Tibetan Royal Year of 2151 | Year of the Wood Dragon

ཨོསྟྲེ་ལི་ཡཱར་བོད་དོན་ཞུ་གཏུག་ལས་འགུལ་སྤེལ་ཕྱོགས་ཀྱི་ཐབས་བྱུས་ཚོགས་འདུ་དང་ཟབ་སྦྱོང་ཚོགས་པ།

Tibetan News Headlines

  • India elections and Tibet : Discussion

རེས་གཟའ་ཉི་མ། ༢༠༢༤།༠༥།༡༩

  • རྒྱ་གར་གྱི་འོས་བསྡུ་ཆེན་མོའི་ཁ་ཕྱོགས་དང་བོད་ཀྱི་གནས་བབ་སྐོར་གླེང་མོལ།

ཟླ་ ༡༡ ཚེས་ ༡༧ དང་ ༡༨ བཅས་ཉིན་གྲངས་གཉིས་རིང་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་དང་ཨོསྟྲེ་ལི་ཡཱའི་སྐུ་ཚབ་དོན་གཅོད་གཉིས་ཀྱི་གོ་སྒྲིག་འོག་ཨསྟྲེ་ལི་ཡཱའི་རྒྱལ་ས་ཀེན་བྷེ་རར་དང་བླངས་ཞུ་གཏུག་ལས་འགུལ་སྤེལ་ཕྱོགས་ཀྱི་ཐབས་བྱུས་ཚོགས་འདུ་དང་ཟབ་སྦྱོང་ཚོགས་ཡོད་པ་རེད།

དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱིས་དྲ་ཐོག་སྤེལ་བའི་གནས་ཚུལ་ལ་གཞིགས་ན། ཚོགས་འདུའི་ཉིན་དང་པོ་དེ་ཁུལ་དེའི་རྒྱལ་ཡོངས་གསར་འགོད་མཐུན་ཚོགས་སུ་ཚོགས་པ་དང་དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་དང་ཆེས་བསྟོད་སྐུ་མགྲོན་གྲོས་ཚོགས་འཐུས་མི་ལྕམ་སྐུ་ Janet Rice ལགས། བདེ་སྲུང་བློན་ཆེན་ཟུར་པ་སྐུ་ཞབས་ Kevin Andrews མཆོག སྤྱི་འཐུས་རྡོ་རིང་བསྟན་འཛིན་ཕུན་ཚོགས་ལགས། ཨོསྟྲེ་ལི་ཡཱའི་བོད་དོན་ལྷན་ཁང་གི་འཛིན་སྐྱོང་འགན་འཛིན་ Dr. Zoe Bedford ལགས། དེ་བཞིན་ཆེད་མཁས་པ་ཁག་གཅིག་བཅས་ཁྱོན་ཚོགས་བཅར་བ་ ༥༠ ཙམ་ལྷན་ཞུགས་གནང་འདུག

སྐབས་དེར་སྐུ་མགྲོན་གཙོ་བོ་ཕྱི་དྲིལ་བཀའ་བློན་མཆོག་གིས་བོད་རིགས་གཞོན་སྐྱེས་རྣམས་བོད་མིའི་རང་དབང་འཐབ་རྩོད་ཀྱི་ལས་འགུལ་ནང་མཉམ་ཞུགས་མུ་མཐུད་གནང་དགོས་གལ་དང་། ལས་འགུལ་དེ་ཉིད་རྒྱ་སྐྱེད་གནང་ཕྱོགས་སོགས་ལ་བཀའ་མོལ་གནང་རྗེས་གསུང་བཤད་ཀྱི་ལས་རིམ་ཐོག་མ་དེ་ཡུལ་དེའི་བདེ་སྲུང་བློན་ཆེན་ཟུར་པ་སྐུ་ཞབས་ Kevin Andrews མཆོག་གིས་བོད་དང་ཨོསྟྲེ་ལི་ཡཱ། རྒྱ་ནག་གསུམ་གྱི་འབྲེལ་ལམ་ཐོག་གསུང་བཤད་གནང་འདུག

དེ་བཞིན་བོད་ཀྱི་ཁོར་ཡུག་ཐོག་ཆེད་མཁས་པ་དང་རྩོམ་པ་པོ་སྐུ་ཞབས་ Gabriel Lafitte ལགས་ཀྱིས་གོ་ལའི་གནམ་གཤིས་འགྱུར་ལྡོག་སྤྱི་དང་སྒོས་བོད་ནང་རྒྱ་གཞུང་གིས་ Lithium ཞེས་གློག་རྫས་དང་རྫས་གཞན་བཟོ་བསྐྲུན་ཆེད་བེད་སྤྱོད་བྱེད་རྒྱུ་གཏེར་རྫས་རྒྱ་ཆེར་སྔོག་འདོན་བྱེད་བཞིན་པར་ཐེར་བཏོན་གྱིས་དེ་འབྲེལ་གསུང་བཤད་གནང་འདུག

