Tibetan Royal Year of 2151 | Year of the Wood Dragon

ཨ་རིའི་ཕྱི་སྲིད་ལས་ཁུངས་སུ་བོད་ཀྱི་ལོ་གསར་སྲུང་བརྩི།

Tibetan News Headlines

  • Former political prisoner Namkyi’s brave Journey: From Protest, Imprisonment to Eventual Escape to India

རེས་གཟའ་སྤེན་པ། ༢༠༢༤།༠༥།༠༤

  • རྒྱ་གཞུང་གི་མནར་གཅོད་འོག་༸རྒྱལ་བ་རིན་པོ་ཆེར་དད་གུས་གཡོ་མེད་དུ་གནས་པའི་ཆབ་སྲིད་བཙོན་ཟུར་རྣམ་སྐྱིད་ལགས།

ཟླ་བ་འདིའི་ཕྱི་ཚེས་ ༡༣ སྟེ། རབ་གནས་ཤིང་འབྲུག་ལོའི་གནམ་ལོ་གསར་བཞད་ཀྱི་བོད་ཟླ་ ༡ པོའི་ཚེས་ ༤ ཉིན་ཨ་རིའི་ཕྱི་སྲིད་ལས་ཁུངས་སུ་བོད་ཀྱི་ལོ་གསར་གཞུང་འབྲེལ་ཐོག་སྲུང་བརྩི་གནང་འདུག་པ་མ་ཟད། ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ Antony Blinken མཆོག་གིས་དབུས་པའི་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་ Uzra Zeya ཨ་ཛི་རཱ་ཛི་ཡཱ་ལགས་ཀྱིས་བོད་ཀྱི་ལོ་གསར་ལ་འཚམས་འདྲི་གནང་འདུག

ཕྱི་ཚེས་ ༡༣ སྟེ། ལོ་གསར་ཚེས་ ༤ ཉིན་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་གོ་སྒྲིག་གནང་བའི་བོད་ཀྱི་གནམ་ལོ་གསར་བཞད་ཀྱི་དུས་སྟོན་མཛད་སྒོའི་ཐོག་ཨ་རིའི་ཕྱི་སྲིད་དྲུང་ཆེ་གཞོན་པ་སྐུ་ཞབས་ Kurt Campbell ཀཊ་ཀེམ་བེལླ་ལགས་དང་། རྒྱ་གར་ནང་གི་ཨ་རིའི་གཞུང་ཚབ་པ་ཟུར་པ་སྐུ་ཞབས་ Richard Verma རི་ཆར་ཝར་མ་ལགས། ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་ Uzra Zeya ཨ་ཛི་རཱ་ཛི་ཡཱ་ལགས། ཨ་རིའི་སྐུ་ཚབ་དོན་གཅོད་འབུམ་རམས་པ་རྣམ་རྒྱལ་མཆོག་གྲུབ་ལགས། ས་གནས་བོད་རིགས་ཚོགས་པ་དང་ཚོགས་སྡེ་ཁག་གི་སྐུ་ཚབ། དེ་བཞིན་ཨ་རིའི་གཞུང་དང་གཞུང་འབྲེལ་མ་ཡིན་པའི་སྐུ་ཚབ་མང་དག་ཅིག་ལྷན་འཛོམས་གནང་འདུག

སྐབས་དེར་ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ Anthony Blinken ཨེན་ཊོ་ནི་བི་ལིན་ཀིན་མཆོག་དངོས་སུ་ཕེབས་ཐུབ་མེད་ཀྱང་བརྙན་པར་བརྒྱུད་སྐར་མ་ ༡ ལྷག་གི་གསུང་འཕྲིན་ཞིག་གནང་བའི་ནང་། ཕྱི་སྲིད་དྲུང་ཆེ་མཆོག་གིས་བོད་མི་ཡོངས་ལ་ལོ་གསར་གྱི་འཚམས་འདྲི་དང་སྦྲགས། ཨ་རིའི་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་བཅས་མི་ཉམས་རྒྱུན་འཛིན་དང་སྲུང་སྐྱོབ་བྱེད་རྒྱུར་ཆོད་སེམས་བརྟན་པོ་ཡིན་ཞིང་། བོད་ནང་གི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཐད་རྒྱབ་སྐྱོར་གང་ཐུབ་གནང་རྒྱུ་ཡིན་པ་མ་ཟད་ལྕམ་ Uzra Zeya ཨ་ཛི་རཱ་ཛི་ཡཱ་ལགས་ཀྱི་ལམ་སྟོན་འོག་ཨ་རིའི་ངོས་ནས་རྒྱལ་སྤྱིའི་སྟེང་བོད་དོན་རྒྱབ་སྐྱོར་འཚོལ་བར་རོགས་འདེགས་གང་ཐུབ་གནང་རྒྱུ་ཡིན་ཞེས་གསུངས་ཡོད་འདུག

ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་ Uzra Zeya ཨ་ཛི་རཱ་ཛི་ཡཱ་ལགས་ཀྱིས་ལོ་གསར་པ་འདིའི་ནང་བོད་མི་རྣམས་བདེ་སྐྱིད་ཕུན་སུམ་ཚོགས་པའི་སྨོན་འདུན་དང་འབྲེལ། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་ངོས་ནས་བོད་མི་དང་ལྷན་དུ་བོད་ཀྱི་ཐུན་མིན་ཆོས་རིག་དང་། སྐད་ཡིག་སྲུང་སྐྱོབ་ཆེད་མཉམ་ལས་གནང་རྒྱུར་སྤོབས་པ་ལྡན་ཡོད་ཅིང་། ལྷག་པར་མི་སུ་འདྲ་ཞིག་ཡིན་རུང་སོ་སོའི་ཆོས་དད་ལ་ལོངས་སུ་སྤྱོད་རྒྱུ་དང་། སྐད་ཡིག་སོགས་ལག་བསྟར་བྱ་རྒྱུ་བཅས་ལ་སྔར་ལྷག་རྒྱབ་སྐྱོར་བྱ་དགོས་གལ་ཙམ་མ་ཟད། བོད་མིའི་འགྲོ་བ་མིའི་ཐོབ་ཐང་གོང་འཕེལ་གཏོང་རྒྱུ་སླད་ཆོད་སེམས་བརྟན་པོ་ཡོད་ཅེས་གསུངས་འདུག

རྩ་བའི་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་ཕྱི་ལོ་ ༢༠༡༥ ནས་བཟུང་ལོ་ལྟར་བོད་ཀྱི་ལོ་གསར་སྲུང་བརྩི་ཞུ་བཞིན་ཡོད་པ་དང་། ཁ་སང་ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་གིས་གཙོས་གཞན་གནད་ཡོད་མི་སྣ་ཁག་ཅིག་གིས་བོད་རིགས་ཡོངས་ལ་ལོ་གསར་པའི་འཚམས་འདྲི་གནང་བ་དང་འབྲེལ། ཨ་རིའི་དོན་གཅོད་རྣམ་རྒྱལ་མཆོག་གྲུབ་ལགས་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཨ་རིའི་གཞུང་གི་ངོས་ནས་བོད་མི་རྣམས་ལ་དུས་རྟག་ཏུ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཞུས་པ་དང་སྦྲགས། གཞི་རྩའི་ལོ་གསར་ནི་དགའ་སྤྲོའི་དུས་སྟོན་ཞིག་ཡིན་ནའང་། རྒྱ་ནག་གིས་བོད་ནང་གི་བོད་མི་རྣམས་ལ་སྡུག་སྦྱོང་མནར་གཅོད་མུ་མཐུད་གཏོང་གི་ཡོད་སྟབས། ཨ་རིའི་ངོས་ནས་བོད་ཀྱི་རྩ་དོན་ལ་མུ་མཐུད་རྒྱབ་སྐྱོར་དང་ཆོས་རིག་འཛིན་སྐྱོང་ལ་རོགས་འདེགས་བྱེད་དགོས་བའི་གཞེན་སྐུལ་ཡང་གནང་འདུག

སྤྱིར་ཟླ་བ་འདིའི་ཕྱི་ཚེས་ ༧ ཉིན་དབྱིན་ཡུལ་ནང་གི་བོད་རིགས་ཚོགས་པ་དང་ཁུལ་དེའི་ཆབ་སྲིད་ཚོགས་པ་འདྲ་མིན་ལས་གྲུབ་པའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་གཉིས་ཀྱི་གོ་སྒྲིག་འོག་དབྱིན་ཡུལ་གྲོས་ཚོགས་ནང་དུའང་ལོ་གསར་སྔ་ནུར་གྱིས་སྲུང་བརྩི་ཞུས་ཡོད་པ་དང་། སྐབས་དེར་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་དབྱིན་ཡུལ་གྱི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ Tim Loughton ཊིམ་ལཧྥ་ཊོན་ལགས་ནས་བོད་རབ་གནས་ཤིང་འབྲུག་ལོའི་ལོ་གསར་པར་འཚམས་འདྲིའི་གསུང་བཤད་གནང་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།