ཨ་རིས་རྒྱ་ནག་གི་ཐའེ་པེ་ཞེས་པའི་ཐ་སྙད་དེའི་ཚབ་ཏུ་ཐའེ་ཝན་ཞེས་བེད་སྤྱོད་གཏོང་དགོས་པའི་ཁྲིམས་འཆར་བཏོན་པ།

Tibetan News Headlines

  • Hokkaido Shimizu Town Delegation Visits Tibet House Japan, Presents First Harvest of the Region for His Holiness the Dalai Lama
  • Tibet Advocacy Group Calls on US to Restore Tibetan Broadcasting Services to Counter Chinese Propaganda and Censorship
  • China-Linked UK Businessman Tried to Hire Ex-Met Detective to Investigate MPs Critical of Beijing
  • Nvidia CEO Jensen Huang Admits Affair with Suspected Chinese Spy; Company Launches Investigation
  • Tibetan Representative Jigme Tsultrim Briefs India’s Minority Commission Chairperson on Tibetan Settlements in South India
  • China Expands Media Influence in Thailand Through Partnerships, Propaganda and Diplomatic Pressure, RSF Reports
  • History Feature: Tsarong Dasang Damdul

ཪེས་གཟའ་ཟླ་བ། ༢༠༢༦།༡༡།༠༩

  • ཉི་ཧོང་གྲོང་སྡེ་ཞིག་གི་སྐུ་ཚབ་ཚོ་ཁག་ནས་ས་གནས་དེའི་ལོ་ཏོག་ཐོན་སྐྱེད་ཐོག་མ་༸གོང་ས་མཆོག་ལ་འབུལ་བཞེས་གནང་འདུག
  • རྒྱ་ནག་གི་འཁྱོག་བཤད་དྲིལ་བསྒྲགས་ལ་གདོང་ལེན་སླད་ཨ་རི་གཞུང་གིས་བོད་སྐད་རླུང་འཕྲིན་ཁང་ལ་རྒྱབ་སྐྱོར་བྱེད་དགོས་གལ་ཡིན་པ་གསུངས་འདུག
  • དབྱིན་ཡུལ་ཚོང་པ་ཞིག་གིས་སོ་མྱུལ་བ་གླ་གཡར་བརྒྱུད་རྒྱ་ནག་གི་ཆེད་དུ་དབྱིན་ཡུལ་གྲོས་ཚོགས་འཐུས་མི་ཁག་གཅིག་ལ་གསང་ཉུལ་བྱས་པ་མངོན་གསལ།
  • Nvidia ཁེ་ལས་ཁང་གི་འགན་འཛིན་གྱིས་དོགས་གཞི་ཅན་གྱི་རྒྱ་རིགས་བུད་མེད་སོ་བ་ཞིག་དང་ནང་འབྲེལ་བྱུང་བའི་ཁས་ལེན་བྱས་རྗེས། ཁེ་ལས་ཁང་གིས་ཁོའི་བྱ་སྤྱོད་ལ་ཞིབ་བཤེར་འགོ་འཛུགས།
  • ལྷོ་སྤྱི་ཡིས་རྒྱ་གར་གཞུང་གི་གྲངས་ཉུང་མི་རིགས་ལྷན་ཚོགས་ཀྱི་ཚོགས་གཙོ་དང་མཇལ་འཕྲད་གནང་བ།
  • རྒྱ་གཞུང་གིས་ Thailand ནང་གི་གསར་འགོད་རང་དབང་ལ་དམ་དྲག་ཆེན་པོ་བྱེད་བཞིན་པ་གསལ་སྟོན།
  • བོད་ཀྱི་ལོ་རྒྱུས་ཁྲོད་མི་སྣ་གྲགས་ཅན་ངོ་སྤྲོད། དམག་སྤྱི་ཚ་རོང་ཟླ་བཟང་དགྲ་འདུལ་ལགས་ཀྱི་སྐོར།

ཨ་རིའི་གྲོས་ཚོགས་འཐུས་མིས་ཨ་རིའི་གཞུང་གི་ལས་ཁུངས་རྣམས་ནས་ Chinese Taipei ཞེས་རྒྱ་ནག་གི་ཐའེ་པེ་ཞེས་པའི་ཐ་སྙད་དེའི་ཚབ་ཏུ་‘Taiwan’ཐའེ་ཝན་ཞེས་ཐད་ཀར་འབོད་དགོས་པའི་ཁྲིམས་འཆར་ཞིག་བཏོན་གནང་འདུག

