Tibetan Royal Year of 2151 | Year of the Wood Dragon

ཨ་རིའི་གྲོས་ཚོགས་འོག་མས་ Georgia Tech མཐོ་སློབ་དང་རྒྱ་དམག་དབར་འབྲེལ་བ་ཡོད་མེད་ཀྱི་ཞིབ་འཇུག་འགོ་འཛུགས།

Tibetan News Headlines

  • HHDL gives audience to devotees of Dipankara Buddhist Centre
  • Taiwan’s new president takes office, calls on China to cease hostile actions
  • Tibetan delegation attends Lai Ching-te’s swearing-in ceremony, meets newly re-established parliamentary group for Tibet
  • US urges China to immediately account for Panchen Rinpoche’s whereabouts and well-being
  • Is the Panchen Lama alive or dead? Tashi Lhunpo’s Deputy Abbot speaks at FCCC

རེས་གཟའ་ཟླ་བ། ༢༠༢༤།༠༥།༢༠

  • སྟོང་ཉིད་ཀྱི་ལྟ་བ་དང་བྱང་ཆུབ་ཀྱི་སེམས་ནི་སྟོན་པའི་བསླབ་བྱ་གཙོ་བོ་དེ་ཡིན་པ་བཀའ་བསྩལ་འདུག
  • ཐེ་ཝན་མི་མང་གི་རང་ཐག་རང་གཅོད་ཀྱི་སྙིང་སྟོབས་ལ་ཆེ་བསྟོད་དང་རྒྱ་གཞུང་ལ་དྲག་པོའི་འཇིགས་སྐུལ་མཚམས་འཇོག་དགོས་པའི་སྐུལ་འདེབས།
  • ཐེ་ཝན་སྲིད་འཛིན་གྱི་དམ་འབུལ་མཛད་སྒོར་བོད་མིའི་བཀའ་སྤྱི་གཉིས་ཀྱི་སྐུ་ཚབ་ལྷན་ཞུགས།
  • ཨ་རི་གཞུང་གིས་༸པཎ་ཆེན་རིན་པོ་ཆེ་མཆོག་གང་དུ་ཡོད་མེད་དང་སྐུ་ཁམས་བདེ་ཐང་ཡིན་མིན་གསལ་བཏོན་དགོས་པའི་ཞུ་སྐུལ།
  • ༸པཎ་ཆེན་རིན་པོ་ཆེ་གློད་བཀྲོལ་དགོས་པ་སོགས་དོན་ཚན་ལྔ་ཅན་གྱི་རེ་འབོད།

ཨ་རིའི་གྲོས་ཚོགས་འོག་མའི་རྒྱ་ནག་ལས་དོན་ཚོགས་ཆུང་གིས་ཡུལ་དེའི་གྲགས་ཅན་མཐོ་སློབ་ Georgia Tech  ཡི་གཙོ་འཛིན་ལ་ཡི་གེ་ཞིག་བཏང་སྟེ་མཐོ་སློབ་དེ་དང་རྒྱ་ནག་བཅིངས་བཀྲོལ་དམག་དབར་འབྲེལ་བ་ཡོད་མེད་ཀྱི་ཡིག་ཆ་སོགས་གང་མགྱོགས་ཨ་རི་གཞུང་ལ་མཁོ་སྤྲོད་དགོས་པའི་ཉེན་བརྡ་དང་བཅས་གནད་དོན་དེའི་ཐད་ཞིབ་འཇུག་འགོ་བཙུགས་གནང་ཡོད་པ་གསུངས་འདུག

US Target Georgia
Rep. John Moolenaar, Photo by Bill Clark/CQ Roll Call)

