Tibetan Royal Year of 2151 | Year of the Wood Dragon

ལྡི་ལི་དོན་གཅོད་ཀྱི་ལོ་གསར་མཛད་སྒོའི་ཐོག་ཕྱི་རྒྱལ་གཞུང་ཚབ་ཁག་ཅིག་ལྷན་ཞུགས།

Tibetan News Headlines

  • EU-China relations and significance of Xi Jinping’s Europe visit: Discussion

རེས་གཟའ་པ་སངས། ༢༠༢༤།༠༥།༡༡

  • ཞི་ཅིན་ཕིང་གི་ཐེངས་འདིའི་ཡོ་རོབ་སྐོར་བསྐྱོད་ཀྱི་གནད་འགག་དང་། རྒྱ་ནག་དང་ཡོ་རོབ་དབར་གྱི་འབྲེལ་ལམ་སྐོར་གླེང་མོལ་གྱི་ལས་རིམ།

རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ཨ་རིས་གཙོས་གཞན་རྒྱལ་ཁབ་ཁག་གཅིག་གི་གཞུང་ཚབ་པ་གཞུང་ཚབ་པ་གཞོན་པ། དེ་བཞིན་ལས་བྱེད་བཅས་ལྡི་ལི་དོན་གཅོད་ཀྱིས་གོ་སྒྲིག་གནང་བའི་བོད་ཀྱི་ལོ་གསར་རྟེན་འབྲེལ་མཛད་སྒོར་ལྷན་ཞུགས་གནང་འདུག

ལོ་ལྟར་བོད་ཀྱི་ལོ་གསར་ཚེས་གཅིིག་ཉིན་ལྡི་ལི་དོན་གཅོད་ཁང་གིས་ས་གནས་སུ་ཡོད་པའི་བོད་མིའི་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་གདན་ཞུ་དང་འབྲེལ་ལོ་གསར་གྱི་རྟེན་འབྲེལ་ཞུ་སྲོལ་ཡོད་པ་དང་འབྲེལ། འདི་ལོའི་ལོ་གསར་ཚེས་གཅིག་ཉིན་གྱི་རྟེན་འབྲེལ་མཛད་སྒོའི་ཐོག་ཕྱི་རྒྱལ་གྱི་གཞུང་ཚབ་ཁག་ཅིག་ལའང་གདན་ཞུ་གནང་བ་ལྟར། ལི་ཐུཝ་ནི་ཡ་དང་ཨོསྟྲི་ཡའི་གཞུང་ཚབ་པ། དེ་བཞིན་ཨ་རི་དང་ཐའི་ཝན། ཇཱ་པེན་གྱི་གཞུང་ཚབ་པ་གཞོན་པ་དང་ལས་བྱེད་བཅས་མི་གྲངས་ ༡༥ ལྷག་དངོས་སུ་ཆེད་ཕེབས་གནང་པ་རེད།

གཞི་རྩའི་རྒྱུན་སྲོལ་ལྟར་ལྡི་ལི་སྐུ་ཚབ་དོན་གཅོད་ཀྱི་ངོས་ནས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་འཁྲུངས་སྐར་དུས་ཆེན་ཉིན་ལྡི་ལི་ཁུལ་དུ་ཡོད་པའི་ཕྱི་རྒྱལ་གཞུང་ཚབ་ཁག་དང་།   འབྲེལ་ཡོད་རྒྱ་གར་གྱི་དཔོན་རིགས་སོགས་ལ་དགའ་སྟོན་གྱི་མཛད་སྒོར་གདན་ཞུ་གནང་གི་ཡོད་ཅིང་།   ད་རེས་བོད་ལུགས་ཀྱི་ལོ་གསར་ཉིན་ཕྱི་རྒྱལ་གཞུང་ཚབ་ཁག་དངོས་སུ་རྟེན་འབྲེལ་གྱི་མཛད་སྒོར་ལྷན་ཞུགས་གནང་བ་ཐེངས་དང་པོ་ཆགས་ཀྱི་ཡོད་པ་ལྡི་ལི་དོན་གཅོད་ལས་ཚབ་དོན་གྲུབ་རྒྱལ་པོ་ལགས་ཀྱིས་འགྲེལ་བརྗོད་གནང་སོང་།

མཛད་སྒོ་དེའི་ཐོག་གཞན་ཡང་སྐུ་མགྲོན་དུ་རྒྱལ་སྤྱིའི་ནང་པའི་མཐུན་ཚོགས་ IBC Internation Buddhist Confederation རྒྱལ་སྤྱིའི་ནང་པའི་མཐུན་ཚོགས་ཀྱི་འགན་འཛིན་དང་། ལྡི་ལི་ཁུལ་གྱི་བོད་མིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་བཅས་ཀྱང་ཕེབས་ཡོད་པ་རེད།

རྩ་བའི་འདི་ལོའི་ཤིང་འབྲུག་ལོའི་བོད་ཀྱི་ལོ་གསར་དང་བསྟུན། ལྡི་ལི་བོད་སྒར་བསམ་ཡས་གླིང་དུ་ཚེས་གསུམ་ཉིན་མི་མང་གྱི་རྟེན་འབྲེལ་མཛད་སྒོ་ཞིག་ཚོགས་ཡོད་པ་དང་།   སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་དབུས་པའི་རྒྱ་གར་གྲངས་ཉུང་མི་རིགས་ལྷན་ཚོགས་ཀྱི་ནང་པའི་འཐུས་མི་ལྕམ་སྐུ་རིན་ཆེན་ལྷ་མོ་མཆོག་ཆེད་ཕེབས་གནང་ཡོད་པ་མ་ཟད། ཉིན་དེའི་ཉིན་རྒྱབ་ད་དུང་ལྡི་ལི་ཁུལ་གྱི་ལ་དྭགས་སློབ་ཕྲུག་ཚོགས་པའི་གོ་སྒྲིག་འོག Shah Auditorium ཤཱ་ཧ་ཚོགས་ཁང་དུ་གཞས་སྣ་འཁྲབ་སྟོན་སོགས་ཀྱི་བརྒྱུད་བོད་ལུགས་ཀྱི་ལོ་གསར་སྲུང་རྩིས་ཞུས་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།