ཨ་རིའི་གྲོས་ཚོགས་འཐུས་མིས་ཡུལ་དེའི་ Intel ཚོང་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་གསར་པ་དང་རྒྱ་ནག་དབར་འབྲེལ་བ་ཤུགས་ཆེན་པོ་ཡོད་པའི་སེམས་འཚབ་ཀྱི་ཕྱག་བྲིས་ཕུལ་བ།

Tibetan News Headlines

  • Hokkaido Shimizu Town Delegation Visits Tibet House Japan, Presents First Harvest of the Region for His Holiness the Dalai Lama
  • Tibet Advocacy Group Calls on US to Restore Tibetan Broadcasting Services to Counter Chinese Propaganda and Censorship
  • China-Linked UK Businessman Tried to Hire Ex-Met Detective to Investigate MPs Critical of Beijing
  • Nvidia CEO Jensen Huang Admits Affair with Suspected Chinese Spy; Company Launches Investigation
  • Tibetan Representative Jigme Tsultrim Briefs India’s Minority Commission Chairperson on Tibetan Settlements in South India
  • China Expands Media Influence in Thailand Through Partnerships, Propaganda and Diplomatic Pressure, RSF Reports
  • History Feature: Tsarong Dasang Damdul

ཪེས་གཟའ་ཟླ་བ། ༢༠༢༦།༡༡།༠༩

  • ཉི་ཧོང་གྲོང་སྡེ་ཞིག་གི་སྐུ་ཚབ་ཚོ་ཁག་ནས་ས་གནས་དེའི་ལོ་ཏོག་ཐོན་སྐྱེད་ཐོག་མ་༸གོང་ས་མཆོག་ལ་འབུལ་བཞེས་གནང་འདུག
  • རྒྱ་ནག་གི་འཁྱོག་བཤད་དྲིལ་བསྒྲགས་ལ་གདོང་ལེན་སླད་ཨ་རི་གཞུང་གིས་བོད་སྐད་རླུང་འཕྲིན་ཁང་ལ་རྒྱབ་སྐྱོར་བྱེད་དགོས་གལ་ཡིན་པ་གསུངས་འདུག
  • དབྱིན་ཡུལ་ཚོང་པ་ཞིག་གིས་སོ་མྱུལ་བ་གླ་གཡར་བརྒྱུད་རྒྱ་ནག་གི་ཆེད་དུ་དབྱིན་ཡུལ་གྲོས་ཚོགས་འཐུས་མི་ཁག་གཅིག་ལ་གསང་ཉུལ་བྱས་པ་མངོན་གསལ།
  • Nvidia ཁེ་ལས་ཁང་གི་འགན་འཛིན་གྱིས་དོགས་གཞི་ཅན་གྱི་རྒྱ་རིགས་བུད་མེད་སོ་བ་ཞིག་དང་ནང་འབྲེལ་བྱུང་བའི་ཁས་ལེན་བྱས་རྗེས། ཁེ་ལས་ཁང་གིས་ཁོའི་བྱ་སྤྱོད་ལ་ཞིབ་བཤེར་འགོ་འཛུགས།
  • ལྷོ་སྤྱི་ཡིས་རྒྱ་གར་གཞུང་གི་གྲངས་ཉུང་མི་རིགས་ལྷན་ཚོགས་ཀྱི་ཚོགས་གཙོ་དང་མཇལ་འཕྲད་གནང་བ།
  • རྒྱ་གཞུང་གིས་ Thailand ནང་གི་གསར་འགོད་རང་དབང་ལ་དམ་དྲག་ཆེན་པོ་བྱེད་བཞིན་པ་གསལ་སྟོན།
  • བོད་ཀྱི་ལོ་རྒྱུས་ཁྲོད་མི་སྣ་གྲགས་ཅན་ངོ་སྤྲོད། དམག་སྤྱི་ཚ་རོང་ཟླ་བཟང་དགྲ་འདུལ་ལགས་ཀྱི་སྐོར།

ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ Tom Cotton ལགས་ཀྱིས། ཡུལ་དེའི་ Intel འཕྲུལ་རིག་བཟོ་ཚོང་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོའི་མཚན་ཐོག་ལ་ཕྱག་བྲིས་ཞིག་ཕུལ་བའི་ནང་དུ། འདི་ལོའི་ཕྱི་ཟླ་ ༣ པའི་ནང་གསར་དུ་བསྐོ་བཞག་བྱུང་བའི་ཚོང་ལས་ཁང་དེའི་སྤྱི་ཁྱབ་འགན་འཛིན་ Lip Bu Tan དང་རྒྱ་ནག་དམར་ཤོག་ཚོགས་པ་དེ་བཞིན་རྒྱ་ནག་བཅིངས་བཀྲོལ་དམག་སོགས་ཀྱི་དབར་ལ་འབྲེལ་བ་ཆེན་པོ་ཡོད་པ་ཐེར་འདོན་གྱིས་སེམས་འཚབ་དང་སྦྲགས། ཚོང་ལས་ཁང་གི་ངོས་ནས་ཡུལ་དེའི་གྲོས་ཚོགས་ལ་གསལ་བཤད་དགོས་པ་གསུངས་འདུག

