Tibetan Royal Year of 2151 | Year of the Wood Dragon

༸དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གི་ཆོས་ཐོག་དགེ་བཤེས་དང་སྔགས་རམས་དགེ་བཤེས་རྣམས་ལ་བཀའ་སློབ་སྩལ་བ།

Tibetan News Headlines

  • Dalai Lama honored with PV Narasimha Rao Memorial Award
  • Xi Jinping appoints senior diplomat Xu Feihong as China’s new envoy to India
  • US revokes licences for supply of chips to China’s Huawei
  • China’s Xi Arrives in Serbia to Bolster Ties With Europe’s East
  • Kyirong Jowo welcomed into the Main Temple in Dharamshala for public viewing and worship

རེས་གཟའ་ལྷག་པ། ༢༠༢༤།༠༥།༠༨

  • ༸གོང་ས་མཆོག་ལ་ Narasimha Rao རྗེས་དྲན་གྱི་ཞེ་བདེའི་གཟེངས་རྟགས་འབུལ་བཞེས་མཛད་པ།
  • Xu Feihong རྒྱ་གར་བཅའ་སྡོད་རྒྱ་ནག་གཞུང་ཚབ་པ་གསར་པར་བསྐོ་གཞག
  • ཨ་རིས་རྒྱ་ནག་ཧྭའོ་ཝེ་བཟོ་ལས་ཁང་ལ་ཁ་པར་བཟོ་སྐྲུན་སོགས་ཀྱི་ནང་བཀོལ་སྤྱོད་བྱེད་པའི་ Chip མཁོ་སྤྲོད་ཀྱི་ཆོག་མཆན་ཕྱིར་
  • ཞི་ཅིན་ཕིང་གི་ཡོ་རོབ་སྐོར་བསྐྱོད་ཁྲོད་རྒྱ་ནག་དང་མཐུན་ཕྱོགས་རྒྱལ་ཁབ་ Serbia ནང་དུ་འབྱོར་བ།
  • སྐྱིད་གྲོང་ཇོ་བོ་ཝ་ཏི་བཟང་པོའི་རྟེན་ངོ་སྤྲོད།

ཕྱི་ཟླ་ ༡༡ ཚེས་ ༡༧ སྟེ་རེས་གཟའ་པ་སངས་ཉིན་གྱི་སྔ་དྲོ་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་༸དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་དུ་ཆོས་ཐོག་འགྲིམ་བཞིན་པའི་དགེ་བཤེས་དང་སྔགས་རམས་དགེ་བཤེས་བཅས་ཁྱོན་དགེ་བཤེས་ཞལ་གྲངས་ ༧༥ ལ་དམིགས་བསལ་མཇལ་ཁ་སྩལ་སྐབས་དགེ་འདུན་པ་ཚོས་ཐེག་པ་ཆེན་པོའི་གསང་སྔགས་ཀྱི་ལམ་བསྐྱེད་པའི་རིམ་པ་དང་རྫོགས་པའི་རིམ་པར་ཉམས་ལེན་གཙོ་བོ་གནང་དགོས་པར་ལམ་སྟོན་མཛད་འདུག

སྐབས་དེར་མགོན་པོ་༸གང་ཉིད་མཆོག་གིས་ཐོག་མར་ཁྱེད་རང་ཚོ་༸དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་ནས་ཕེབས་པ་རེད། ད་སྔ་༸རྒྱལ་བའི་ཡོངས་འཛིན་རྣམ་པ་གཉིས་ཀ་༸དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་ནས་ཕེབས་པ་ལྟར་ཡོངས་འཛིན་སྐུ་བགྲེས་པ་གླིང་རིན་པོ་ཆེ་མཆོག་༸དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གི་མཁན་པོ་མཛད་མྱོང་ཡོད་སྐོར་བཀའ་སྩལ་བ་དང་འབྲེལ་ཏེ། དགེ་འདུན་པ་ཚོས་ཕྱག་ལེན་དངོས་ཀྱི་ནང་ལ་ཐེག་པ་ཆེན་པོ་གསང་བ་སྔགས་ཀྱི་འབྲས་བུ་ནང་གི་ཐེག་པའི་ལམ་བསྐྱེད་རིམ་དང་རྫོགས་རིམ་གཉིས་ལ་ཉམས་ལེན་གཙོ་བོ་གནང་དགོས་ཞེས་ལམ་སྟོན་བཀའ་དྲིན་ཆེ་བ་མཛད་འདུག 

དེ་བཞིན་༸གོང་ས་མཆོག་གིས་ཀྱང་ཕྱི་རུ་ཉན་ཐོས་སྤྱོད་པས་ཞི་ཞིང་དུལ་བ་དང་ནང་དུ་རིམ་གཉིས་ཀྱི་རྣལ་འབྱོར་གདེང་དང་ལྡན་ཞིང་། མདོ་སྔགས་ལམ་བཟང་འགལ་མེད་གྲོགས་སུ་འཁྱེར་བའི་ཐོག་ནས་འཇམ་མགོན་བླ་མ་རྗེ་ཙོང་པ་བློ་བཟང་གྲགས་པའི་བསྟན་པ་རྒྱས་པར་ཐུགས་བསྐྱེད་ཆེན་པོ་མཛད་བཞིན་ཡོད་པ་སོགས་བཀའ་སྩལ་འདུག་པ་དང་ཆབས་ཅིག དགེ་འདུན་པ་དེ་དག་ལ་མགོན་པོ་༸གང་ཉིད་མཆོག་གིས་ཉམས་བཞེས་ཇི་ལྟར་མཛད་དོན་བཞིན་དེ་ལྟར་ཉམས་བཞེས་གང་ཐུབ་གནང་དགོས་ཞེས་ལམ་སྟོན་བཀའ་དྲིན་ཆེ་བ་སྩལ་འདུག

འབྲེལ་ཡོད་གསར་གནས།

གསར་གནས།