Tibetan Royal Year of 2151 | Year of the Wood Dragon

རྒྱ་ནག་དང་ Hungary གཉིས་དབར་ཚོང་འབྲེལ་གོང་འཕེལ་གཏོང་རྒྱུའི་གྲོས་མཐུན་བཞག་འདུག

Tibetan News Headlines

  • HHDL gives audience to devotees of Dipankara Buddhist Centre
  • Taiwan’s new president takes office, calls on China to cease hostile actions
  • Tibetan delegation attends Lai Ching-te’s swearing-in ceremony, meets newly re-established parliamentary group for Tibet
  • US urges China to immediately account for Panchen Rinpoche’s whereabouts and well-being
  • Is the Panchen Lama alive or dead? Tashi Lhunpo’s Deputy Abbot speaks at FCCC

རེས་གཟའ་ཟླ་བ། ༢༠༢༤།༠༥།༢༠

  • སྟོང་ཉིད་ཀྱི་ལྟ་བ་དང་བྱང་ཆུབ་ཀྱི་སེམས་ནི་སྟོན་པའི་བསླབ་བྱ་གཙོ་བོ་དེ་ཡིན་པ་བཀའ་བསྩལ་འདུག
  • ཐེ་ཝན་མི་མང་གི་རང་ཐག་རང་གཅོད་ཀྱི་སྙིང་སྟོབས་ལ་ཆེ་བསྟོད་དང་རྒྱ་གཞུང་ལ་དྲག་པོའི་འཇིགས་སྐུལ་མཚམས་འཇོག་དགོས་པའི་སྐུལ་འདེབས།
  • ཐེ་ཝན་སྲིད་འཛིན་གྱི་དམ་འབུལ་མཛད་སྒོར་བོད་མིའི་བཀའ་སྤྱི་གཉིས་ཀྱི་སྐུ་ཚབ་ལྷན་ཞུགས།
  • ཨ་རི་གཞུང་གིས་༸པཎ་ཆེན་རིན་པོ་ཆེ་མཆོག་གང་དུ་ཡོད་མེད་དང་སྐུ་ཁམས་བདེ་ཐང་ཡིན་མིན་གསལ་བཏོན་དགོས་པའི་ཞུ་སྐུལ།
  • ༸པཎ་ཆེན་རིན་པོ་ཆེ་གློད་བཀྲོལ་དགོས་པ་སོགས་དོན་ཚན་ལྔ་ཅན་གྱི་རེ་འབོད།

རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ France དང་ Serbia ནང་གི་སྐོར་བསྐྱོད་རྗེས་ཁ་ཉིན་ཕྱི་དྲོ་ Hungary ཡི་རྒྱལ་ས་ Budapest ནང་དུ་འབྱོར་བ་དང་འབྲེལ། ཁ་སང་ཡུལ་དེའི་སྲིད་བློན་ Victor Orban མཆོག་དང་ཐུག་འཕྲད་ཀྱིས་རྒྱལ་ཁབ་ཕྱོགས་གཉིས་དབར་ཚོང་གི་འབྲེལ་ལམ་གོང་འཕེལ་གཏོང་རྒྱུའི་མཉམ་འབྲེལ་གྱི་གྲོས་མཐུན་ཁག་གཅིག་བཞག་འདུག