དེ་ཡང་ཁ་སང་གྲོས་ཚོགས་འཐུས་མི་ Tom Cotton ལགས་ཀྱིས་རང་ཉིད་ཀྱི་ X (Twitter) སྤྱི་ཚོགས་དྲྭ་ལམ་ཐོག་ཁ་ཉིན་ཕྱི་ཚེས་ ༥ ཉིན་ཨ་རིའི་འཕྲུལ་ལས་བཟོ་ཚོང་ཁང་ཆེ་གྲས་ Intel གྱི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་ Frank D. Yeary ལགས་ཀྱི་མཚན་ཐོག་ཕུལ་བའི་ཕྱག་བྲིས་དེ་ཡོངས་གྲགས་གནང་འདུག་པ་དེའི་ནང་དུ། འདི་ལོའི་ཕྱི་ཟླ་ ༣ པའི་ནང་ Intel ཚོང་ལས་ཁང་གི་གསར་དུ་བསྐོ་བཞག་བྱས་པའི་འགན་འཛིན་ Lip Bu Tan ཟེར་བ་དེ་ནི་རྒྱ་ནག་གི་ཚོང་ལས་ཁང་བཅུ་གྲངས་ཞིག་གི་སྟངས་འཛིན་བདག་དབང་ཡོད་མཁན་དང་། རྒྱ་ནག་གི་ཚད་མཐོའི་ Chip འཕྲུལ་རིག་བཟོ་བསྐྲུན་དང་འབྲེལ་བའི་ཚོང་ལས་ཁང་བརྒྱ་ཕྲག་ལྷག་གི་ནང་དུ་མ་རྩ་འཛུགས་ནས་ཡོད་པའི་ཁོངས་ནས་ཉུང་མཐར་ཚོང་ལས་ཁང་བརྒྱད་རྒྱ་ནག་བཅིངས་བཀྲོལ་དམག་དང་འབྲེལ་བ་ཡོད་པ་མངོན་གསལ་གནང་སྟེ།  Intel དེ་བཞིན་ཨ་རིའི་ CHIPs and Science Act ཁྲིམས་སྒྲིག་གི་འོག་ནས་ཨ་རི་གཞུང་ནས་ཨ་སྒོར་ཐེར་འབུམ་ ༨ ཙམ་གྱི་རོགས་དངུལ་ཐོབ་མཁན་གྱི་ཚོང་ལས་ཁང་ཞིག་ཡིན་པའི་ཆ་ནས་ཚོང་ལས་ཁང་དེ་དག་གི་ལས་དོན་བྱེད་ཕྱོགས་དང་ཨ་རི་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཤུགས་རྐྱེན་ཇི་ལྟར་སྤྲད་མིན་ཐོག་ལ་སེམས་འཚབ་ཆེན་པོ་སྐྱེ་བཞིན་ཡོད་པ་གསུངས་འདུག

གྲོས་ཚོགས་འཐུས་མི་ Tom Cotton ལགས་ཀྱིས་ད་དུང་། འདི་ལོ་གསར་དུ་བསྐོ་བཞག་བྱས་པའི་ Intel ཚོང་ལས་ཁང་གི་འགན་འཛིན་ Tan ཟེར་བ་དེ་ནི་དེའི་སྔོན་ལ་ Cadence Design Systems ཞེས་པའི་ Chip བཟོ་བསྐྲུན་གྱི་ཆ་འགོད་ཚོང་ལས་ཁང་གི་འགན་འཛིན་ཡིན་པ་དང་། བདུན་ཕྲག་སྔོན་མའི་ནང་ Cadence ཚོང་ལས་ཁང་ནས་དེ་གའི་ཅ་དངོས་རྣམས་རྒྱ་ནག་དམག་དོན་གཙུག་ལག་སློབ་གཉེར་ཁང་ལ་ཁྲིམས་འགལ་ཐོག་ཚོང་འགྲེམས་བྱས་པ་དང་ཆོག་མཆན་ལག་འཁྱེར་མེད་པའི་ཐོག་ནས་དེ་གའི་འཕྲུལ་རིག་ཀྱི་གསང་བ་རྣམས་རྒྱ་ནག་གི་ Semi Conductor ཚོང་ལས་ཁང་ལ་ཚོང་འགྲེམས་བྱས་པ་སོགས་ཀྱི་ནག་ཉེས་ངོས་ལེན་བྱས་ཡོད་པ་ལུང་འདྲེན་དང་སྦྲགས། Cadence ཚོང་ལས་ཁང་གིས་ཁྲིམས་འགལ་གྱི་བྱ་སྤྱོད་དེ་དག་སྐུ་ཞབས་ Tan ཡི་ལས་ཡུན་སྐབས་བྱུང་ཡོད་པ་ཐེར་འདོན་གནང་འདུག

