ཨ་རིའི་ཕྱི་སྲིད་དྲུང་ཆེ་གཙོས་གནད་ཡོད་མི་སྣ་མང་པོས་༸སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུས་པ།

Tibetan News Headlines

  • Hokkaido Shimizu Town Delegation Visits Tibet House Japan, Presents First Harvest of the Region for His Holiness the Dalai Lama
  • Tibet Advocacy Group Calls on US to Restore Tibetan Broadcasting Services to Counter Chinese Propaganda and Censorship
  • China-Linked UK Businessman Tried to Hire Ex-Met Detective to Investigate MPs Critical of Beijing
  • Nvidia CEO Jensen Huang Admits Affair with Suspected Chinese Spy; Company Launches Investigation
  • Tibetan Representative Jigme Tsultrim Briefs India’s Minority Commission Chairperson on Tibetan Settlements in South India
  • China Expands Media Influence in Thailand Through Partnerships, Propaganda and Diplomatic Pressure, RSF Reports
  • History Feature: Tsarong Dasang Damdul

ཪེས་གཟའ་ཟླ་བ། ༢༠༢༦།༡༡།༠༩

  • ཉི་ཧོང་གྲོང་སྡེ་ཞིག་གི་སྐུ་ཚབ་ཚོ་ཁག་ནས་ས་གནས་དེའི་ལོ་ཏོག་ཐོན་སྐྱེད་ཐོག་མ་༸གོང་ས་མཆོག་ལ་འབུལ་བཞེས་གནང་འདུག
  • རྒྱ་ནག་གི་འཁྱོག་བཤད་དྲིལ་བསྒྲགས་ལ་གདོང་ལེན་སླད་ཨ་རི་གཞུང་གིས་བོད་སྐད་རླུང་འཕྲིན་ཁང་ལ་རྒྱབ་སྐྱོར་བྱེད་དགོས་གལ་ཡིན་པ་གསུངས་འདུག
  • དབྱིན་ཡུལ་ཚོང་པ་ཞིག་གིས་སོ་མྱུལ་བ་གླ་གཡར་བརྒྱུད་རྒྱ་ནག་གི་ཆེད་དུ་དབྱིན་ཡུལ་གྲོས་ཚོགས་འཐུས་མི་ཁག་གཅིག་ལ་གསང་ཉུལ་བྱས་པ་མངོན་གསལ།
  • Nvidia ཁེ་ལས་ཁང་གི་འགན་འཛིན་གྱིས་དོགས་གཞི་ཅན་གྱི་རྒྱ་རིགས་བུད་མེད་སོ་བ་ཞིག་དང་ནང་འབྲེལ་བྱུང་བའི་ཁས་ལེན་བྱས་རྗེས། ཁེ་ལས་ཁང་གིས་ཁོའི་བྱ་སྤྱོད་ལ་ཞིབ་བཤེར་འགོ་འཛུགས།
  • ལྷོ་སྤྱི་ཡིས་རྒྱ་གར་གཞུང་གི་གྲངས་ཉུང་མི་རིགས་ལྷན་ཚོགས་ཀྱི་ཚོགས་གཙོ་དང་མཇལ་འཕྲད་གནང་བ།
  • རྒྱ་གཞུང་གིས་ Thailand ནང་གི་གསར་འགོད་རང་དབང་ལ་དམ་དྲག་ཆེན་པོ་བྱེད་བཞིན་པ་གསལ་སྟོན།
  • བོད་ཀྱི་ལོ་རྒྱུས་ཁྲོད་མི་སྣ་གྲགས་ཅན་ངོ་སྤྲོད། དམག་སྤྱི་ཚ་རོང་ཟླ་བཟང་དགྲ་འདུལ་ལགས་ཀྱི་སྐོར།

འཛམ་གླིང་ས་ཕྱོགས་གང་སར་དགའ་དད་སྤྲོ་གསུམ་འཁོལ་བའི་ངང་ནས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་འཁྲུངས་སྐར་སྲུང་བརྩི་གཟབ་རྒྱས་ངང་ཞུས་ཡོད་པ་ལྟར། ཁ་སང་གི་དུས་ཚིགས་ཁྱད་པར་ཅན་དང་བསྟུན་ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་གིས་གཙོས་པའི་བོད་དོན་རྒྱབ་སྐྱོར་བའི་ཚོགས་སྒེར་ཁག་དང་། དེ་བཞིན་གནད་ཡོད་མི་སྣ་མང་པོས་མགོན་པོ་༸གང་ཉིད་མཆོག་གི་༸སྐུའི་འཁྲུངས་སྐར་ལ་དགའ་བསུའི་འཚམས་འདྲི་ཞུས་འདུག

ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ Antony Blinken མཆོག་གིས་༸གོང་ས་མཆོག་གི་༸སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུས་པ་དང་འབྲེལ་ནས་བསྒྲགས་གཏམ་ཞིག་སྤེལ་བའི་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བརྩེ་དང་མཛད་སྤྱོད་བཟང་པོའི་མཛད་རྗེས་ལས་འཛམ་གླིང་ནང་གི་མི་དུ་མར་སེམས་སྐུལ་ཐེབས་ཡོད་ཅེས་དང་། མགོན་པོ་༸གང་ཉིད་མཆོག་གིས་ཉམས་བཞེས་མཛད་བཞིན་པའི་འཚེ་མེད་ཞི་བའི་ལྟ་གྲུབ་ལ་ཡི་རངས་ཞུ་བཞིན་ཡོད་སྐོར་གསུངས་འདུག་པར་མ་ཟད། དེ་རིང་གི་ཉིན་མོ་དང་བསྟུན་ང་ཚོས་ཁས་ལེན་བསྐྱར་དུ་དམ་འཛིན་གྱིས་བོད་མི་གཙོ་བོར་གྱུར་པའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱ་རྒྱུ་ལས་མགོན་པོ་མཆོག་གི་སྙིང་རྗེ་སོགས་ཀྱི་བསླབ་བྱ་ལག་བསྟར་བྱ་ཐུབ་ངེས་ཡིན་པ་དང་། ཨ་རིའི་ངོས་ནས་བོད་ཀྱི་ངོ་བོ་མཚོན་པའི་ཆོས་དང་རིག་གཞུང་། སྐད་ཡིག ལྷག་པར་དུ་སུས་ཀྱང་ཐེ་བྱུས་མེད་པར་བོད་མི་རྣམས་ཀྱིས་ཆོས་ཕྱོགས་ཀྱི་དབུ་ཁྲིད་རྣམས་རང་དབང་ཐོག་ནས་འདེམས་སྒྲུག་དང་གུས་བཀུར་བྱ་རྒྱུའི་གནད་དོན་ལ་མུ་མཐུད་འགྱུར་མེད་ཀྱིས་རྒྱབ་སྐྱོར་གནང་རྒྱུ་ཡིན་པ་གསུངས་འདུག

བྱང་ཨ་རིའི་སྐུ་ཚབ་དོན་ཁང་དུའང་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་ Uzra Zeya མཆོག་སྐུ་མགྲོན་ལ་གདན་འདྲེན་ཞུས་ཏེ་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་འདུག་པ་དང་། སྐབས་དེར་ཁོང་གིས་དེ་རིང་༸སྐུའི་འཁྲུངས་སྐར་གྱི་མཛད་སྒོ་ཐོག་ལྷན་ཞུགས་དང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འཚམས་འདྲི་ཞུ་རྒྱུ་བྱུང་བ་དགའ་ཚོར་ཆེན་པོ་བྱུང་ཞེས་གསུངས་པ་དང་སྦྲགས། མགོན་པོ་༸གང་ཉིད་མཆོག་༸སྐུ་ཚེ་བསྐལ་བརྒྱར་བརྟན་པ་དང་༸སྐུ་ཁམས་གསལ་ཐང་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསུངས་འདུག དེ་བཞིན་སྔ་ལོའི་ཕྱི་ཟླ་ ༥ ནང་ཁོང་བཞུགས་སྒར་དྷརྨ་སཱ་ལཱར་ཆེད་ཕེབས་སྐབས་༸གོང་ས་མཆོག་གི་མཇལ་ཁ་ཞུས་སྐབས་མགོན་པོ་༸གང་ཉིད་མཆོག་གི་དགོངས་གཞི་གང་ཡིན་དངོས་སུ་གསན་རྒྱུ་བྱུང་སྐོར་སོགས་གསུངས་འདུག

CECC ཞེས་ཨ་རིའི་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་རྒྱ་ནག་ཐོག་གི་ཚོགས་ཆུང་གིས་༸སྐུའི་འཁྲུངས་སྐར་ལ་འཚམས་འདྲི་དང་འབྲེལ། མགོན་པོ་༸གང་ཉིད་མཆོག་གིས་བྱམས་བརྩེ་དང་འཚེ་མེད་ཞི་བ། ཁོར་ཡུག་སྲུང་སྐྱོབ་ཐད་བཀའ་སློབ་ལམ་སྟོན་མཛད་པ་དེས་འཛམ་གླིང་གི་སྐྱེ་འགྲོ་ཀུན་ལ་ཕན་ཐོགས་ཆེན་པོ་འབྱུང་བཞིན་ཡོད་པར་མ་ཟད། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་མི་ཆབ་སྲིད་བཙོན་པ་རོང་བོ་གངས་དཀར་ལགས་གཙོས་བོད་ནང་༸གོང་ས་མཆོག་གི་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་པར་བརྟེན་ནས་འཛིན་བཟུར་བཀག་ཉར་འོག་ཡོད་པའི་རྣམས་གློད་བཀྲོལ་དགོས་པ་གསུངས་འདུག

རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་གཞུང་ཚབ་ཆེན་མོ་སྐུ་ཞབས་ Rashad Hussain ལགས་ཀྱིས་༸གོང་ས་མཆོག་གིས་ང་ཚོར་ཞི་བདེ་དང་བྱང་སེམས་ཀྱི་བསླབ་བྱ་གནང་གི་ཡོད་པ་དང་། མགོན་པོ་མཆོག་ནི་ཆོས་དད་རང་མོས་ཀྱི་རྒྱབ་སྐྱོར་བ་ཞིག་རེད་ཅེས་གསུངས་པ་དང་ཆབས་ཅིག བོད་མི་རྣམས་ཀྱིས་བོད་བརྒྱུད་ནང་བསྟན་ཀྱི་དབུ་ཁྲིད་རྣམས་རང་དབང་ཐོག་ནས་འདེམས་སྒྲུག་དང་གུས་བཀུར་ཞུ་རྒྱུའི་གནད་དོན་ལ་རྒྱབ་སྐྱོར་ཡོད་ཅེས་གསུངས་འདུག

ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Jim McGovern མཆོག་དང་སུད་སི་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་ཚོགས་པ། ཁེ་ན་ཌའི་གྲོས་ཚོགས་འཐུས་མི་སོགས་བོད་དོན་རྒྱབ་སྐྱོར་གནང་མཁན་རྒྱལ་སྤྱིའི་ཁྲོད་ཀྱི་གནད་ཡོད་མི་སྣ་དུ་མས་འཚམས་འདྲི་ཞུས་འདུག

བོད་དོན་འཐབ་རྩོད་ལ་ཤིན་ཏུ་ནས་བཀའ་དྲིན་ཆེ་བའི་རྒྱ་གར་ལྟ་བུར་མཚོན་ན་སྲིད་བློན་མོ་དྷི་མཆོག་གིས་གཙོས་པའི་ཧི་མཱ་ཅལ་སྤྱི་ཁྱབ་བློན་ཆེན་ལས་ཐོག་ Sukhvinder Singh Sukhu མཆོག་དང་བློན་ཆེན་ཟུར་པ་ Jai Ram Thakur མཆོག ལྡི་ལི་སྤྱི་ཁྱབ་བློན་ཆེན་ Arvind Kejriwal མཆོག ཨ་རུ་ནཱ་ཅལ་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག འབྲས་ལྗོངས་སྤྱི་ཁྱབ་བློན་ཆེན་ Prem Singh Tamang-Golay མཆོག་སོགས། དེ་བཞིན་རྒྱ་གར་གཞུང་གི་ས་ཁམས་ཚན་རིག་བློན་ཆེན་ Kiren Rijiju མཆོག རྒྱ་གར་གྲོས་ཚོགས་འཐུས་མི་དང་གནད་ཡོད་ཚོགས་སྒེར་མང་པོས་༸སྐུའི་འཁྲུངས་སྐར་ལ་དགའ་གུས་ཆེན་པོས་འཚམས་འདྲི་ཞུས་ཡོད།

གཞི་རྩའི་འཛམ་གླིང་ས་ཕྱོགས་གང་སར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་འཁྲུངས་སྐར་སྲུང་བརྩི་གཟབ་རྒྱས་ངང་ཞུ་བཞིན་ཡོད་ཀྱང་། བོད་ལ་མཚོན་ན་གཞིས་བཞུགས་བོད་མི་རྣམས་ལ་༸སྐུའི་འཁྲུངས་ལྷ་དབྱར་གསོལ་སྲུང་བརྩི་ཞུ་འདོད་ཡོད་ཀྱང་རྒྱ་གཞུང་གིས་དམ་བསྒྲགས་དང་བཙན་གནོན་ཆེས་ཆེར་བྱེད་མུས་ཁྲོད་སྲུང་བརྩི་ཞུ་རྒྱུའི་རང་དབང་མེད་པ་རེད། འོན་ཀྱང་སྤྱི་ཚོགས་དྲ་ལམ་ཁག་ཏུ་གཞིས་བཞུགས་བོད་མི་འགས་རྒྱ་གཞུང་གི་དམ་བསྒྲགས་ལ་ལྟོས་མེད་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་པའི་བརྙན་པར་མཇལ་རྒྱུ་འདུག་པར་མ་ཟད། བོད་མི་ཁག་གཅིག་གིས་མགོན་པོ་མཆོག་གི་དབུ་ཞྭའི་པར་དང་གཤམ་དུ་ཨང་གྲངས་ ༨༨ ཆེད་བྲིས་ཀྱིས་ངའི་སྐྱེ་བ་སྔོན་མས་ཁྱེད་ཉིད་ཕེབས་པའི་བཤུལ་ལམ་རིང་མོར་ཕྱིར་མིག་འཕངས་ནས་སྒུག་མྱོང་ཡོད་ལ། ངས་ཀྱང་འདི་ནས་རྣ་བ་ཕྱི་ལ་འཕངས་ཏེ་ཉིན་ཞག་བགྲངས་ནས་སྒུག་ཡོད། འདི་ནི་མི་ལོ་གྱ་བརྒྱད་ལ་སྒུག་པའི་ལོ་ཟླ་དགུ་བརྩེགས་ཡིན། ལྷ་ལགས་ཞེས་བཀོད་དེ་སྲུང་བརྩི་ཞུས་པའི་འདྲ་པར་སོགས་མཇལ་རྒྱུ་འདུག

འབྲེལ་ཡོད་གསར་གནས།

གསར་གནས།

Monday 09/11/2026