Tibetan Royal Year of 2151 | Year of the Wood Dragon

ཨ་རིས་རྒྱ་ནག་གིས་བརྡ་འཕྲིན་དམག་འཐབ་སྣེ་ཁྲིད་བྱེད་བཞིན་པར་ཉེན་བརྡ།

Tibetan News Headlines

  • His Holiness the Dalai Lama confers Mahakala Blessing (Gonpo Jenang)
  • In depth: Taiwan’s new government policy on Tibet and China

རེས་གཟའ་སྤེན་པ། ༢༠༢༤།༠༥།༡༨

  • ༸གོང་ས་མཆོག་གིས་མགོན་པོའི་རྗེས་གནང་གི་ཆོས་འབྲེལ་བཀའ་དྲིན་སྩལ་བ།
  • ཐེ་ཝན་གཞུང་འཛིན་གསར་པས་བོད་དང་རྒྱ་ནག་ཐོག་འཛིན་པའི་སྲིད་བྱུས་སྐོར།

ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་ཁ་སང་སྙན་ཐོ་ཞིག་འདོན་སྤེལ་བརྒྱུད་རྒྱ་གཞུང་གིས་རྒྱ་ནག་རྒྱལ་ནང་གཙོས་ཕྱིའི་རྒྱལ་ཁབ་ཁག་ཏུ་ཚད་མཐོའི་འཕྲུལ་རིགས་ལམ་ནས་དམ་བསྒྲགས་ཆེས་ཆེར་སྤེལ་ཏེ་གོ་ལར་བརྡ་འཕྲིན་གྱི་དམག་འཐབ་སྣེ་ཁྲིད་བྱེད་བཞིན་པའི་ཉེན་བརྡ་བཏང་འདུག

ཁ་སང་ཕྱི་ཚེས་ ༢༨ ཉིན་ཨ་རི་གཞུང་གི་ Global Engagement Center ཞེས་པས་སྙན་ཐོ་ཞིག་འདོན་སྤེལ་གནང་བ་དང་དེའི་ནང་ཞི་ཅིན་ཕིང་རྒྱ་ནག་གི་སྲིད་འཛིན་ཆགས་པ་ནས་བཟུང་སྟེ་དམར་ཤོག་ཚོགས་པའི་ངོས་ནས་གོ་ལའི་གནས་ཚུལ་ཁག་ལ་འཁྱོག་བཤད་ཀྱི་དྲིལ་བསྒྲགས་བྱ་རྒྱུར་འབད་བརྩོན་ཆེན་པོ་བྱས་ཡོད་པ་དང་དེ་སྔ་ལོ་གཅིག་འཁོར་མོར་ཕྱི་རྒྱལ་གྱི་གནས་ཚུལ་ཁག་གཡོ་སྒྱུའི་ལམ་ནས་འགྲེལ་བརྗོད་བྱ་རྒྱུར་ཨ་སྒོར་ཐེར་འབུམ་མང་པོ་འགྲོ་གྲོན་བཏང་ཡོད་པར་བསྙེན་འཛུགས་གནང་བར་མ་ཟད། ཞི་ཅིན་ཕིང་གིས་རྒྱ་ནག་རང་ཉིད་ཀྱི་གཞུང་འབྲེལ་བརྒྱུད་ལམ་ལངའ་དམ་བསྒྲགས་ཀྱིས་དམར་ཤོག་ཚོགས་པའི་དྲིལ་བསྒྲགས་ནུས་ཤུགས་ཆེ་རུ་གཏང་ཐབས་དང་སྒོས་སུ་གོ་ལ་ཡོངས་ཀྱི་ཕྱི་རྒྱལ་མི་ཚོགས་ལ་ཤུགས་རྐྱེན་སྤྲོད་ཐབས་བྱེད་མུས་ཡིན་པར་ཐེར་བཏོན་གནང་འདུག