ཕྱོགས་མཚུངས་སུ་སྤྱི་འཐུས་རྡོ་རིང་བསྟན་འཛིན་ཕུན་ཚོགས་ལགས་ཀྱིས་བོད་མིའི་འཐབ་རྩོད་ཀྱི་ལས་དོན་གཉེར་བར་བོད་རིགས་གཞོན་སྐྱེས་ཀྱི་ལས་འགན་དང་། ལྷག་པར་ཡུལ་དེའི་གཞོན་སྐྱེས་འགོ་ཁྲིད་དང་ལྷན་དུ་ཆབ་སྲིད་ཀྱི་ལས་དོན་ནང་མཉམ་ཞུགས་གནང་དགོས་གལ་ཆགས་ཡོད་པར་མ་ཟད། ཁུལ་དེར་གནས་སྡོད་བོད་མིའི་སྤྱི་ཚོགས་དང་རིག་གཞུང་། དཔལ་འབྱོར་བཅས་ཀྱི་ལས་དོན་ནང་ཞུགས་དགོས་གལ་ཡིན་པ་སོགས་གསུངས་འདུག

ཨོསྟྲེ་ལི་ཡཱའི་བོད་དོན་ལྷན་ཁང་གི་འཛིན་སྐྱོང་འགན་འཛིན་ Dr. Zoe Bedford ལགས་ཀྱིས་ཞུ་གཏུག་དང་འགྲོ་བ་མིའི་ཐོབ་སྐོར་གསུང་བཤད་གནང་བ་དང་། ཨོསྟྲེ་ལི་ཡཱར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་དང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལས་འགུལ་བ་སྤྱི་ཟུར་སྐྱིད་འཛོམས་གདོང་འདུས་ལགས་ཀྱིས་ལས་འགུལ་གྱི་གྲུབ་ཆ་དང་ཆབ་སྲིད་ཀྱི་ཞུ་གཏུག་ཐབས་བྱུས་སོགས་དང་འབྲེལ་ནས་གསུང་བཤད་གནང་ཡོད།

ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་ཀྱིས་མཇུག་སྡོམ་ སྐབས་ས་གནས་ཁག་ཏུ་དང་བླངས་བོད་དོན་ཞུ་གཏུག་ལས་འགུལ་གྱི་ལས་དོན་བྱེད་སྤེལ་སྐོར་དང་བོད་དོན་འཐབ་རྩོད་ཐོག་ཚོགས་བཅར་བ་རྣམས་ནས་ནུས་པ་མཉམ་སྤུངས་གནང་དགོས་གལ་ཡིན་པའི་འབོད་སྐུལ་གནང་འདུག

བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་ཟླ་ ༡༡ ཚེས་ ༡༤ ནས་ ༡༨ བར་ཨོསྟྲེ་ལི་ཡཱའི་ཁུལ་གྱི་མཛད་འཆར་ཁག་ལེགས་གྲུབ་ཐོག་ཁ་སང་ཕྱི་ཚེས་ ༡༩ ཉིན་ནིའུ་ཛིལེནྜ་གྱི་གྲོང་འཁྱེར་ཝེ་ལེང་ཀྲོན་ Wellington དུ་ཕེབས་འབྱོར་བྱུང་རྗེས། ཁུལ་དེར་རྟེན་གཞི་བྱས་པའི་བོད་དོན་རྒྱབ་སྐྱོར་བ་རྣམས་ལ་ཐུགས་རྗེ་ལེགས་འབུལ་དང་སྦྲགས། ཁོང་རྣམ་པར་ད་ལྟའི་ཆར་རྒྱ་གཞུང་གིས་བོད་ནང་དུ་མི་སེར་སྤེལ་ཡུལ་གྱི་བཅའ་སྡོད་སློབ་གྲྭ་དང་བོད་ཀྱི་ནང་ཆོས་རྒྱ་ནག་ཅན་དུ་སྒྱུར་བཞིན་པའི་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད་པ་སོགས་བོད་ནང་གི་ཛ་དྲག་ཅན་གྱི་གནས་སྟངས་ངོ་སྤྲོད་གནང་བ་དང་ཆབས་ཅིག བོད་རྒྱའི་དཀའ་རྙོག་སེལ་བར་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་སྙན་སེང་ཞུས་འདུག

དེ་རིང་ཕྱི་དྲིལ་བཀའ་བློན་མཆོག་གིས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་མངའ་ཁུལ་གྱི་བདེ་འཇགས་གསར་གཏོད་གླེང་སྟེགས་ཐོག Soft Power Statecraft ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་འདུག་པ་དང་། སང་ཉིན་ཕྱི་ཚེས་ ༢༡ ཉིན་ནིའུ་ཛི་ལེནྚ་ས་གནས་བོད་རིགས་མང་ཚོགས་དང་མཇལ་འཕྲད་གནང་རྒྱུ་ཡིན་པ་རེད། 

འབྲེལ་ཡོད་གསར་གནས།

Sunday 19/05/2024

Saturday 18/05/2024

Friday 17/05/2024

གསར་གནས།