Tibetan Royal Year of 2151 | Year of the Wood Dragon

ཨོ་སི་ཀྲོ་ལི་ཡར་རྒྱ་ནག་དམར་ཤོག་གི་དྲིལ་བསྒྲགས་འཁྲབ་སྟོན་ལ་ངོ་རྒོལ་ལས་འགུལ་སྤེལ་བའི་ནང་བོད་མི་ཚོས་མཉམ་ཞུགས་གནང་འདུག

Tibetan News Headlines

  • བོད་ཀྱི་བེུད་། བལ་ཡུལ་ལྷ་མོ་ཚོགས་པའི་ཚོགས་མི་དང་གློག་བརྙན་འཁྲབ་སྟོན་པ་འཕྲིན་ལས་ལྷ་མོ་ལགས་དང་ལྷན་ཁོང་གི་སྒྱུ་སྩལ་གྱི་ལམ་བུའི་སྐོར་གླེང་མོལ།

རེས་གཟའ་ཉི་མ། ༢༠༢༤།༠༥།༠༥

  • Women of Tibet: In conversation with Thinley Lhamo, member of Nepal Tibetan opera and star in Nepalese film ‘Shambala’

ཨོ་སི་ཀྲོ་ལི་ཡའི་གྲོང་ཁྱེར་ Melbourne ནང་རྒྱ་ནག་དམར་ཤོག་གི་དྲིལ་བསྒྲགས་འཁྲབ་སྟོན་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་བའི་ནང་བོད་མི་རྣམས་ནས་མཉམ་ཞུགས་གནང་འདུག
དེ་ཡང་ཁ་ཉིན་རྒྱ་ནག་གཞུང་གིས་ཨོ་སི་ཀྲོ་ལི་ཡའི་གྲོང་ཁྱེར་ Melbourne ནང་རྟེན་གཞི་བྱས་པའི་ Melbourne Recital Centre ཞེས་པའི་ཚོགས་ཁང་ཆེན་མོའི་ནང་དུ་རྒྱ་ནག་དམར་ཤོག་ཚོགས་པའི་སྲིད་བྱུས་ཡག་པོ་ཡིན་ལུགས་ཀྱིས་དྲིལ་བསྒྲགས་འཁྲབ་སྟོན་ཞིག་བྱས་ཡོད་པའི་ཁྲོད། སྐབས་དེར་ཡུལ་དེའི་ནང་གི་རྒྱ་རིགས་མང་གཙོ་ཚོགས་པའི་གོ་སྒྲིག་འོག་འཁྲབ་སྟོན་དེ་བཀག་འགོག་གིས་ངོ་རྒོལ་ལས་འགུལ་ཞིག་སྤེལ་འདུག་པ་དང་། དེའིནང་Melbourne བོད་རིགས་སྤྱི་མཐུན་ཚོགས་པ་དང་Vietnam ཚོགས་པ་གཉིས་ནས་ཀྱང་མཉམ་ཞུགས་ཀྱིས་སྲིད་འཛིན་ཞི་ཅིན་ཕིང་གི་འགོ་ཁྲིད་པའི་དམར་ཤོག་ཚོགས་པའི་སྲིད་གཞུང་ལ་སྐྱོན་བརྗོད་ཤུགས་ཆེ་བྱས་འདུག

ད་དུང་ལས་འགུལ་བ་རྣམས་ནས་སྐབས་དེར་རྒྱ་གཞུང་གིས་འཁྲབ་སྟོན་བྱས་སའི་ཚོགས་ཁང་ཆེན་མོ་དེའི་རྒྱལ་སྒོའི་ཕྱི་ལ་བཞུགས་ཏེ་རྒྱ་ནག་དམར་ཤོག་ཚོགས་པའི་མཁྲེགས་འཛིན་གྱི་སྲིད་བྱུས་ལ་སྐྱོན་བརྗོད་དང་སྦྲགས། བོད་མི་རྣམས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་དགོས་པ་དང་བོད་དང་ཤིན་ཅང་སོགས་ཀྱི་ནང་ལག་བསྟར་བྱེད་བཞིན་པའི་གདུག་རྩུབ་ཅན་གྱི་སྲིད་བྱུས་རྣམས་མཚམས་འཇོག་དགོས་པའི་འཕྲེད་དར་བསྣམས་ཏེ་ངོ་རྒོལ་སྐད་འབོད་གནང་སྟབས། ཚོགས་ཁང་དེའི་ནང་ཡོད་པའི་གཟིགས་མོ་ཁག་ཅིག་དང་རྒྱ་རིགས་མང་གཙོ་ལས་འགུལ་བའི་དབར་ལ་གདོང་ཐུག་བྱུང་འདུག་པ་མ་ཟད། གཟིགས་མོ་བ་ཁག་ཅིག་འཁྲབ་སྟོན་གྱི་ལས་རིམ་དེ་ནས་ཕྱིར་ཐོན་པའི་གནས་སྟངས་ཡང་བྱུང་འདུག

རྩ་བའི་རྒྱ་གཞུང་གིས་དེ་སྔོན་ཡང་ཨོ་སི་ཀྲོ་ལི་ཡའི་ནང་དུ་རྒྱ་ནག་དམར་ཤོག་གི་དྲིལ་བསྒྲགས་འཁྲབ་སྟོན་རིགས་གོ་སྒྲིག་བྱས་མྱོང་ཡོད་པ་དང་དེར་རྒྱ་རིགས་མང་གཙོ་ཚོགས་པ་དང་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པ་གཉིས་ཐོུན་ནས་ངོ་རྒོལ་བསྟུད་མར་གནང་ཡོད་པ་རེད།

 

འབྲེལ་ཡོད་གསར་གནས།

གསར་གནས།