Tibetan Royal Year of 2151 | Year of the Wood Dragon

རྒྱལ་ཚོགས་ཀྱིས་རྒྱ་ནག་ཐོག་དུས་བཀག་བསྐྱར་ཞིབ་འཚོགས་འཆར་དང་བསྟུན་སྙན་ཐོ་གསུམ་འགོད་འབུལ།

Tibetan News Headlines

  • Tibetan delegation embark on an official visit to Taiwan
  • Sikyong Penpa Tsering begins final leg of his Europe visit to France
  • Chinese undercover agent breaks silence on espionage operations, including information gathering on Tibetans
  • UK Religious Freedom Envoy hears testimonies about threat to freedom of religion and belief from Tibetans and other minorities
  • Tibetan student topper dedicates accomplishment to the Dalai Lama as he reaches 90
  • 29th Gyalyum Chenmo in begins in Hunsur with the host beating Odisha Phuntsokling 2-0

རེས་གཟའ་ཕུར་བུ། ༢༠༢༤།༠༥།༡༦

  • བོད་མིའི་སྐུ་ཚབ་ཁག་གཅིག་ཐེ་ཝན་ནང་གཞུང་འབྲེལ་ཕྱོགས་བསྐྱོད་གནང་བཞིན་པ།
  • སྲིད་སྐྱོང་མཆོག་ཧྥ་རན་སིར་ཉིན་གསུམ་རིང་ཕྱོགས་ཕེབས་གནང་བཞིན་པ།
  • རྒྱ་རིགས་སོ་མྱུལ་བ་ཞིག་གིས་རྒྱ་ནག་གཞུང་གིས་ཨོ་གླིང་གཙོས་རྒྱལ་སྤྱིའི་ཁྲོད་སྤེལ་བཞིན་པའི་བྱ་སྤྱོད་ཐེར་འདོན།
  • དབྱིན་ཡུལ་ནང་དུ་ཆོས་དད་རང་དབང་ཐོག་གྲོས་བསྡུར་ལས་རིམ་ཞིག་འཚོགས་གནང་འདུག
  • རྒྱལ་ཡོངས་ཡིག་རྒྱུགས་ནང་བརྒྱ་ཆ་ ༩༥.༢ སོན་པ་དེ་འདི་ལོར་༸གོང་ས་མཆོག་དགུང་གྲངས་ ༩༠ བདག་གིས་བཞེས་པར་ཕྱག་རྟགས་ཡིན།
  • རྒྱལ་ཡུམ་ཆེན་མོའི་དྲན་རྟེན་རྐང་རྩེད་སྤོ་ལོའི་རྕེད་འགྲན་ཐེངས་ ༢༩  དབུ་འཛུགས།

ཕྱི་ལོ་ ༢༠༢༤ འགོ་སྟོད་དུ་སུད་སི་ཇི་ནི་ཝར་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་རྒྱ་ནག་ཐོག་དུས་བཀག་བསྐྱར་ཞིབ་ཐེངས་བཞི་པ་འཚོགས་འཆར་ཡོད་པ་དང་བསྟུན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་མཐུན་ཚོགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དང་འབྲེལ་བའི་སྙན་ཐོ་གསུམ་འགོད་འབུལ་གནང་འདུག

ཁ་སང་ཕྱི་ཚེས་ ༡༨ ཉིན་ International Federation for Human Rights ཞེས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་མཐུན་ཚོགས་ཀྱིས་གནས་ཚུལ་སྤེལ་བའི་ནང་། ཕྱི་ལོ་ ༢༠༢༤ འགོ་སྟོད་དུ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ནས་རྒྱ་ནག་ཐོག་དུས་བཀག་བསྐྱར་ཞིབ་ཐེངས་བཞི་པ་འཚོགས་འཆར་དང་བསྟུན་མཐུན་ཚོགས་ཀྱིས་ཨ་རིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་ཅིག་མཉམ་སྦྲེལ་ཐོག་རྒྱ་ནག་གིས་བོད་གཙོས་ཀོམ་བྷོ་ཌི་ཡ་དང་བྱང་ཀོ་རི་ཡའི་སྐྱབས་བཅོལ་བར་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱི་གདན་དོན་ཐེར་འདོན་ཐོག་སྙན་ཐོ་ཁག་གསུམ་འགོད་འབུལ་གནང་འདུག

རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་མཐུན་ཚོགས་ཀྱིས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་མཉམ་སྦྲེལ་ཐོག་འགོད་འབུལ་གནང་བའི་སྙན་ཐོར་རྒྱ་གཞུང་གིས་རྒྱ་ནག་གཅིག་གི་འདུ་ཤེས་འོག་བོད་རྒྱ་བསྒྱུར་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད་པ་དང་བོད་མི་འབྲོག་པ་རྣམས་བཙན་གྱིས་གནས་སྤོས་པ། བོད་ཀྱི་ངོ་བོར་ཉེན་ཚབས་ཆེ་བའི་རྒྱ་གཞུང་གིས་ཆེད་འཛུགས་གཏན་འཇགས་བཅའ་སྡོད་སློབ་གྲྭ བཙན་དབང་གིས་ངལ་རྩོལ་བསྒྱུར་བཀོད། ཆོས་དད་རང་མོས་ལ་དམ་བསྒྲགས། བོད་ཀྱི་སྐད་ཡིག་མྱུར་ཚད་མཐོ་པོས་རྩ་མེད་བཟོ་བཞིན་པ། དེ་བཞིན་བོད་མིར་བཙན་ཤེད་ཀྱིས་དོ་དམ་བྱས་པར་མ་ཟད། མནར་གཅོད་སོགས་ཀྱི་གནད་དོན་མངོན་གསལ་གནང་འདུག