US bill to address Taiwan with real name introduced

དེ་ཡང་ Taipei Times གཙོས་པའི་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་གསལ་ལྟར་ན། ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་ Byron Donalds ལགས་ཀྱིས་གྲོས་ཚོགས་འོག་མའི་འཐུས་མི་ Mike Collins ལགས་དང་། Barry Moore ལགས། དེ་བཞིན་ Tom Tiffany ལགས་བཅས་ཀྱི་རྒྱབ་སྐྱོར་དང་སྦྲགས་བདུན་ཕྲག་སྔོན་མའི་རེས་གཟའ་པ་སངས་ཉིན། America Supports Taiwan Act ཞེས་པའི་ཁྲིམས་འཆར་ཞིག་བསྣམས་ཕེབས་པའི་བརྒྱུད་ཨ་རིའི་གཞུང་གིས་ལས་ཁུངས་རྣམས་ནས་ Chinese Taipei ཞེས་པའི་ཐ་སྙད་དེའི་ཚབ་ཏུ་ Taiwan ཞེས་ཐད་ཀར་བེད་སྤྱོད་གཏོང་དགོས་པའི་ཁྲིམས་འཆར་ཞིག་བཏོན་གནང་འདུག  ཁྲིམས་འཆར་དེ་གཏན་འབེབས་ཆགས་པ་ཡིན་ན། གཏན་འབེབས་ཟིན་པའི་ཉིན་གྲངས་ ༡༤ ནང་ཚུན་ཨ་རིའི་གཞུང་གི་ལས་ཁུངས་ཚང་མའི་ངོས་ནས་དེ་གའི་དྲྭ་གནས་སོགས་ཀྱི་ཐོག་ལ་ཐའེ་ཝན་དང་འབྲེལ་བའི་ཐ་སྙད་བསྒྱུར་བཅོས་གནང་དགོས་ཀྱི་ཡོད་པ་རེད་འདུག

སྐུ་ཞབས་ Byron Donalds ལགས་ཀྱིས། རྒྱ་ནག་གིས་འཁྱོག་བརྗོད་ཇི་བཤད་ལ་མ་ལྟོས་པར་ཐའེ་ཝན་ནི་ཨ་རིའི་འཐབ་ཇུས་ཀྱི་གྲོགས་པོ་གཙོ་བོ་ཞིག་ཡིན་པ་དང་།  Chinese Taipei ཞེས་པའི་ཐ་སྙད་འདི་ནི་རྒྱ་ནག་གི་ཆབ་སྲིད་དབང་ཡོད་ཀྱི་ལག་ཆ་ཙམ་ཞིག་ཡིན་པ་གསུངས་འདུག དེ་བཞིན་སྐུ་ཞབས་ Mike Collins ལགས་ཀྱིས་ཨ་རི་ལྟ་བུའི་སྟོབས་ཆེན་རྒྱལ་ཁབ་ཞིག་ལ་དེ་གའི་རྒྱལ་སྤྱིའི་མཐུན་གྲོགས་རྒྱལ་ཁབ་ཀྱི་མིང་ཇི་ལྟར་བྲིས་དགོས་པ་རྒྱ་ནག་གི་བཀོད་བྱུས་བྱས་དགོས་ཡག་མེད་པ་ལྟར་ཨ་རིའི་གཞུང་གི་ངོས་ནས་ཐའེ་ཝན་གྱི་མིང་མ་ཡིན་པ་བྲིས་དགོས་ཡག་མེད་པ་གསུངས་འདུག མ་ཟད་སྐུ་ཞབས་ Barry Moore ལགས་ཀྱིས་ང་ཚོས་ཐེ་ཝན་མང་ཚོགས་རྣམས་ལ་ཨ་རིས་ཐེ་ཝན་མི་མང་གྱི་རང་སྲིད་རང་སྐྱོང་གི་ཐོབ་ཐང་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་སྟོན་དགོས་པའི་དུས་ལ་བབ་ཡོད་པ་གསུངས་འདུག

Taiwan Representative Office Act

ཕྱོགས་མཚུངས་བདུན་ཕྲག་སྔོན་མའི་ནང་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ John Curtis དང་ Jeff Merkley གཉིས་ཀྱིས་ Taiwan Representative Office Act ཞེས་པའི་ཁྲིམས་འཆར་ངོ་སྤྲོད་གནང་བའི་བརྒྱུད་ Trump སྲིད་གཞུང་ལ་  Taipei Economic and Cultural Representative Office ཞེས་པ་དེར་ཐའེ་ཝན་གཞུང་ཚབ་ཞེས་འབོད་དགོས་པའི་སྐུལ་མ་གནང་ཡོད་འདུག

