསྟེན་ཤེས་བྱ་ངོ་སྤྲོད། ཚ་དྲོད་འཕེལ་སྐབས་འཕྲོད་བསྟེན་བདག་གཅེས་གནང་སྟངས་སྐོར།

བོད་མདོ་སྨད་རྔ་བ་ནས་ཡིན་པའི་ཚུལ་ཁྲིམས་ལགས་ལ་༸གོང་ས་མཆོག་གི་༸སྐུ་པར་བདག་གཅེས་དང་བཙན་བྱོལ་དུ་བཞུགས་པའི་བོད་མི་དང་འབྲེལ་བ་ཡོད་པའི་ཉེས་འཛུགས་འོག་འཛིན་བཟུང་གིས་གསང་བའི་ཁྲིམས་བཤེར་འོག་ལོ་ ༢ ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག

ཁ་སང་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་གནས་ལྟ་ཞིབ་ཁང་གི་གནས་ཚུལ་སྤེལ་བར་འདི་ལོའི་ཕྱི་ཟླ་ ༣ ནང་རྒྱ་གཞུང་གི་ཉེན་རྟོག་པས་རྔ་བ་ཁུལ་དུ་གནས་བཞུགས་བོད་མི་ཚུལ་ཁྲིམས་ལགས་རང་ཁྱིམ་ནས་འཛིན་བཟུང་བྱས་པ་དང་དེ་རྗེས་ཟླ་བ་གཅིག་ཙམ་རིང་བཀག་ཉར་འོག་འདྲི་རྩད་བྱས་པ་མ་ཚད་པར་རྔ་བ་རྫོང་གི་མི་དམངས་ཁྲིམས་ཁང་དུ་ཁྲིམས་བཤེར་བྱས་འདུག ལྷག་དོན་ཁོང་ལ་བཙན་བྱོལ་དུ་ཡོད་པའི་བོད་མི་དང་ལྷན་དུ་འབྲེལ་བ་གནང་ཡོད་ལུགས་ཉེས་འཛུགས་བྱས་ཏེ་ལོ་གཉིས་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག

ཤེས་རྟོགས་བྱུང་བར་ཁྲིམས་བཤེར་སྐབས་ཚུལ་ཁྲིམས་ལགས་ཀྱི་ནང་མི་དང་ཁྲིམས་རྩོད་པ་སོགས་སུ་ཡང་མེད་པར་གསང་བའི་ཐོག་ནས་ཁྲིམས་བཤེར་བྱས་ཡོད་པ་དང་། ཁོང་ལ་ཁྲིམས་ཆད་ཕོག་པའི་རྗེས་སུ་གཡག་རྔ་བཙོན་ཁང་དུ་བཙོན་འཇུག་བྱས་པར་མ་ཟད། ཁོང་གི་ནང་མི་ཉེ་འབྲེལ་རྣམས་ལ་ཁོང་དང་ཐུག་འཕྲད་མི་ཆོག་པའི་བཙན་བཀའ་བཏང་འདུག

གནས་ཚུལ་ཡོང་ཁུངས་ཁག་ལ་གཞིགས་ཚེ་དེ་སྔ་ཕྱི་ལོ་ ༢༠༢༢ ལོར་ Chongchi ཉེན་རྟོག་པས་ཚུལ་ཁྲིམས་ལགས་ཀྱི་སྐད་འཕྲིན་དྲ་ལམ་ཐོག་༸གོང་ས་མཆོག་གི་༸སྐུ་པར་བརྒྱུད་སྤེལ་གནང་བའི་ཉེས་མིང་གཡོགས་ཏེ་འཛིན་བཟུང་བྱས་ནས་ཟླ་བ་གཉིས་ཙམ་རིང་བཀག་ཉར་བྱས་རྗེས་སྔ་ལོའི་ཕྱི་ཟླ་ ༩ ནང་གློད་བཀྲོལ་ཐོབ་འདུག  

རྩ་བའི་དེང་སྐབས་བོད་ནང་རྒྱ་གཞུང་གིས་དམ་བསྒྲགས་ཆེ་བའི་སྲིད་བྱུས་ལག་བསྟར་འོག་བོད་མི་རྣམས་ལ་ཆོས་དད་དང་འགྲུལ་སྐྱོད་སོགས་ཕྱོགས་ཡོངས་ནས་དམ་བསྒྲགས་ཆེས་ཆེར་བྱེད་བཞིན་ཡོད་པར་མ་ཟད། འདས་པའི་ལོ་ཤས་ནང་བོད་ཀྱི་ས་ཁུལ་འདྲ་མིན་དུ་༸གོང་ས་མཆོག་གི་༸སྐུ་པར་བདག་གཅེས་དང་བཙན་བྱོལ་དུ་ཡོད་པའི་བོད་མི་རྣམས་དང་འབྲེལ་བ་ཡོད་པའི་དོགས་གཞིའི་འོག་བོད་མི་མང་དག་ཅིག་འཛིན་བཟུང་དང་ཁྲིམས་ཆད་ཕོག་པའི་གནས་ཚུལ་འཐོན་བཞིན་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།