China Hungary Meet
Pool photo by Szilard Koszticsak

དེ་ཡང་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་དེ་འབྲེལ་གནས་ཚུལ་ཐོན་པར་གཞིགས་ན། ཟླ་བ་འདིའི་ཕྱི་ཚེས་ ༥ ནས་འགོ་འཛུགས་ཀྱིས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་ཡོ་རོབ་ནང་ཉིན་ལྔའི་རིང་སྐོར་བསྐྱོད་བྱེད་བཞིན་ཡོད་པ་ལྟར། ཕྱི་ཚེས་ ༨ ཉིན་ Hungary ཡི་རྒྱལ་ས་ Budapest ནང་དུ་འབྱོར་རྗེས་ཁ་སང་ཕྱི་ཚེས་ ༩ ཉིན་ཡུལ་དེའི་སྲིད་བློན་ Victor Orban མཆོག་དང་ཕྱི་སྲིད་བློན་ཆེན་ Péter Szijjártó ལགས་གཉིས་དང་ཐུག་འཕྲད་ཀྱིས་རྒྱལ་ཁབ་ཕྱོགས་གཉིས་དབར་ཚོང་གི་འབྲེལ་ལམ་ཇེ་ཟབ་ཏུ་གཏོང་རྒྱུར་དམིགས་ཏེ་མཉམ་འབྲེལ་གྱི་གྲོས་མཐུན་ཁག་ ༡༨ ཙམ་འཇོག་ཡོད་པ་དང་། འགོ་ཁྲིད་དབར་གྱི་ཐུག་འཕྲད་དང་འབྲེལ་ཁ་སང་སྲིད་བློན་ Victor Orban མཆོག་གིས་གསར་འགོད་གསལ་བསྒྲགས་ཞིག་སྐོང་ཚོགས་གནང་བའི་ནང་། སྲིད་བློན་ Victor མཆོག་གིས་ཕྱི་ལོ་ ༢༠༡༠ ལོར་རང་ངོས་ནས་སྲིད་བློན་གྱི་འགན་བཞེས་པ་ནས་བཟུང་ད་དབར་རྒྱ་ནག་དང་ལྷན་འབྲེལ་བ་དམ་ཟབ་ཡོད་པར་བསྔགས་བརྗོད་གནང་ཐོག་ཕྱོགས་གཉིས་ཀྱི་འབྲེལ་ལམ་སྤྱི་དང་ཚོང་འབྲེལ་སོགས་དུས་རྒྱུན་ལྟར་མུ་མཐུད་འགྲོ་བར་ Hungary སྲིད་གཞུང་ངོས་ནས་གང་ཐུབ་གནང་རྒྱུ་ཡིན་སྐོར་གསུངས་པ་དང་ཆབས་ཅིག རྒྱ་ནག་ངོས་ནས་ཀྱང་ཁུལ་དེར་མ་རྩ་གང་མང་འཛུགས་དགོས་པ་དང་། རྒྱ་ནག་གི་ཚོང་ལས་སྡེ་ཁག་དེ་དག་ལ་ Hungary ངོས་ནས་མུ་མཐུད་དྲང་བདེན་གྱི་འཁོར་ཡུག་བསྐྲུན་རྒྱུར་ཆོད་སེམས་བརྟན་པོ་ཡོད་པ་གསུངས་འདུག

China Hungary Meet
Photo: bne IntelliNews

མ་ཟད་ཁོང་གིས་འདས་ལོར་ཁུལ་དེར་མ་དངུལ་གྱི་བརྒྱ་ཆ་ ༧༥ ཙམ་རྒྱ་ནག་ནས་ཡོང་བ་རེད་ཅེས་དང་། ལྷག་པར་ Hungary རྒྱལ་ཁབ་དེ་བཞིན་དཔལ་འབྱོར་གྱི་ཡར་རྒྱས་ལམ་བུར་བསྐྱོད་པར་ད་དབར་རྒྱ་ནག་གིས་རྒྱབ་སྐྱོར་བྱས་ཡོད་སྐོར་ལུང་འདྲེན་དང་འབྲེལ། ཧང་གྷ་རིས་རྒྱ་ནག་དང་ལྷན་དུ་མུ་མཐུད་ཚོང་གི་འབྲེལ་ལམ་གོང་འཕེལ་གཏོང་རྒྱུ་དང་། ལྷག་པར་རྡུལ་ཕྲན་ནུས་ཤུགས་དང་འབྲེལ་རྒྱ་ནག་དང་མཉམ་ལས་རྒྱ་སྐྱེད་གཏོང་རྒྱུའི་འདུན་པ་ཡོད་སྐོར་གསུངས་འདུག

འགོ་ཁྲིད་གཉིས་ཀྱི་ཐུག་འཕྲད་དང་འབྲེལ། Hungary རྒྱལ་ཁབ་ཀྱི་ཕྱི་སྲིད་བློན་ཆེན་ Péter Szijjártó  ལགས་ཀྱིས་ཚོགས་འདུའི་ཐོག་གཙོ་བོ་རྒྱལ་ཁབ་ཕྱོགས་གཉིས་དབར་ཐབས་བྱུས་དང་ཚོང་འབྲེལ་གྱི་གྲོས་མཐུན་ཁག་ ༡༨ ཙམ་འཇོག་ཡོད་པའི་ཁྲོད་རྒྱ་ནག་དང་ལྷན་རྡུལ་ཕྲན་ལས་རིགས་ཐད་མཉམ་ལས་གནང་རྒྱུ་གཙོས་རྒྱ་གཞུང་གི་མཐུན་འགྱུར་འོག་ Hungary དང་Serbia རྒྱལ་ཁབ་གཉིས་ཀྱི་རྒྱལ་ས་ཕན་ཚུན་མཐུད་པའི་མྱུར་ཚད་མཐོ་བའི་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་བྱ་རྒྱུའི་ཐད་ཐོག་མའི་གྲོས་མོལ་འགོ་ཚུགས་ཟིན་པར་མངོན་གསལ་གནང་འདུག