དེའི་བར་ན་ཁ་སང་ Washington དུས་བབ་ཀྱི་གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་རྒྱལ་སྤྱིའི་ཁྲོད་གོ་སྐབས་ནམ་བྱུང་ལ་ཐེ་ཝན་དང་རྒྱ་ནག་གཉིས་ནི་ཁྱིམ་ཚང་གཅིག་ཡིན་པ་དང་ཐེ་ཝན་རྒྱ་ནག་སྐམ་ས་ཆེན་མོའི་མཉམ་དུ་ཟླ་སྒྲིལ་གཏོང་རྒྱུར་སུས་ཀྱང་བཀག་འགོག་བྱེད་ཐུབ་ཀྱི་མ་རེད་ཅེས་ནན་བརྗོད་ཡང་ཡང་བྱེད་བཞིན་པའི་མཚམས་འདིར། ཉེ་ལམ་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་གཞུང་འབྲེལ་དྲྭ་ཚིགས་ཐོག་ཐེ་ཝན་རང་བཙན་ལ་རྒྱབ་སྐྱོར་བྱེད་ཀྱི་མེད་ཞེས་པའི་སྔར་གྱི་ཚིག་བརྗོད་དེ་ཕྱིར་འཐེན་གཙོས་རྒྱ་ནག་གི་དྲག་ཤུགས་ལ་ལྟོས་མེད་ཐེ་ཝན་ལ་རང་ཉིད་ཀྱི་རྒྱལ་ཁབ་སྲུང་སྐྱོབ་སླད་གོ་མཚོན་གྱི་མཐུན་འགྱུར་སྦྱར་བར་བརྟེན། ཁ་སང་རེས་གཟའ་ཟླ་བ་ནས་བཟུང་རྒྱ་ནག་གཞུང་གིས་འཐབ་འཛིང་གནམ་གྲུ་ ༥༤ ཙམ་ཐེ་ཝན་རང་སྐྱོང་གླིང་ཕྲན་གྱི་མཁའ་ལམ་དུ་བཏང་སྟེ་དྲག་པོའི་དམག་གི་འགྲེམས་སྟོན་དང་འཇིགས་སྐུལ་གྱི་རྣམ་པ་ཆེད་བཏོན་བྱས་ཡོད་འདུག

China says latest war games near Taiwan meant as protest to U.S. policy shift
Mao Ning

དེ་ཡང་རྒྱ་ནག་གིས་འཐབ་འཛིང་གནམ་གྲུ་དང་མདེལ་འཕེན་གནམ་གྲུ་རྣམས་ས་ཐིག་བརྒལ་ནས་ཐེ་ཝན་གྱི་མཁའ་དབྱིངས་སུ་དཔུང་འཛུལ་བྱ་རྒྱུ་ཤུགས་ཆེ་རུ་བཏང་ནས་ཐེ་ཝན་མི་དམངས་ལ་རྒྱ་ནག་གིས་དམག་བརྒྱབ་སྟེ་བཙན་འཛུལ་བྱ་སྲིད་པའི་འཇིགས་སྐུལ་ཇེ་ཆེར་བྱེད་བཞིན་པའི་གནད་དོན་སྐོར་གསར་འགོད་ལྷན་ཚོགས་ཞིག་གི་ཐོག་དྲི་བ་སླེབས་པར་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ Mao Ning གིས་ཨ་རིས་ཉེ་ཆར་ཐེ་ཝན་ཐད་ནོར་འཁྲུལ་གྱི་གོམ་སྟབས་མང་པོ་སྤོས་ཡོད་པ་དང་། དེའི་ཁྲོད་ཟླ་བ་སྔོན་མར་ཨ་རི་ཕྱི་སྲིད་ལས་ཁུངས་ནས་དེ་གའི་གཞུང་འབྲེལ་དྲྭ་ཚིགས་ལས་ཨ་རིས་ཐའེ་ཝན་རང་བཙན་ལ་རྒྱབ་སྐྱོར་མེད་ཅེས་པའི་སྔར་གྱི་ཚིག་འགྲོས་དེ་ཕྱིར་འཐེན་བྱས་པ་མ་ཟད། ཨ་རིའི་རྒྱལ་ཁབ་ངོས་ནས་ཐའེ་ཝན་དེ་ཉིད་རྒྱལ་སྤྱིའི་ཚོགས་སྡེ་ཁག་ནང་འཛུལ་ཞུགས་བྱེད་པར་འོས་འཚམས་ཡོད་ཚེ་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་བཀོད་པར་སྐྱོན་བརྗོད་ནན་པོ་དང་འབྲེལ། ཚིག་བརྗོད་ཀྱི་འགྱུར་བ་དེས་ཨ་རིའི་ངོས་ནས་ཕྱི་ལོ་ ༡༩༧༩ ལོ་ནས་བཟུང་རྒྱ་ནག་གཅིག་གི་སྲིད་བྱུས་ལ་ངོས་འཛིན་བྱས་པའི་ལངས་ཕྱོགས་ལ་ཚབས་ཆེན་གྱིས་ཕྱིར་ལྡོག་བྱས་པའི་མཚོན་རྟགས་ཡིན་ཞེས་བརྗོད་ཡོད་འདུག

