ཨ་རིས་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་སྒྲིག་ཕྱིར་བསྡུ་དགོས་པའི་གནོན་ཤུགས་སྤྲད་དགོས་པ་དང་བོད་ཀྱི་མ་འོངས་འགན་སྲུང་གི་ཁྲིམས་འཆར་གཏན་འབེབས་དགོས་པའི་རེ་སྐུལ་གནང་འདུག

Tibetan News Headlines

  • Snowland Forum 2026 Opens in Taipei to Examine China’s Ethnic-Unity Law
  • Tibetan Activist Begins Peace March from Amsterdam to UN in Geneva to Restore Independence
  • BTSM Launches 15th Tawang Tirth Yatra in Guwahati as Part of Tibet Awareness Campaign
  • Bicycle Rental and Tour Guide Initiative Launched in Kollegal Dhondenling to Boost Eco-Tourism
  • Tibetan Art Curriculum ‘Understanding Zo-Rigpa’ Launched in Dharamsala
  • Nepal PM Balendra Shah Arrives in New Delhi for First Bilateral Visit, Talks with Modi

ཪེས་གཟའ་ཟླ་བ། ༢༠༢༦།༡༡།༢༣

  • འདི་ལོའི་གངས་ལྗོངས་གླེང་སྟེགས་ཐོག་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་དེར་ཐུན་མོང་གིས་གདོང་ལེན་གནང་ཕྱོགས་དང་འབྲེལ་བགྲོ་གླེང་།
  • བོད་རང་བཙན་སླར་གསོའི་ཆེད་དུ་གོམ་བགྲོད་ལས་འགུལ་འགོ་འཛུགས་གནང་འདུག
  • ཆོས་རིག་བཀའ་བློན་དབུ་བཞུགས་ཐོག་རྟ་དབང་གནས་སྐོར་ཐེངས་བཅོ་ལྔ་པ་དབུ་འཛུགས།
  • ཀོ་ལེ་གྷལ་དོན་ལྡན་གླིང་ནང་རྐང་འཁོར་གླ་གཡར་དང་ཡུལ་སྐོར་སྣེ་ཁྲིད་ཀྱི་ལས་གཞི་དབུ་འབྱེད།
  • བཟོ་རིག་པར་གོ་རྟོགས། མཐོང་རྒྱ་དང་གསར་གཏོད་ཀྱི་གདན་ཞུ། ཞེས་པའི་བཟོ་རིག་སྒྱུ་རྩལ་གྱི་བསླབ་གཞི་དཔེ་དེབ་ཅིག་དབུ་འབྱེད།
  • བལ་ཡུལ་གྱི་སྲིད་བློན་བྷ་ལེནྡྲ་ཤཱ་ཡི་རྒྱ་གར་དུ་ཐེངས་དང་པོའི་གཞུང་འབྲེལ་འཚམས་གཟིགས་དབུ་འཛུགས།

ཁ་སང་ཕྱི་ཚེས་ ༡༩ ནས་ཟླ་བ་འདིའི་ཚེས་ ༢༥ བར་ཨ་རིའི་ངོས་ནས་བཙན་འོག་ཏུ་ཡོད་པའི་རྒྱལ་ཁབ་ཀྱི་བདུན་ཕྲག་ཞེས་སྲུང་བརྩི་གནང་བཞིན་པ་དང་བསྟུན། ཡུལ་དེའི་ནང་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཨ་རིའི་གྲོས་ཚོགས་ལ་ Assuring the Future of Tibet Act འམ་བོད་ཀྱི་མ་འོངས་འགན་སྲུང་གི་ཁྲིམས་འཆར་ཏེ་གཏན་འབེབས་གནང་བའི་བརྒྱུད་བོད་ཀྱི་གནད་དོན་ཐད་ཨ་རིའི་ཆབ་སྲིད་ཚོགས་པ་དབྱེར་མེད་ཀྱི་རྒྱབ་སྐྱོར་བསྐྱར་ནན་གནང་དགོས་པ་དང་། ཨ་རིའི་གཞུང་ངོས་ནས་འདི་ལོའི་ཕྱི་ཟླ་ ༧ པའི་ཚེས་ ༡ ནས་ལག་ལྟར་བྱས་འགོ་བཙུགས་པའི་རྒྱ་ནག་གི་མི་རིགས་མཉམ་བསྲེས་ཁྲིམས་མཐུན་བཟོས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཞེས་པའི་ཁྲིམས་གསར་པ་དེར་སྐྱོན་བརྗོད་གནང་དགོས་པ་གསུངས་འདུག

Taiwan's President Vows Democratic Taiwan Will Not Become ‘China's Taiwan’
པར་དབང་། ICT