ལྷག་པར་སྙན་ཐོའི་མཐའ་མཇུག་ཏུ་བོད་ནང་དེ་ལྟ་བུའི་གནས་སྟངས་ཡོད་པར་བརྟེན་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་གཙོ་འཛིན་མཆོག་གིས་གཙོས་པའི་རྒྱལ་ཚོགས་ཀྱི་དམིགས་བསལ་གནད་ཡོད་སྐུ་ཚབ། ཕྱི་ཕྱོགས་ཀྱི་གསར་འགོད་པ་དང་རང་དབང་ཅན་གྱི་དངོས་གནས་རྟོག་ཞིབ་པ་སོགས་བོད་ནང་བཀའ་སྡོམ་མེད་པར་འཕྲལ་དུ་འགྲོ་སྐྱོད་ཆོག་པ་དང་། ཆ་རྐྱེན་གང་ཡང་མེད་པར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་ལྷན་དུ་གྲོས་མོལ་བསྐྱར་གསོ་བརྒྱུད་བོད་རྒྱའི་དཀའ་རྙོག་སེལ་དགོས་པའི་དགོས་འདུན་བཏོན་འདུག

དེ་བཞིན་སྙན་ཐོ་ནང་ཀོམ་བྷོ་ཌི་ཡ་དང་ཅི་ལི། གྷི་ནི། པེ་རུ་བཅས་ཀྱི་ནང་དུ་རྒྱ་གཞུང་གིས་ཚོང་དང་འཛུགས་སྐྲུན་གྱི་ལས་གཞི་རྒྱ་ཆེར་སྤེལ་ཏེ་ཁུལ་དེ་དག་ཏུ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དང་ཁོར་ཡུག་ལ་གནོད་ཚབས་ཆེ་བའི་གནད་དོན་འབྱུང་བཞིན་ཡོད་པར་མ་ཟད། བྱང་ཀོ་རི་ཡ་ནས་རྒྱ་ནག་ནང་བྲོས་བྱོལ་དུ་ཡོང་མཁན་རྣམས་ལ་སུན་གཙེར་དང་འཛིན་བཟུང་། དེ་བཞིན་བྱང་ཀོ་རི་ཡར་བཙན་ལོག་བྱེད་ཀྱི་ཡོད་པ་སོགས་ཐེར་འདོན་གནང་འདུག

 གཞི་རྩའི་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ནང་རྒྱ་ནག་ཐོག་དུས་བཀའ་བསྐྱར་ཞིབ་རིམ་པའི་ཁྲོད་རྒྱ་ནག་ལ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱི་གནད་དོན་ཐད་འདྲི་རྩད་ནན་པོ་བྱས་ཡོད་ཀྱང་། རྒྱ་གཞུང་གི་ངོ་ཚབ་རྣམས་ནས་དེ་འབྲེལ་ལན་འདེབས་ཞུ་ཐུབ་ཀྱི་མེད་པ་དང་། ཁ་གསལ་མེད་པ་སོགས་ཀྱི་གནད་དོན་རིམ་པ་བྱུང་ཡོད། ལྷག་པར་འདི་ལོའི་ཕྱི་ཟླ་ ༤ ནང་ཇི་ནི་ཝར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཆེད་ལས་མི་སྣ་ ༢༣ ལས་གྲུབ་པའི་རྒྱལ་ཚོགས་ཀྱི་བུད་མེད་དབྱེ་འབྱེད་འགོག་ཐབས་ཚོགས་ཆུང་གི་ཚོགས་ཐེངས་ ༨༥ སྐབས་ཚོགས་ཆུང་གི་ངོས་ནས་རྒྱ་གཞུང་གིས་ཁས་ལེན་བྱས་པའི་རྒྱལ་ཚོགས་ཀྱི་རྒྱལ་སྤྱིའི་བུད་མེད་དབྱེ་འབྱེད་འགོག་ཐབས་ཀྱི་ཁྲིམས་སྒྲིག་ཁག་ལ་དོན་འཁྱོལ་ལག་བསྟར་བྱེད་ཀྱི་ཡོད་མེད་པ་དང་བོད་གཙོ་བོར་གྱུར་པའི་མངའ་འོག་ས་ཁུལ་ཁག་ཏུ་བེུད་ཀྱི་གནས་སྟངས་སྐོར་འདྲི་རྩད་ནན་པོ་བྱས་ཡོད་ཀྱང་རྒྱ་གཞུང་ནས་དེ་འབྲེལ་ལན་འདེབས་ཁ་གསལ་ཞུ་ཐུབ་མེད་པའི་གནས་སྟངས་བྱུང་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།