མ་ཟད། བྱེད་བབ་འདི་ནི་ཨ་རིས་ཐེ་ཝན་བེད་སྤྱོད་བཏང་ནས་རྒྱ་ནག་ལ་འགོག་རྒོལ་བྱེད་པ་དང་། ལྷག་པར་ད་རེས་ཐེ་ཝན་མཚོ་གླིང་ཁུལ་དུ་རྒྱ་ནག་གིས་དྲག་པོའི་དམག་གི་འཇིགས་སྐུལ་བྱས་པ་དེ་དག་ནི་ཐེ་ཝན་རང་བཙན་ལ་རྒྱབ་སྐྱོར་བྱེད་པའི་ཕྱི་ཕྱོགས་སྟོབས་ཤུགས་ཚོར་ཡ་ལན་དང་ཁ་བྲལ་སྟོབས་ཤུགས་ཚོར་ཉེན་བརྡ་ཞིག་ཡིན་པ་བརྗོད་འདུག་པར་མ་ཟད། རྒྱ་ནག་གི་དམག་དོན་བྱེད་སྒོ་འདི་རྒྱལ་ཁབ་ཀྱི་བདག་དབང་སྲུང་སྐྱོབ་དང་། བདེ་འཇགས། ས་ཁོངས་གཅིག་གྱུར་བཅས་ཀྱི་ཆེད་དུ་དགོས་མཁོ་གལ་ཆེན་ཞིག་ཆགས་ཀྱི་ཡོད་ཚུལ་བརྗོད་འདུག

China says latest war games near Taiwan meant as protest to U.S. policy shift
Lai Ching-te

རྩ་བའི་རྒྱ་གཞུང་གིས་ཐེ་ལྦན་མཚོ་གླིང་ཁུལ་དུ་མཁའ་དམག་གནམ་གྲུ་དང་དམག་གི་གྲུ་གཟིངས་སོགས་ཡང་ཡང་ཆེད་གཏོང་སོགས་ཀྱི་བརྒྱུད་ཐའེ་ཝན་གྱི་བདེ་འཇགས་ལ་བཙན་གནོན་དང་འཇིགས་སྐུལ་ཤུགས་ཆེ་བྱེད་བཞིན་ཡོད་པ་དང་། ལྷག་པར་འདས་པའི་ལོའི་ནང་རྒྱ་གཞུང་གིས་ཐེ་ལྦན་དེ་བཞིན་རྒྱ་ཁོངས་སུ་ངོས་འཛིན་གྱིས། ཨ་རིའི་དམག་མཚོན་དང་འབྲེལ་བའི་བཟོ་ཚོང་ལས་ཁང་མང་དག་ཅིག་ལ་ཐེ་ལྦན་དུ་གོ་མཚོན་གྱི་མཐུན་རྐྱེན་སྦྱར་བར་སྲིད་དོན་ཉེས་ཆད་བསྟུད་མར་བཀལ་བཞིན་ཡོད་པར་མ་ཟད། དེའི་ཁྲོད་ཐེ་ལྦན་སྲིད་འཛིན་གསར་པ་ Lai Ching-te མཆོག་ནས་ལོ་གསར་པའི་གཏམ་བཤད་དང་བསྟུན། ཕྱིའི་རྒྱལ་ཁབ་ཁག་ནས་དམག་མཚོན་སོགས་ཀྱི་ལག་ཆ་རྣམས་ནང་འདྲེན་དང་། ཐའེ་ཝན་གྱི་རྒྱལ་སྲུང་དང་འབྲེལ་བའི་ཚོང་ལས་ཁང་ཁག་གི་ནུས་པ་གོང་སྤེལ་གྱིས་རྒྱལ་ཁབ་ཀྱི་བདེ་འཇགས་སྲ་བརྟན་བཟོ་རྒྱུའི་དམ་བཅའ་བཞེས་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།

Monday 09/11/2026