རྩ་བའི་ Captive Nations Week འམ་བཙན་འོག་ལ་ཡོད་པའི་རྒྱལ་ཁབ་ཀྱི་བདུན་ཕྲག་ཞེས་པ་འདི་དེ་སྔ་ཕྱི་ལོ་ ༡༩༥༩ ལོར་ཨ་རིའི་གྲོས་ཚོགས་ཀྱིས་གཏན་འབེབས་གནང་བའི་དུས་ཚིགས་ཤིག་ཡིན་པ་དང་། དེའང་དམར་ཤོག་དང་དབང་ཆ་གཅིག་འདུས་རིང་ལུགས་གཞུང་འཛིན་འོག་གནས་པའི་རྒྱལ་ཁབ་ཁག་ངོ་རྟགས་སྤྱོད་དེ། རྒྱལ་ཁབ་དེ་དག་གི་རང་དབང་དང་རང་ཐག་རང་གཅོད། དེ་བཞིན་འགྲོ་བ་མིའི་ཆེ་མཐོང་གི་རིན་ཐང་ལ་ཨ་མི་རི་ཀའི་རྒྱབ་སྐྱོར་གསལ་སྟོན་གནང་རྒྱུའི་ཆེད་དུ་ཡིན་པ་དང་། བོད་དེ་བཞིན་ཕྱི་ལོ་ ༡༩༥༩ ལོའི་ཕྱི་ཟླ་ ༧ པའི་ནང་ཨ་རིའི་གྲོས་ཚོགས་ཀྱིས་བཙན་འོག་ཏུ་གནས་པའི་རྒྱལ་ཁབ་ལ་ངོས་འཛིན་གནང་བ་ཆེས་ཐོག་མའི་གྲས་སུ་ཡིན་པ་དང་། བོད་དོན་འཐབ་རྩོད་དེ་བཞིན་འཛམ་གླིང་ཁྲོད་ཀྱི་རང་དབང་འཐབ་རྩོད་རྒྱུན་རིང་ཤོས་ཡིན་པ་དང་འབྲེལ། བོད་ཀྱི་གནད་དོན་དེ་བཞིན་དེ་སྔ་ཕྱི་ལོ་ ༡༩༥༩ བཞིན་ད་ལྟ་འང་བཙན་འོག་ཏུ་གནས་པའི་རྒྱལ་ཁབ་ཀྱི་དུས་ཚིགས་ཀྱི་ངོ་བོ་མཚུངས་པའི་གནད་དོན་ཞིག་ཆགས་བསྡད་ཡོད་པ་རེད།

