ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ཕོགས་མེད་ལས་མཚམས་འཇོག་དགོས་བྱུང་འདུག

Tibetan News Headlines

  • In conversation with Asanga Vajra Rinpoche of the Khön Family of Sakya Phuntsok Phodrang

ཪེས་གཟའ་སྤེན་པ། ༢༠༢༦།༡༡།༠༧

  • དཔལ་ས་སྐྱ་པ་ཕུན་ཚོགས་ཕོ་བྲང་གི་འཁོན་གདུང་༸སྐྱབས་མཆོག་ཨ་སངྒ་བཛྲ་རིན་པོ་ཆེ་དང་གླེང་མོལ།

ཨ་རི་གཞུང་འཛིན་གསར་པས་ཨ་རིའི་རླུང་འཕྲིན་ཁང་དང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་སོགས་ལས་ཁུངས་ཁག་ཅིག་གི་རྒྱུན་གྲོན་མ་དངུལ་མཁོ་སྤྲོད་མཚམས་འཇོག་བྱ་རྒྱུའི་བཀའ་རྒྱ་བཏང་བའི་ཁྲོད། ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གི་ཨ་རིའི་རྒྱལ་སའི་ནང་རྟེན་གཞི་བྱས་པའི་ལས་བྱེད་པ་བརྒྱ་ཕྲག་བརྒལ་བ་དེ་རིང་ནས་གླ་ཕོགས་མེད་པའི་ལས་མཚམས་འཇོག་དགོས་བྱུང་འདུག

Radio Free Asia Puts Most Staff on Unpaid Leave after Grant Termination
པར་དབང་། RfaTIbetan

དེ་ཡང་ཁ་སང་ཚེས་ ༢༠ ཉིན་ཨེ་ཤི་ཡའི་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་དྲྭ་རྒྱའི་ནང་གནས་ཚུལ་སྤེལ་བར་གཞིགས་ན། འདི་ཚེས་ ༢༡ རེས་གཟའ་པ་སངས་ཉིན་གྱི་ཕྱི་དྲོ་ནས་བཟུང་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གི་ཨ་རིའི་རྒྱལ་སའི་ནང་རྟེན་གཞི་བྱས་པའི་ལས་བྱེད་པ་ ༣༠༠ ལྷག་ཙམ་ནས་ལས་བྱེད་ ༧༥ ཙམ་བར་ཉུང་དུ་གཏོང་ཡོད་པ་མ་ཟད་གླ་ཕོགས་མེད་པའི་ལས་མཚམས་འཇོགས་དགོས་བྱུང་བ་དང་། ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གི་མགྲིན་ཚབ་པ་སྐུ་ཞབས་ Rohit Mahajan ལགས་ཀྱིས་ཨ་རིའི་སྲིད་འཛིན་གསར་པའི་ཐག་གཅོད་དེ་ནི་ཁྲིམས་འགལ་ཡིན་པ་མ་ཟད། གསར་འགྱུར་ལས་ཁང་དེ་ཡོངས་སུ་ཨ་རིའི་གྲོས་ཚོགས་ཀྱིས་ཐག་གཅོད་ཀྱིས་གཞུང་གི་རོགས་དངུལ་ལ་བརྟེན་ནས་ལས་དོན་བྱེད་ཀྱི་ཡོད་པས། རླུང་འཕྲིན་ཁང་ངོས་ནས་ཁྲིམས་ཐོག་ནས་ཞུ་གཏུག་བྱེད་ཀྱི་ཡིན་ཞེས་གསུངས་འདུག

སྤྱིར་ཨ་རིའི་སྲིད་འཛིན་ Donald Trump མཆོག་གིས་ཨ་རི་གཞུང་གི་འགྲོ་གྲོན་ཉུང་འཕྲི་བྱ་རྒྱུའི་སྲིད་བྱུས་ལག་བསྟར་ཁྲོད་འཛིན་སྐྱོང་བཀའ་རྒྱ་ཞིག་གསལ་བསྒྲགས་བྱས་པའི་ནང་། United States Agency for Global Media འམ་ཨ་རིའི་གོ་ལའི་བརྒྱུད་ལམ་ལས་ཁུངས་ཞེས་ཨ་རི་རླུང་འཕྲིན་ཁང་དང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། དེ་བཞིན་ཡུ་རོབ་རང་དབང་རླུང་འཕྲིན་ཁང་སོགས་གསར་ཁང་ ༦ ཙམ་ལྟ་རྟོག་བྱེད་མཁན་སྒྲིག་འཛུགས་ལ་རོགས་དངུལ་མཚམས་འཇོག་བྱ་རྒྱུ་ཡིན་སྐོར་བསྒྲགས་རྗེས། ཨ་རིའི་རླུང་འཕྲིན་ཁང་ལྟ་བུ་མཚོན་ན་ཟླ་བ་འདིའི་ཚེས་ ༡༥ ནས་ལས་མཚམས་བཞག་སྟེ་ལས་བྱེད་པ་ ༡༣༠༠ ཙམ་འཛིན་སྐྱོང་གི་དགོངས་ཞུ་ཐོག་བཞག་ཡོད་པ་རེད།