དེ་ཡང་ཁ་སང་ཕྱི་ཚེས་ ༩ ཉིན་ཨ་རིའི་གྲོས་ཚོགས་འོག་མའི་རྒྱ་ནག་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་ John Moolenaar དང་། གྲོས་ཚོགས་གོང་མའི་ Armed Services Committee ཞེས་དམག་དོན་ལས་དོན་དང་འབྲེལ་བའི་ཚོགས་ཆུང་གི་འཐུས་མི་གཙོ་གྲས། དེ་བཞིན་གྲོས་ཚོགས་འོག་མའི་ཤེས་ཡོན་དང་ངལ་རྩོལ་ཚན་པའི་ཚོགས་གཙོ་ Virginia Foxx བཅས་ཀྱིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་གསལ་ལྟར་ན།  ཨ་རིར་རྟེན་གཞི་བྱས་པའི་ Georgia Tech མཐོ་སློབ་ངོས་ནས་ལོ་ངོ་མང་པོའི་རིང་རྒྱ་ནག་བཅིངས་བཀྲོལ་དམག་དང་འབྲེལ་བ་དམ་ཟབ་ཡོད་མཁན་དང་། ཨ་རིའི་ཚོང་འབྲེལ་སོགས་ཀྱི་གལ་ཆེའི་གནས་ཚུལ་རྣམས་རྐུ་འཁྱེར་གྱིས། རྒྱ་གཞུང་ལ་མཁོ་སྤྲོད་བྱས་པའི་ཉེས་འཛུགས་འོག་ཨ་རིའི་སྲིད་གཞུང་གིས་མིང་ཐོ་ནག་པོའི་ནང་བཅུག་ཡོད་པའི་རྒྱ་ནག་གི་སློབ་ཆེན་ཐེ་འན་ཇིན་དང་མཉམ་ཚན་རྩལ་ཞིབ་འཇུག་གི་མཉམ་ལས་སོགས་འབྲེལ་བ་དམ་ཟབ་འཛིན་བཞིན་ཡོད་པས། ད་ཆ་གྲོས་ཚོགས་འོག་མའི་ངོས་ནས་ Georgia Tech དང་རྒྱ་དམག་དབར་གྱི་འབྲེལ་བ་སོགས་ཀྱི་ཐད་ཞིབ་འཇུག་འགོ་བཙུགས་གནང་ཡོད་པ་གསུངས་འདུག མ་ཟད་ཨ་རིའི་གྲོས་ཚོགས་འཐུས་མི་དེ་དག་གིས་ Georgia Tech ཡིས་ཐེན་ཇིན་སློབ་ཆེན་དང་ལྷན་དུ་ཚོར་རྣོ་བའི་ཞིབ་འཇུག་གི་ལས་དོན་འགའ་ཞིག་ཆེད་ཨ་རིའི་རྒྱལ་སྲུང་ཞིབ་འཇུག་ཁང་གི་རོགས་དངུལ་བེད་སྤྱོད་བྱས་པར་སྐྱོན་བརྗོད་གནང་ཡོད་ཅིང་། ལྷག་པར་རྒྱ་གཞུང་ནས་ Georgia Tech དང་འབྲེལ་བ་ཡར་རྒྱས་ཆེད་སྒོར་ས་ཡ་མང་པོ་སྤྲོད་བཞིན་པ་དེར་གྲོས་ཚོགས་འཐུས་མི་ཚོས་སེམས་འཚབ་གནང་བཞིན་ཡོད་པ་སོགས་འཁོད་འདུག