ཁ་སང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་དྲྭ་གནས་ཐོག་ཨ་རིའི་གཞུང་དང་གྲོས་ཚོགས་གཉིས་ལ་འབོད་སྐུལ་གྱི་བསྒྲགས་གཏམ་དེ་འདོན་སྤེལ་གནང་འདུག་པ་དེའི་ནང་དུ། འདི་ལོའི་བཙན་འོག་ཏུ་གནས་པའི་རྒྱལ་ཁབ་ཀྱི་བདུན་ཕྲག་ཞེས་པའི་དུས་ཚིགས་དེ་བཞིན་རྒྱ་ནག་གི་བཙན་དབང་གི་མི་རིགས་མཉམ་བསྲེས་ལ་དམིགས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་གསར་པ་ལག་ལྟར་བྱས་འགོ་བཙུགས་པ་དང་། བོད་རང་བཙན་འཐབ་རྩོད་པ་བློ་དགའ་རང་བཙན་ལགས་ཀྱིས་བོད་ཀྱི་རྩ་དོན་སླད་དུ་རྒྱལ་ཚོགས་ཀྱི་ལས་ཁུངས་ཨ་མའི་མདུན་ལ་སྐུ་ལུས་མེར་མཆོད་ཕུལ་བའི་བདུན་ཕྲག་ཁ་ཤས་ནང་ཚུད་ཁེལ་གྱི་ཡོད་པ་ལུང་འདྲེན་དང་སྦྲགས། ཨ་རིའི་གྲོས་ཚོགས་ནང་ཆབ་སྲིད་ཚོགས་པ་དབྱེར་མེད་ཀྱི་ཐོག་ནས་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་གསར་པ་དེས་བོད་མི་དང་ཡུ་གུར་གཙོས་པའི་རྒྱ་ནག་གི་གྲངས་ཉུང་མི་རིགས་དང་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོའི་ལས་འགུལ་བ་ཙམ་མ་ཟད། རྒྱ་ནག་གཞུང་ལ་སྐྱོན་བརྗོད་བྱེད་མཁན་གྱི་ཨ་རིའི་མི་སེར་རྣམས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་ཡང་བརྩི་མེད་རྡོག་རོལ་གཏང་རྒྱུ་ཡིན་པའི་སྐྱོན་བརྗོད་ཀྱི་གྲོས་འཆར་སྟོན་གནང་བ་མ་ཟད། ཆབ་སྲིད་ཚོགས་པ་དབྱེར་མེད་ཀྱི་གྲོས་ཚོགས་འཐུས་མི་རྣམས་ནས་ཨ་རིའི་ཕྱི་སྲིད་བློན་ཆེན་མཆོག་ལ་རྒྱ་ནག་གི་ཁྲིམས་དེར་མཐུན་ཕྱོགས་རྒྱལ་ཁབ་གཞན་དང་ནུས་པ་མཉམ་སྤུངས་ཀྱི་ཐོག་ནས་སྐྱོན་བརྗོད་གནང་དགོས་པའི་ཞུ་སྐུལ་གནང་བ་སོགས་ལུང་འདྲེན་དང་སྦྲགས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ངོས་ནས་ད་བར་ཨ་རིའི་གྲོས་ཚོགས་ཀྱི་ངོས་ནས་གནང་ཟིན་པ་རྣམས་ལ་ཡིད་རངས་བསྔགས་བརྗོད་ཞུ་ཡི་ཡོད་ཀྱང་། ཨ་རིའི་གཞུང་གིས་ངོས་ནས་གཞུང་འབྲེལ་ཐོག་རྒྱ་ནག་གི་ཁྲིམས་དེར་སྐྱོན་བརྗོད་དང་། རྒྱ་ནག་ལྷན་དུ་འབྲེལ་མོལ་སྐབས་དེའི་སྐོར་གླེང་སློང་གནང་དགོས་པ། རྒྱལ་ཚོགས་བཅས་ཀྱི་བརྒྱུད་ནས་མཐུན་ཕྱོགས་རྒྱལ་ཁབ་གཞན་རྣམས་དང་ལྷན་དུ་རྒྱ་ནག་གི་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་ཁྲིམས་མཐུན་བཟོ་མཁན་གྱི་ཁྲིམས་དེར་སྐྱོན་བརྗོད་དང་། བོད་པའི་ཆོས་དང་རིག་གཞུང་སྐད་ཡིག་སྲུང་སྐྱོབ་བཅས་ལ་རྒྱབ་སྐྱོར་ཤུགས་ཆེ་རུ་བཏང་བ་སོགས་ད་དུང་གནང་དགོས་པ་ཁག་གཅིག་ཡོད་པ་གསུངས་འདུག

ལྷག་པར་དུ་འདི་ལོའི་ཕྱི་ཟླ་ ༥ པའི་ནང་གྲོས་ཚོགས་འཐུས་མི་ Jim McGovern དང་ Michael McCaul གཉིས་ཀྱི་ཨ་རིའི་གྲོས་ཚོགས་ནང་ཆེད་འདོན་གནང་བའི་བོད་ཀྱི་མ་འོངས་འགན་སྲུང་གི་ཁྲིམས་འཆར་དེས་བོད་མིའི་སྒྲིག་འཛུགས་ལ་གཞུང་འབྲེལ་གྱི་ངོས་འཛིན་དང་འབྲེལ་མོལ་ཤུགས་ཆེ་རུ་གཏང་རྒྱུ་དང་། མ་འོངས་༸གོང་ས་མཆོག་མེད་པའི་དུས་སྐབས་སུའང་ཨ་རིས་བོད་མིར་རྒྱབ་སྐྱོར་མུ་མཐུད་གནང་རྒྱུའི་ནུས་པ་ཇེ་ཆེར་གཏོང་གི་ཡོད་པ་ལུང་འདྲེན་དང་སྦྲགས། དེང་སྐབས་རྒྱ་ནག་གིས་བོད་མི་རིགས་ཀྱི་ངོ་བོ་རྩ་མེད་གཏོང་ཐབས་ཀྱི་བྱ་འགུལ་ཤུགས་ཆེ་རུ་གཏོང་བཞིན་པའི་དུས་སྐབས་འདིར། བཙན་འོག་ཏུ་གནས་པའི་རྒྱལ་ཁབ་ཀྱི་དུས་ཚིགས་དེའི་བརྒྱུད་ནས་ཨ་རིའི་ཆབ་སྲིད་ཚོགས་པ་དབྱེར་མེད་ཀྱི་ལག་ལེན་བསྟར་བའི་ཐོག་ནས་བོད་དོན་ལ་རྒྱབ་སྐྱོར་གནང་གི་ཡོད་པའི་དྲན་སྐུལ་ཞིག་ཀྱང་ཆགས་ཀྱི་ཡོད་པ་གསུངས་ཏེ། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཨ་རིའི་གཞུང་དང་གྲོས་ཚོགས་གཉིས་ནས། བོད་ཀྱི་མ་འོངས་འགན་སྲུང་གི་ཁྲིམས་འཆར་གཏན་འབེབས་གནང་དགོས་པ་དང་། རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ལ་ཡོངས་གྲགས་ཐོག་ངོ་རྒོལ་སྐྱོན་བརྗོད་གནང་དགོས་པ། བོད་མི་གཙོས་པའི་རྒྱ་ནག་གི་བཙན་འོག་ཏུ་གནས་པའི་སྤྱི་ཚོགས་གཞན་རྣམས་ཀྱི་མི་སེར་རྣམས་ལ་རྒྱ་ནག་གི་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་ནས་སྲུང་སྐྱོབ་ཀྱི་ལས་དོན་ཤུགས་ཆེ་རུ་གཏོང་དགོས་པ་དང་། བོད་མིའི་ཆོས་དང་རིག་གཞུང་། སྐད་ཡིག་སྲུང་སྐྱོབ་ལ་རྒྱབ་སྐྱོར་ཤུགས་ཆེ་རུ་གཏོང་དགོས་པའི་དགོས་འདུན་ཁག་གསུམ་སྟོན་གནང་འདུག