ཐེངས་འདིའི་སྙན་ཐོ་ནང་རྒྱ་ནག་གིས་སྤེལ་བཞིན་པའི་ཕྱིའི་དཀྲོག་གཏམ་དང་གནས་ཚུལ་ལོག་འགྲེལ་ཁག་ལ་སྐྱོན་བརྗོད་གནང་སྟེ་རྒྱ་གཞུང་ལ་གོ་ལའི་གནས་ཚུལ་གྱི་ཁོར་ཡུག་བསྐྱར་བཟོ་བྱ་རྒྱུའི་ནུས་པ་ལྡན་ཡོད་པ་དེས་ཨ་རིར་མཚོན་ན། རྒྱ་ནག་དེ་དམག་གི་འགྲན་བསྡུར་བྱ་ཡུལ་གྱི་རྒྱལ་ཁབ་ཙམ་མ་ཟད་གོ་ལ་ཁྱོན་དུ་གནས་ཚུལ་ལོག་འགྲེལ་བྱེད་མཁན་ཁོངས་ཀྱི་འཐབ་འཛིང་རྒྱལ་ཁབ་ལྟེ་བ་དེ་ཡིན་པར་མ་ཟད། རྒྱ་ནག་གི་ངོས་ནས་ཞིབ་ཚགས་པོའི་ངང་གང་ཟག་སྒེར་དང་ཚོགས་སྡེ་ཁག་གི་འབྲེལ་ཡོད་གནས་ཚུལ་རྣམས་བསྐྱར་བཟོ་བྱེད་ཀྱི་ཡོད་པ་ར་སྤྲོད་གནང་འདུག

སྙན་ཐོ་ནང་ད་དུང་རྒྱ་ནག་གཞུང་གིས་ཉེ་བའི་ལོ་ཤས་ནང་ twitter དང་ Youtube སོགས་སྤྱི་ཚོགས་དྲ་ལམ་ཐོག་གནོན་ཤུགས་སྤེལ་ཤུགས་ཆེ་རུ་བཏང་སྟེ། ཤིན་ཅང་དང་ལྷོ་རྒྱ་ནག་རྒྱ་མཚོ། དེ་བཞིན་ཐེ་ཝན་སོགས་ཀྱི་ཚོར་རྣོའི་གནད་དོན་ལ་འཁྱོག་བཤད་དྲིལ་བསྒྲགས་ཤུགས་ཆེར་སྤེལ་ཡོད་པར་མ་ཟད། རྒྱ་ནག་རྒྱལ་ནང་ལ་མཚོན་ན་སྲོལ་རྒྱུན་གྱི་གསར་ཤོག་དང་དྲ་ལམ། གསར་ཁང་སོགས་ཀྱིས་རྒྱལ་སྤྱིའི་བརྒྱུད་ལམ་གཞན་དང་མཉམ་སྦྲེལ་གྱིས་ལས་གཞི་སྤེལ་བ་མ་ཚད་པར་བརྒྱུད་ལམ་ཁག་གཅིག་ཐད་ཀར་ཉོ་བ་སོགས་བྱས་ཡོད་པར་གསུངས་འདུག

ཁ་སང་ Global Engagement Center ཡི་དམིགས་བསལ་སྐུ་ཚབ་དང་འབྲེལ་མཐུད་པ་ James Rubin ལགས་ཀྱིས་གོང་ཞུས་སྙན་ཐོ་དང་འབྲེལ་ནས་གསར་འགོད་གསལ་བསྒྲགས་གནང་བར་ཁོང་རྣམས་ཀྱིས་སྙན་ཐོ་དེའི་ཐོག་ནས་གོ་ལ་གཅིག་གྱུར་གྱི་བསམ་པ་མེད་པའམ་སྨག་རུམ་གྱི་ཕྱོགས་ཤིག་ཡོད་པ་ཤེས་རྟོགས་བྱུང་བ་དང་། གལ་ཏེ་ཁོང་རྣམས་ཀྱིས་རྒྱ་ནག་གི་འཁྱོག་བཤད་དྲིལ་བསྒྲགས་ལ་བཀག་འགོག་མ་གནང་ཚེ་མང་གཙོའི་རིན་ཐང་དང་ཉེས་མེད་འཛམ་གླིང་གི་སྒྲིག་གཞི་དང་ཐོབ་ཐང་ལ་རིམ་བཞིན་གཏོར་བཤིག་འགྲོ་ངེས་པར་གསུངས་འདུག

ཨ་རི་གཞུང་གིས་སྙན་ཐོ་དེ་འདོན་སྤེལ་གནང་མ་ཐག་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་ཌི་སིར་བཅའ་སྡོད་རྒྱ་ནག་གཞུང་ཚབ་ཁང་གི་མགྲིན་ཚབ་པ་ Liu Pengyu ཟེར་བས་གོང་ཞུས་སྙན་ཐོར་ལན་འདེབས་གང་ཡང་མེད་ཅེས་བཤད་ཡོད་པ་དེ་ལྟར་ཡང་། ཨ་རི་གཞུང་གིས་རྒྱ་གཞུང་ལ་གཞི་མེད་སྐྱོན་འཛུགས་ཀྱིས་གནས་ཚུལ་ལོག་འགྲེལ་གནང་གི་ཡོད་པར་གསུངས་འདུག

འབྲེལ་ཡོད་གསར་གནས།

གསར་གནས།