ཨ་རིའི་གྲོས་ཚོགས་འོག་མའི་རྒྱ་ནག་ལས་དོན་ཚོགས་ཆུང་ངོས་ནས་ཕྱི་ཚེས་ ༩ ཉིན་ Georgia Tech ཡི་གཙོ་འཛིན་ Ángel Cabrera ལ་ཕྱག་བྲིས་ཤིག་སྤྲིངས་པ་དེའི་ནང་། ཐེ་འན་ཇིན་མཐོ་སློབ་ངོས་ནས་རྒྱ་གཞུང་དང་འབྲེལ་བ་དམ་ཟབ་ཀྱིས་ཨ་རིའི་ཚོང་གི་གསང་བའི་གནས་ཚུལ་རྣམས་རྐུ་འཁྱེར་བྱ་རྒྱུའི་ཐབས་ཤེས་བྱེད་བཞིན་ཡོད་པ་ལྟོས་མེད་ཀྱིས། Georgia Tech མཐོ་སློབ་ཀྱིས་ཕྱི་ལོ་ ༢༠༡༣ ལོ་ནས་བཟུང་མུ་མཐུད་རྒྱ་ནག་སློབ་ཆེན་དེ་དང་འབྲེལ་བ་དམ་འཛིན་བྱེད་བཞིན་ཡོད་ཅིང་། ད་ཆ་ཨ་རིའི་ངོས་ནས་རྒྱ་ནག་གི་སློབ་ཆེན་དེ་བཞིན་མིང་ཐོ་ནག་པོར་བཅུག་པའི་རྐྱེན་གྱིས་ Georgia Tech མཐོ་སློབ་ངོས་ནས་ཐེ་འན་ཇིན་སློབ་ཆེན་ལ་ཚོར་རྣོ་བའི་འཕྲུལ་ཆས་རིགས་ཕྱིར་གཏོང་བྱ་རྒྱུར་བཀག་སྡོམ་བྱས་ཡོད་ཀྱང་། སློབ་ཆེན་དེའི་ངོས་ནས་ཐེ་འན་ཇིན་མཐོ་སློབ་དང་། དེ་བཞིན་རྒྱ་གཞུང་དང་འབྲེལ་ཡོད་སྒྲིག་འཛུགས་གཞན་ཞིག་དང་ལྷན་དུ་ཚོར་རྣོ་བའི་འཕྲུལ་ལས་རིགས་འཛུགས་སྐྲུན་སླད་མཉམ་ལས་བྱེད་བཞིན་ཡོད་པ་ མངོན་གསལ་གནང་འདུག

མ་ཟད་ Georgia Tech མཐོ་སློབ་ཀྱིས་ཐེ་འན་ཇིན་སློབ་ཆེན་དང་མཉམ་འབྲེལ་ཐོག་རྒྱ་ནག་གི་ Shenzhen གྲོང་ཁྱེར་ནང་ཆེད་བཙུགས་བྱས་པའི་ Georgia Tech Shenzhen Institute ཞེས་པའི་སློབ་གཉེར་ཁང་དང་འབྲེལ་བའི་མ་དངུལ་སྐོར་གནས་ཚུལ་ཁ་གསལ་བརྗོད་མེད་པའི་སྐྱོན་བརྗོད་དང་འབྲེལ།   Shenzhen ས་གནས་གཞུང་གིས་སློབ་གཉེར་ཁང་དེའི་འཛུགས་སྐྲུན་ཆེད་ཨ་སྒོར་ས་ཡ་ ༢༥༠ ལོགས་སུ་སྤྲད་ཡོད་ཀྱང་།  Georgia Tech མཐོ་སློབ་ངོས་ནས་ཨ་རིའི་གཞུང་གི་ཤེས་ཡོན་ལས་ཁུངས་ལ་དེ་འབྲེལ་སྙན་གསེང་གང་ཡང་བྱས་མེད་པ་འགྲེལ་བརྗོད་གནང་འདུག

US Target Georgia
Picture: Reuters

ཚོགས་ཆུང་གིས་ Georgia Tech མཐོ་སློབ་ངོས་ནས་དེ་འབྲེལ་རྒྱ་ནག་བཅིངས་བཀྲོལ་དམག་དང་འབྲེལ་བའི་མཐོ་སློབ་ཁག་དང་མཉམ་ལས་བརྒྱུད་ཨ་རིའི་རྒྱལ་སྲུང་ལ་དོ་ཕོག་ཇི་ཙམ་བཏང་བ་ཞིབ་འཇུག་སླད་ Georgia Tech ངོས་ནས་རྒྱ་ནག་གི་དམག་གི་སྒྲིག་འཛུགས་སོགས་དང་འབྲེལ་བ་ཡོད་པའི་མཐོ་སློབ་དེ་དང་འབྲེལ་བའི་སྐོར། དེ་བཞིན་མ་དངུལ་དང་མཉམ་ལས། ཞིབ་འཇུག་སོགས་དོན་ཚན་ ༡༩ འཁོད་ཡོད་པ་རྣམས་དང་འབྲེལ་བའི་ཡིག་ཆ་རིགས་ཟླ་འདིའི་ཚེས་ ༢༣ སྔོན་ཚུད་དུ་ཨ་རིའི་གཞུང་ལ་མཁོ་སྤྲོད་དགོས་པའི་འབོད་སྐུལ་དང་ཉེན་བརྡ་བཏང་འདུག

