Tibetan Royal Year of 2151 | Year of the Wood Dragon

རྒྱ་ནག་གིས་གསང་སྟབས་ཀྱིས་བོད་ནང་ཆུ་མཛོད་ཆེན་པོ་ཞིག་གསར་སྐྲུན་བྱེད་བཞིན་པ་དེ་ནི་འཛམ་གླིང་གི་ལས་གཞི་ཉེན་ཚབས་ཆེ་ཤོས་ཡིན་པར་མངོན་གསལ།

Tibetan News Headlines

  • US religious freedom watchdog warns of sinicization and assimilation of Tibetan religious and cultural identities
  • US sanctions 31 China-based companies over Russia
  • Xi Jinping to meet French President Macron and EU Chief in Paris next week
  • CTA begins house allocation programmes for Tibetans not facilitated in the refugee settlements
  • Dharamshala hosts conference on promotion and preservation of Tibetan language

རེས་གཟའ་ཕུར་བུ། ༢༠༢༤།༠༥།༠༢

  • རྒྱ་གཞུང་གིས་བོད་བརྒྱུད་ནང་བསྟན་ལ་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་མངོན་གསལ་གནང་འདུག
  • ཨ་རིའི་གཞུང་གིས་རྒྱ་ནག་གི་བཟོ་ཚོང་ལས་ཁང་ ༣༡ ལ་སྲིད་དོན་ཉེས་ཆད་བཀལ་བ།
  • ཞི་ཅིང་ཕིང་གིས་ཕ་རན་སིའི་སྲིད་འཛིན་དང་ཡོ་རོབ་མཐུན་ཚོགས་ཀྱི་གཙོ་འཛིན་ཐུག་འཕྲད་བྱ་འཆར།
  • བོད་མི་སྡོད་ཁང་མེད་པ་རྣམས་ལ་རུབ་སྡོད་གཞིས་སྒར་ནང་སྡོད་ཁང་བགོས་འགྲེམས་ཀྱི་ལས་གཞི་དངོས་སུ་དབུ་འཛུགས།
  • བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་དར་འཕེལ་སྐོར་བགྲོ་གླེང་དབུ་འཛུགས།

ས་ཁམས་ཆེད་མཁས་པ་དང་རྩོམ་པ་པོ་རྒྱ་གར་གྱི་རྒྱལ་སྲུང་སློབ་སྟོན་པ་ཟུར་པ་སྐུ་ཞབས་ Brahma Chellaney ལགས་ཀྱིས་རྒྱ་ནག་གིས་འཕགས་བོད་ས་མཚམས་ཀྱི་ཉེ་འཁྲིས་སུ་ཆགས་པའི་བོད་ཀྱི་ཡར་ཀླུངས་གཙང་པོ་རྒྱུད་དུ་གསང་སྟབས་ཀྱིས་འཛམ་གླིང་ནང་གི་ཆུ་མཛོད་ཆེ་ཤོས་ཤིག་གསར་སྐྲུན་བྱེད་བཞིན་ཡོད་པ་དེ་ནི་ཆེས་ཉེན་ཁ་ཆེ་བའི་ལས་གཞི་ཞིག་ཡིན་པར་འགྲེལ་བརྗོད་དང་འབྲེལ། ལས་གཞི་དེའི་རྐྱེན་གྱིས་གཙང་པོའི་སྨད་རྒྱུད་དུ་ཆགས་པའི་རྒྱ་གར་དང་བྷང་ལ་དེ་ཤ་ལ་ཁོར་ཡུག་དང་འབྲེལ་བའི་གོད་ཆག་ཚབས་ཆེན་ཕོག་རྒྱུའི་ཉེན་ཁ་ཡོད་ཅེས་མངོན་གསལ་གནང་འདུག

དེའང་སྐུ་ཞབས་ Brahma Chellaney ལགས་ཀྱིས་ཁ་སང་ཕྱི་ཚེས་ ༡༧ ཉིན་ asia Nikkei གསར་ཁང་ཐོག་དཔྱད་གཏམ་ཞིག་སྤེལ་བའི་ནང་རྒྱ་ནག་གིས་བོད་ནང་དུ་ཆུ་མཛོད་ཀྱི་ལས་གཞི་ཇི་སྙེད་ཅིག་ཡོད་པ་ལས་ཤོང་ཚད་གློག་ཤུགས་Gigawatt ༦༠ ཡོད་པའི་ལས་འཆར་དེ་ནི་ད་ལྟའི་འཛམ་གླིང་གི་གློག་འདོན་ཆུ་མཛོད་ཆེ་ཤོས་ Three Gorges Dam ཞེས་འབྲི་ཆུའི་འགག་གསུམ་གྱི་ཆུ་མཛོད་ལས་གློག་སྒུལ་ཤུགས་ཚད་ལྡབ་གསུམ་གྱིས་ཆེ་བ་ཡོད་པར་འགྲེལ་བརྗོད་དང་འབྲེལ། སྤྱིར་རྒྱ་ནག་རྒྱལ་ཡོངས་མི་མང་འཐུས་མི་ཚོགས་ཆེན་གྱིས་སྔ་ལོའི་ཕྱི་ཟླ་ ༣ པའི་ནང་ལས་གཞི་དེར་ཆོག་མཆན་སྤྲད་ཟིན་ཡོད་ཀྱང་། རྒྱ་གཞུང་གིས་ད་བར་ལས་གཞི་དེའི་སྐོར་བརྒྱུད་ལམ་ཁག་ཏུ་མངོན་གསལ་ཆེ་བའི་འགྲེལ་བརྗོད་རིགས་གང་ཡང་བྱས་མེད་སྐོར་གསུངས་ཏེ། རྒྱ་གཞུང་གིས་རྣམ་ཀུན་ནས་རྒྱལ་སྤྱིའི་ཆུ་རྒྱུན་ཐོག་ཆུ་མཛོད་ཀྱི་ལས་གཞི་ཆེ་གྲས་གཉེར་བཞིན་ཁག་གསང་བ་ཆེན་པོ་བྱེད་ཀྱི་ཡོད་སྐོར་གསུངས་འདུག