སྐུ་ཞབས་ Cotton ལགས་ཀྱིས་འདི་ལོ་ Intel ཚོང་ལས་ཁང་ལ་ཨ་རི་གཞུང་གི་ CHIPs and Science ཁྲིམས་གཞིའི་འོག་ཨ་སྒོར་ཐེར་འབུམ་བརྒྱད་ཀྱི་རོགས་དངུལ་ཐོབ་པ་དང་འབྲེལ། ཚོང་ལས་ཁང་དེའི་ངོས་ནས་ཨ་རིའི་མང་ཚོགས་ཀྱི་ཁྲལ་རྣམས་ཡུལ་དེའི་བདེ་འཇགས་ཁྲིམས་ལ་བརྩི་སྲུང་ཞུས་པའི་ཐོག་དོན་ཕན་ལྡན་པའི་ངང་ནས་བེད་སྤྱོད་གཏང་དགོས་ཀྱི་ཡོད་སྐོར་དང་འབྲེལ། Intel ཚོང་ལས་ཁང་གི་འགན་འཛིན་ Tan གྱིས་རྒྱ་ནག་དམར་ཤོག་གཞུང་དང་བཅིངས་བཀྲོལ་དམག་དེ་བཞིན་རྒྱ་ནག་གི་ཚོང་ལས་ཁང་དེ་དག་ལྷན་དུ་ཡོད་པའི་འབྲེལ་བ་དེ་དག་གི་ཐོག་ནས་ཁོ་པས་སྣེ་ཁྲིད་འོག་ Intel ཚོང་ལས་ཁང་གི་དགོས་དམིགས་བསྒྲུབ་ཐུབ་མིན་ལ་དྲི་བ་རང་བཞིན་གྱི་སླེབས་ཀྱི་ཡོད་པ་གསུངས་ཏེ། Intel ཚོང་ལས་ཁང་ལ་དེ་གའི་འགན་འཛིན་ལྷན་ཚོགས་ནས་ Lip Bu Tan སྤྱི་ཁྱབ་འགན་འཛིན་དུ་བསྐོ་བཞག་མ་བྱས་སྔོན་ལ་ཁོ་པ་དང་འབྲེལ་བའི་ཁྲིམས་འགལ་གྱི་གནད་དོན་དེ་དག་སྐོར་ཤེས་ཀྱི་ཡོད་མེད་དང་། གལ་ཏེ་ཤེས་ཀྱི་ཡོད་ན་ Tan གྱི་འགོ་ཁྲིད་འོག་ Cadence ཚོང་ལས་ཁང་གི་ཁྲིམས་འགལ་བྱ་འགུལ་ཁག་གི་སྐོར་ལ་ག་རེ་གནང་ཡོད་མིན་གཅིག དེ་བཞིན་ Tan བསྐོ་བཞག་མ་བྱས་སྔོན་ལ་ཁོ་པར་ Intel ཚོང་ལས་ཁང་གི་འགན་འཛིན་ལས་དོན་སྒྲུབ་རྒྱུར་འགོག་རྐྱེན་ཆགས་ཉེན་ཡོད་པའི་རྒྱ་ནག་དམར་ཤོག་ཚོགས་པ་དང་རྒྱ་ནག་བཅིངས་བཀྲོལ་དམག་གཙོས་པའི་སེམས་འཚབ་ཅན་གྱི་ཚོང་ལས་ཁང་བཅས་ནས་མ་འཛུགས་ཕྱིར་འཐེན་དང་འབྲེལ་ཐག་གཅོད་བྱ་རྒྱུའི་ཆ་རྐྱེན་བཞག་ཡོད་མེད་གཉིས། དེ་བཞིན་ Intel ཚོང་ལས་ཁང་དེ་བཞིན་ Secure Enclave Program ཞེས་པའི་གྲོས་མཐུན་འོག་གན་རྒྱ་བཞག་མཁན་ཞིག་ཡིན་པའི་ཆ་ནས་དེ་གའི་འགན་འཛིན་རྣམས་ལ་ཨ་རིིའི་ནང་གི་ཚོང་ལས་ཁང་གང་དང་གང་གི་ནང་དུ་མ་འཛུགས་བྱས་ཡོད་པ་དང་། རྒྱ་ནག་གི་ཚོང་ལས་ཁང་ལྷན་དུ་འབྲེལ་བ་གང་དག་ཡོད་པ་མངོན་གསལ་གནང་དགོས་ཀྱི་ཡོད་པ་བཞིན་ཁོང་གི་དེ་དག་གནང་ཡོད་མེད་བཅས་ཀྱི་དྲི་བ་གསུམ་བཏང་སྟེ། དེའི་སྐོར་གྲོས་ཚོགས་ལ་ཕྱི་ཟླ་ ༨ པའི་ཚེས་ ༡༥ བར་ལན་འདེབས་འབུལ་དགོས་པའི་སྐུལ་དེད་གནང་འདུག

འབྲེལ་ཡོད་གསར་གནས།

གསར་གནས།

Monday 09/11/2026