US President Trump Freezes VOA, Radio Free Asia, Radio Free Europe
པར་དབང་། VOA

བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་འདས་པའི་ལོ་མང་ནས་རླུང་འཕྲིན་དང་བརྙན་འཕྲིན། ཟུང་སྐར་སོགས་ཀྱི་བརྒྱུད་ལམ་ཐོག་བོད་ནང་གི་བོད་མི་ཚོར་བོད་ཕྱི་ནང་གཉིས་ཀྱི་གནད་དོན་གཙོ་བོར་འགྱུར་བའི་རྒྱལ་སྤྱིའི་གསར་འགྱུར་དུས་ཐོག་རྒྱང་བསྲིངས་གནང་མཁན་བོད་སྐད་རླུང་འཕྲིན་ཁང་དེ་དག་གཉིས་སྒོ་བརྒྱག་རྒྱུའི་གནས་ཚུལ་ཐོན་མ་ཐག བོད་མི་མང་པོས་དེའི་ཐོག་གདུང་སེམས་མཉམ་སྐྱེད་ཀྱི་བསྒྲགས་གཏམ་དང་སེམས་ཚོར་བཏོན་ཡོད་པ་མ་ཟད། བཞུགས་སྒར་དུ་འཚོག་བཞིན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ཐོག སྤྱི་འཐུས་མང་དག་ཅིག་ནས་ཨ་རིའི་རོགས་དངུལ་དང་རླུང་འཕྲིན་ཁང་གི་རྒྱུན་གྲོན་བཀག་བསྐྱིལ་གྱི་གནད་དོན་ཐོག་སེམས་འཚབ་དང་འབྲེལ། སྲིད་སྐྱོང་མཆོག་གི་སྣེ་འཁྲིད་པའི་བོད་མིའི་སྒྲིག་འཛུགས་ངོས་ནས་གང་མགྱོགས་ཨ་རི་གཞུང་དང་འབྲེལ་མོལ་དང་ཞུ་གཏུག་བརྒྱུད་རོགས་དངུལ་བསྐྱར་གསོ་དང་གསར་ཁང་དེ་དག་གཉིས་བསྐྱར་གནས་ཐུབ་དགོས་པའི་འབོད་བསྐུལ་གནང་ཡོད།

སྤྱིར་གྲོས་ཚོགས་ཀྱི་ཉིན་དང་པོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་ངོས་ནས་གསར་འགོད་པའི་འབྲེལ་ཡོད་དྲི་བར་ལན་འདེབས་ཁྲོད། བཀའ་ཤག་ངོས་ནས་ཨ་རིའི་རོགས་སྐྱོར་དང་གསར་ཁང་གཉིས་ཀྱི་གནད་དོན་ཐད་ཨ་རི་དོན་གཅོད་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་མཉམ་རུབ་ཀྱི་འོག་གྲོས་ཚོགས་འཐུས་མི་ཚོར་ཞུ་ཏུགས་བརྒྱུད་ཨ་རི་གཞུང་གིས་མཐུན་འགྱུར་གནང་བཞིན་པའི་བོད་སྐད་རླུང་འཕྲིན་ཁང་གཉིས་ལ་མཐུན་འགྱུར་མུ་མཐུད་ཡོང་ཐབས་ལ་འབད་རྩོལ་ཞུ་བཞིན་ཡོད་པ་གསུང་བ་མ་ཟད། གྲོས་ཚོགས་སུ་གནད་དོན་དེའི་སྐོར་གསལ་བཤད་གནང་སྐབས། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་དང་ཨ་རིའི་རླུང་འཕྲིན་ཁང་ལ་དོ་ཕོག་ཕྱིན་པ་དེས། རྒྱ་ནག་གཞུང་གི་འཁྱོག་བཤད་ལ་ཁ་གཏད་ཀྱི་བརྒྱུད་ལམ་ཐོག་དོ་ཕོག་ཆེན་པོ་དང་རྒྱ་ནག་གཞུང་ལ་ཁེ་ཕན་ཆེན་པོ་སྤྲད་པ་རེད་ཅེས་གསུངས་ཡོད།

ཨ་རིའི་རོགས་ཚོགས་སྒོ་བརྒྱག་རྒྱུའི་འབད་བརྩོན་མཚམས་འཇོག་བྱེད་དགོས་པའི་བཀོད་ཁྱབ་བཏང་འདུག

དེའི་ཁྲོད་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ Mao Ning གིས། ཨ་རི་རླུང་འཕྲིན་ཁང་དང་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལྟ་བུའི་གསར་ཁང་ཁག་གིས་ནམ་ཀུན་ནས་རྒྱལ་སྤྱིའི་ཁྲོད་རྒྱ་ནག་ལ་མིང་རྗེས་ངན་པ་བཟོ་ཆེད་རྒྱ་ནག་སྐོར་གནས་ཚུལ་རྫུན་མ་རིགས་མང་པོ་སྤེལ་གྱི་ཡོད་པའི་ལོ་རྒྱུས་ཡོད་ཚུལ་བརྗོད་པར་མ་ཟད།  Global Times གསར་ཁང་གཙོས་རྒྱ་ནག་གིས་གཉེར་བའི་བརྒྱུད་ལམ་ཁག་གིས་ཨ་རི་རླུང་འཕྲིན་ཁང་དང་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལྟ་བུའི་གསར་ཁང་ཁག་དེ་དག་ནི་རྫུན་གཏམ་བཟོ་གྲྭ་ཞིག་ལས་གཞན་གང་ཡང་མིན་ཞེས་བརྗོད་དེ་ད་རེས་ཨ་རི་གཞུང་གིས་བརྒྱུད་ལམ་དེ་དག་གི་མ་དངུལ་གཅོག་པའི་ཐབས་ལམ་ལ་དགའ་བསུ་དང་མཉམ། Trump སྲིད་གཞུང་གིས་འཛམ་གླིང་ནང་རྫུན་གཏམ་འགོག་རྒོལ་བྱེད་པའི་སྙིང་སྟོབས་ལ་བསྔགས་བརྗོད་བྱས་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།