གནད་དོན་དེ་དང་འབྲེལ་ནས་  CCTV རྒྱ་ནག་གཞུང་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། སྐབས་དེར་སྲིད་འཛིན་ཞི་ཡིས་ཐེངས་འདིའི་ཐུགས་འཕྲད་ཀྱིས་རྒྱ་ནག་དང་ Hungary རྒྱལ་ཁབ་གཉིས་ཀྱི་དབར་ཡོད་པའི་དམ་ཟབ་ཀྱི་འབྲེལ་ལམ་ཡོད་པ་དེ་སྔར་ལྷག་སྲ་བརྟན་དང་། གྲོས་མཐུན་དེ་དག་ནི་རྒྱལ་ཁབ་ཕན་ཚུན་དབར་གྲོས་མོལ་རིམ་པ་ཡོང་རྒྱུའི་མཚོན་རྟགས་ཤིག་ཡིན་ཚུལ་བརྗོད་པ་དང་། ལྷག་པར་ Hungary ནི་རྒྱ་ནག་གི་ཚོང་རོགས་ཆེ་ཤོས་ཞིག་ཆགས་ཀྱི་ཡོད་སྟབས་ཡོ་རོབ་མཐུན་ཚོགས་དང་རྒྱ་ནག་གི་འབྲེལ་ལམ་ཡར་རྒྱས་གཏོང་བར་འགན་དབང་འཕར་མ་འཁུར་དགོས་པ་སོགས་བཤད་འདུག

China Hungary Meet
Photo: Denes Erdos Associated Press

གནད་དོན་དེ་དང་འབྲེལ་རླུང་འཕྲིན་ཁང་གིས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་འབུམ་རམས་པ་བསྟན་འཛིན་ལྷ་སྒྲོན་ལགས་སུ་ཐེངས་འདིའི་རྒྱ་ནག་གི་སྲིད་འཛིན་དང་ Hungary སྲིད་བློན་གཉིས་ཀྱི་ཚོགས་འདུའི་གལ་གནད་དང་འབྲེལ་ནས་བཅར་འདྲི་ཞུས་པར་ཁོང་གིས་ Hungary ལྟ་བུར་མཚོན་པ་ཡིན་ན་རྒྱ་ནག་དང་མཐུན་ཕྱོགས་ཀྱི་རྒྱལ་ཁབ་གཅིག་ཆགས་ཀྱི་ཡོད་པ་དང་། ལྷག་པར་འདི་ལོའི་ཕྱི་ཟླ་ ༧ པའི་ནང་ Hungary ཡོ་རོབ་མཐུན་ཚོགས་ཀྱི་འགོ་གཙོའི་ལས་འགན་བཞེས་ཀྱི་ཡོད་སྟབས་དེ་གནད་འགག་ཆེན་པོ་ཞིག་ལ་ངོས་འཛིན་གནང་དགོས་པ་གསུངས་སོང་།

གཞི་རྩའི་འདས་པའི་ལོ་ཤས་ནང་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གཙོས་གཞན་གནས་སྟངས་དུ་མས་རྐྱེན་ཡོ་རོབ་མཐུན་ཚོགས་ངོས་ནས་རྒྱ་ནག་དང་ལྷན་འབྲེལ་ཐག་རིང་དུ་གཏོང་འགོ་བརྩམས་པའི་དུས་སྐབས་འདིར། Hungary རྒྱལ་ཁབ་ནས་རྒྱ་ནག་ལ་རྟེན་རྒྱུ་ཉུང་འཕྲི་གནང་རྒྱུ་ལས་ལྡོག་སྟེ། རྒྱ་ནག་གི་ཚོང་རོགས་ཆེ་ཤོས་དང་མ་དངུལ་འཇོག་ཡུལ་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་དང་ཆབས་ཅིག  རྒྱ་ནག་གི་བརྒྱུད་གཅིག་ལམ་གཅིག་གི་ཚོང་འབྲེལ་ནང་དུ་བཞུགས་མཁན་ཐོག་མའི་གྲས་སུ་ཆགས་ཡོད་པ་རེད།