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཙོ་བསྟན་ཆོས་རྒྱ་མཚོ་ལགས་ཀྱིས་ཨ་རིས་སྲུང་བརྩི་གནང་བཞིན་པའི་བཙན་འོག་ཏུ་གནས་པའི་རྒྱལ་ཁབ་ཀྱི་བདུན་ཕྲག་ཞེས་པའི་ལས་འགུལ་དེས་རང་དབང་ཞེས་པ་དེ་མཐོང་ཆུང་གཏང་ཡག་མེད་པ་དང་། ཨ་རིའི་ངོས་ནས་རང་གི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་རྩོད་མཁན་རྣམས་ཀྱི་ལྷན་དུ་བཞེངས་རྒྱུའི་དྲན་སྐུལ་གནང་གི་ཡོད་སྐོར་དང་འབྲེལ། བོད་ཀྱི་གནད་དོན་དེས་འདས་པའི་ལོ་ངོ་དྲུག་བཅུ་ལྷག་གི་རིང་ལ་མི་རིགས་གཅིག་གི་རང་གི་ངོ་བོ་སྲུང་སྐྱོབ་ཀྱི་ཆོད་སེམས་མཚོན་པ་དང་། འཛམ་གླིང་ཁྲོད་དབང་ཆ་སྒེར་གཅོད་པའི་གཞུང་འཛིན་ལ་གདོང་ལེན་གནང་མ་ཐུབ་པའི་གནད་དོན་མཚོན་གྱི་ཡོད་པ་གསུངས་ཏེ། བོད་ཀྱི་མ་འོངས་འགན་སྲུང་གི་ཁྲིམས་འཆར་གཏན་འབེབས་གནང་བ་དེས་ཨ་རིས་བོད་མིའི་དམངས་གཙོའི་ལམ་ནས་འདམས་པའི་སྒྲིག་འཛུགས་ལ་རྒྱབ་སྐྱོར་མུ་མཐུད་ཡོད་པ་དང་། རྒྱ་ནག་གི་ཁྲིམས་གསར་པ་དེར་ངོ་རྒོལ་སྐྱོན་བརྗོད་ཀྱི་བརྒྱུད་ནས་རྒྱ་ནག་ལ་དུས་རབས་ ༢༡ པའི་ནང་དུ་བཙན་དབང་གིས་མི་རིགས་མཉམ་བསྲེས་ཞེས་པ་ཡོང་ཐབས་མེད་པ་གསལ་སྟོན་གནང་རྒྱུ་ཡིན་པ་གསུངས་འདུག

ཁོང་གི་ལྷག་པར་དུ་ད་ལྟ་རྒྱ་ནག་གི་བོད་མིར་རང་སྐྱོང་གི་ཐོབ་ཐང་སྤྲད་ཀྱི་ཡོད་ཚུལ་ཙམ་ཡང་མ་བྱས་པར་བོད་མི་ལྷན་དུ་གྲོས་མོས་མ་བྱས་པའི་དུས་སྐབས་འདིར་ཨ་རིའི་ངོས་ནས་བོད་མིའི་རང་དབང་དང་དམངས་གཙོའི་ཆེད་དུ་གོམ་པ་ཆེ་ཙམ་སྤོ་དགོས་པ་དང་། བོད་དོན་ཁྲིམས་འཆར་དེ་དུས་འགྱངས་མེད་པར་གཏན་འབེབས་ཀྱི་བརྒྱུད་ནས་དེ་ལྟར་གནང་ཐུབ་རྒྱུ་ཡིན་པ་གསུངས་འདུག

འབྲེལ་ཡོད་གསར་གནས།

གསར་གནས།