མ་ཟད་ཁ་སང་ཨ་རིའི་གྲོས་ཚོགས་འོག་མའི་རྒྱ་ནག་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་ John Moolenaar ལགས་ཀྱིས་དྲ་ལམ་ཐོག་བརྙན་ཐུང་ཞིག་སྤེལ་བ་བརྒྱུད། ཨ་རིའི་རྒྱལ་སྲུང་ལས་ཁུངས་ཀྱིས་རྒྱབ་སྐྱོར་དང་དེ་གའི་མ་དངུལ་དེ་བཞིན་ཨ་རི་གཞུང་ལ་ཁྲལ་ཕུལ་མཁན་གྱི་མི་སེར་རྣམས་ནས་བྱུང་བཞིན་ཡོད་པའི་ Georgia Tech ཡིས། རྒྱ་གཞུང་དང་འབྲེལ་བ་དམ་ཟབ་ཡོད་པའི་ཐེ་འན་ཇིན་མཐོ་སློབ་དང་འབྲེལ་བ་དེ་བས་དམ་ཟབ་ཏུ་བཏང་སྟེ། མཐོ་སློབ་དེའི་སློབ་དཔོན་བགྲེས་པ་ཞིག་གིས་ཐེ་འན་ཇིན་མཐོ་སློབ་དང་མཉམ་ལས་ཀྱིས་དམག་དོན་འཕྲུལ་ཆས་སོགས་ལ་དགོས་མཁོ་ཆེ་བའི་རྒྱལ་སྤྱིའི་ཁྲོད་ཆེས་ཐོག་མའི་བྱེད་ལས་ཅན་གྱི་གློག་འདོན་འཕྲུལ་ཆས་འཛུགས་སྐྲུན་གྱི་ལས་གཞི་སྤེལ་བཞིན་ཡོད་པ་ནི། ཨ་རིའི་མ་དངུལ་རྣམས་མ་འོངས་པར་ཨ་རི་རང་གི་ཐོག་བེད་སྤྱོད་བྱེད་སྲིད་པའི་རྒྱ་ནག་གི་དམག་དོན་འཕྲུལ་ཆས་རིགས་འཛུགས་སྐྲུན་ཆེད་དུ་རྒྱབ་སྐྱོར་བྱེད་བཞིན་པའི་དཔེ་མཚོན་ཞིག་ཡིན་པ་གསུངས་འདུག

རྩ་བའི་ Georgia Tech ནི་ཨ་རིའི་འཕྲུལ་ལས་འཛུགས་སྐྲུན་ཡར་རྒྱས་དང་འཕྲུལ་ལས་འགྲན་རྩོད་ཐད་ཀྱི་ཞིབ་འཇུག་མཐོ་སློབ་གྲགས་ཅན་ཤིག་ཡིན་ཞིང་། ཨ་རིའི་རྒྱལ་སྲུང་ལས་ཁུངས་ལ་རམ་འདེགས་ཀྱིས་རྒྱལ་ཁབ་ཀྱི་བདེ་འཇགས་དང་འབྲེལ་བའི་དཀའ་ངལ་སེལ་མཁན་གྱི་ Georgia Tech Research Institute ཞེས་པ་དེའི་ཨ་མ་ལྟ་བུ་ཞིག་ཡིན་འདུག་པས། མཐོ་སློབ་དེས་ལོ་བཅུ་ཕྲག་རིང་རྒྱ་ནག་གཞུང་དམག་གཉིས་དང་འབྲེལ་བ་དམ་ཟབ་ཡོད་པའི་རྒྱ་ནག་མཐོ་སློབ་ཐེ་འན་ཇིན་དང་འབྲེལ་བ་མཇུག་སྐྱོང་བྱེད་བཞིན་པ་དེས་ཨ་རིར་སེམས་འཚབ་སྐྲུན་བཞིན་ཡོད་པ་རེད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།