ལྷག་པར་ད་ལྟའི་སྲིད་བློན་ Victor Orban ལགས་ནི་རྒྱ་ནག་དང་མཐུན་ཕྱོགས་ཀྱི་བསམ་བློ་བཅངས་མཁན་གྱི་ཆབ་སྲིད་པ་ཞིག་ཆགས་ཀྱི་ཡོད་སྟབས་ཁོང་གིས་སྲིད་བློན་གྱི་ཐུགས་འགན་བཞེས་པ་ནས་བཟུང་རྒྱ་ནག་དང་ Hungary རྒྱལ་ཁབ་གཉིས་དབར་འབྲེལ་ལམ་ཡག་ཤོས་ཀྱི་དུས་སྐབས་ཞིག་ཆགས་ཀྱི་ཡོད་པ་ཙམ་མ་ཟད། ཉེ་ཆར་རྒྱ་ནག་དང་ལྷན་དུ་བདེ་འཇགས་ཀྱི་གྲོས་མཐུན་འཇོག་པའི་ནང་དུ། རྒྱ་ནག་གི་ཉེན་རྟོག་པ་ Hungary ནང་དུ་ཡོང་སྟེ་ལས་དོན་སྤེལ་ཆོག་པ་བཟོས་ཡོད་པར། རྒྱལ་ཁབ་ཕྱི་ནང་གཉིས་ཀ་ནས་སྐྱོན་བརྗོད་ཤུགས་ཆེ་བྱས་བཞིན་ཡོད་པ་རེད།

China Hungary Meet
Screenshot: Students for Free Tibet

རྩ་བའི་ཁ་ཉིན་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ Hungary ཡི་རྒྱལ་ས་ Budapest ནང་འབྱོར་མ་ཐག་ཏུ་ཁུལ་དེར་གནས་སྡོད་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་ Hungary གཞུང་ནས་མི་གསོད་ལག་དམར་གྱི་ལྷན་དུ་འབྲེལ་བ་བྱེད་རྒྱུ་མེད་པ་དང་འགྲོ་བ་མིའི་ཐོབ་ཐང་མེད་ན་ཚོང་འབྲེལ་ཡང་མེད་ཅེས་ཀྱི་འབོད་ཚིག་བསྒྲགས་ཏེ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་ཡོད་པ་དང་། སྐབས་དེར་ Hungary  ནང་བཅའ་སྡོད་རྒྱ་མི་ཁག་གཅིག་གིས་ཁུལ་དེའི་རྒྱ་ནག་གཞུང་ཚབ་ཀྱི་དང་བླངས་ཚོགས་པ་ཡིན་ཟེར་ནས་བོད་མི་ཚོའི་ལག་ནས་རྒྱལ་དར་ཕྲོགས་པ་དང་། ཞི་དང་རྒྱ་ནག་གི་སྐོར་བསྟོད་དབྱངས་བཏང་སྟེ་ངོ་རྒོལ་བྱེད་རྒྱུར་འགོག་རྐྱེན་བཟོས་ཡོད་པ་སོགས་མངོན་གསལ་གནང་འདུག

གནད་དོན་དེ་དང་འབྲེལ་འདི་ག་རླུང་འཕྲིན་ཁང་གིས་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གི་ལས་བྱེད་བསྟན་འཛིན་དབྱངས་འཛོམས་ལགས་སུ་ཞལ་པར་བརྒྱུད་ Hungary ནང་གི་ངོ་རྒོལ་གྱི་བརྒྱུད་རིམ་ཁྲོད་འཕྲད་པའི་དཀའ་ངལ་དང་འབྲེལ་བཀའ་འདྲི་ཞུས་པར་ཁོང་གིས། ཞི་ཅིན་ཕིང་ལ་ངོ་རྒོལ་གནང་བའི་སྐབས་རྒྱ་གཞུང་ལ་དགའ་མོས་བྱས་མཁན་གྱི་མི་སྣ་ཁག་གཅིག་གིས་ཁོང་རྣམ་པའི་རྒྱལ་དར་དང་འཕྲད་དར་སོགས་ཕྲོགས་ཐབས་བརྒྱུད་ལས་འགུལ་དེ་ཉིད་བཀག་འགོག་བྱ་ཐབས་ཙམ་མ་ཟད། ལས་འགུལ་སྤེལ་ཚར་རྗེས་རྒྱ་མི་ཁག་གཅིག་གིས་ཁོང་ཚོར་རྗེས་འདེད་ཀྱང་བཏང་ཡོད་པ་སོགས་ཀྱི་བྱ་ངན་སྤེལ་ཡོད་པ་སོགས་འགྲེལ་བརྗོད་གནང་སོང་།

འབྲེལ་ཡོད་གསར་གནས།

གསར་གནས།