Tibetan Royal Year of 2151 | Year of the Wood Dragon

ྋསྐྱབས་རྗེ་བླ་མ་བཟོད་པ་རིན་པོ་ཆེ་མཆོག་ཐུགས་དམ་ལ་བཞུགས་མུས་ཡིན་པ།

Tibetan News Headlines

  • French president urged to put human rights, Tibet at heart of Xi Jinping talks
  • Tibetan media marks World Press Freedom Day with call for access to Tibet
  • Dalai Lama grants audience to devotees from Nepal’s Tsum and Nubri 
  • A Tibetan monks mission to help the blind see lights in a remote Himalayan village: Feature
  • Tibet to provide financial aid to Nepal’s northern border districts for five years

རེས་གཟའ་པ་སངས། ༢༠༢༤།༠༥།༠༣

  • ཧྥ་རན་སི་དང་རྒྱ་ནག་གི་སྲིད་འཛིན་གྲོས་མོལ་སྐབས་བོད་ཀྱི་གནད་དོན་གཙོ་གྲས་སུ་གླེང་དགོས་པའི་ནན་སྐུལ།
  • འཛམ་གླིང་གསར་འགོད་རང་དབང་གི་ཉིན་མོ་སྲུང་བརྩི།
  • ༸གོང་ས་མཆོག་གིས་བཙུམ་དང་ནུབ་རིའི་དད་ལྡན་པ་ཁག་གཅིག་ལ་མཇལ་ཁ་བསྩལ་བ།
  • བོད་རང་སྐྱོང་ལྗོངས་ཟེར་བས་ལོ་ལྔའི་རིང་བྱང་བལ་ཡུལ་ས་མཚམས་ཁུལ་དུ་དཔལ་འབྱོར་རོགས་རམ་སྤྲོད་འཆར།

ཁ་སང་ཕྱི་ཟླ་ ༤ ཚེས་ ༡༣ ཉིན་ྋསྐྱབས་རྗེ་བླ་མ་བཟོད་པ་རིན་པོ་ཆེ་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་ཡོད་པ་དང་ད་ལྟའི་ཆར་རིན་པོ་ཆེ་མཆོག་ཐུགས་དམ་ལ་བཞུགས་མུས་ཡིན་པ་རེད། 

ཁ་སང་ྋསྐྱབས་རྗེ་བླ་མ་བཟོད་པ་རིན་པོ་ཆེ་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་མ་ཐག་རིན་པོ་ཆེ་མཆོག་གི་ཐེག་ཆེན་འཛིན་སྐྱོང་ཚོགས་པས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྙན་སེང་ཞུས་པ་དང་སྦྲགས། ཡང་སྲིད་རིན་པོ་ཆེ་མྱུར་བྱོན་གྱི་གསོལ་འདེབས་སྐྱབས་འཇུག་ཞུས་འདུག་ལ། རིན་པོ་ཆེ་མཆོག་དགོངས་པ་གཞན་དོན་དུ་མ་གཤེགས་གོང་ནས་སྔོན་སྒྲིག་ལྟར་རིང་མིན་ཕྱི་ཟླ་ ༥ ཚེས་ ༢༤ ཉིན་བཞུགས་སྒར་དྷརྨ་སཱ་ལཱའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་གཏན་ཁེལ་བ་བཞིན་དེ་འབྲེལ་གནང་སྒོ་ཁག་འཐུས་ཚང་ཞུས་ཏེ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་རེད་འདུག

རླུང་འཕྲིན་ཁང་གིས་༸དཔལ་འོག་མིན་བྱང་ཆུབ་ཆོས་གླིང་ངམ་ཀོ་པན་དགོན་པའི་སློབ་སྤྱི་དགེ་བཤེས་ཐུབ་བསྟན་ཤེས་རབ་ལགས་སུ་ྋསྐྱབས་རྗེ་བླ་མ་བཟོད་པ་རིན་པོ་ཆེ་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་པ་དང་འབྲེལ་བའི་བཅར་འདྲི་ཞུས་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།