ཁོང་གིས་ད་དུང་རྒྱ་ནག་གི་ངོས་ནས་འཕགས་བོད་ས་མཚམས་དང་ཆེས་ཉེ་བའི་ས་ཁུལ་དུ་གསར་རྒྱག་བྱེད་བཞིན་པའི་ཆུ་མཛོད་ཀྱི་ལས་གཞི་དེ་ནི་ས་བབས་ཀྱི་ཆ་ནས་འཛམ་གླིང་ནང་གི་ལས་གཞི་ཉེན་ཁ་ཆེས་ཤོས་ཤིག་ཆགས་ཡོད་པར་མངོན་གསལ་དང་སྦྲགས། སྤྱིར་ཆུ་མཛོད་གསར་རྒྱག་སྐབས་ཆུའི་རྒྱུགས་ཤུགས་ཇི་ཙམ་གྱིས་ཆེ་བ་དེའི་ཚོད་ཀྱིས་གློག་ཤུགས་ལ་ཕན་ཐོགས་ཆེ་བ་ཡོད་པ་དེ་ལྟར་ནའང་། ཆུ་མཛོད་ཀྱི་ལས་གཞི་དེ་ནི་ཉེན་ཚབས་ཆེ་བའི་ལས་གཞི་ལས་མ་འདས་པ་དང་ཆུ་དེར་བརྟེན་པའི་གཤམ་འོག་གི་རྒྱལ་ཁབ་ཚོར་ཉེན་ཁ་ཆེན་པོ་ཆགས་ཡོད་སྐོར་གསུངས་འདུག

ལྷག་པར་དུ་ཁོང་གིས་ཆུ་མཛོད་གསར་རྒྱག་གི་ལས་གཞི་སྤེལ་ཡུལ་བོད་ལྷོ་ཤར་ཁུལ་གྱི་ས་གནས་དེ་དག་ནི་ས་འགུལ་གྱི་ལྟེ་གནས་ཆགས་ཡོད་སྟབས་མི་རྒྱུ་ཟོག་གསུམ་བཅས་པར་ཉེན་ཚབས་ཡོད་ཅེས་གསུངས་པ་དང་ཆབས་ཅིག དེ་སྔ་ཕྱི་ལོ་ ༢༠༠༨ ལོར་ཟི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དུ་ས་འགུལ་བྱུང་ནས་མང་ཚོགས་བརྒྱད་ཁྲི་ལྷག་གི་ཚེ་སྲོག་ཤོར་བའི་གནས་སྟངས་ལུས་འདྲེན་གནང་སྟེ་སྐབས་དེར་རྒྱ་རིགས་དང་ཨ་རིའི་ཚན་རིག་པ་མང་པོས་ས་འགུལ་དེའི་འབྱུང་རྐྱེན་གཙོ་བོ་གཅིག་ནི་ལོ་གཉིས་ཙམ་གོང་ནས་ཁུལ་དེར་ཆུ་མཛོད་གསར་རྒྱག་བྱས་པའི་དབང་གིས་ཡིན་པར་གསུངས་ཡོད་སྐོར་མངོན་གསལ་གནང་འདུག

གལ་ཏེ་གོང་དུ་ཞུས་པའི་ས་བབས་དང་ས་འགུལ་སོགས་ཀྱི་ངལ་བ་གང་ཡང་མེད་ཀྱང་ཆར་ཞོད་ཤིན་ཏུ་ཆེ་བའི་དུས་སྐབས་སུ་ཆུ་དེ་དག་ལ་བརྟེན་པའི་གཤམ་འོག་གི་མང་ཚོགས་རྣམས་ལ་ཉེན་ཁ་ཡོད་པའི་དཔེ་མཚོན་དུ་དེ་སྔ་རྒྱ་ནག་གཞུང་གིས་རྫ་ཆུ་ཐོག་ཏུ་ཆུ་མཛོད་བཅུ་གཅིག་གསར་བསྐྲུན་བྱས་རྐྱེན་སྣོད་བཅུད་ལ་ཤུགས་རྐྱེན་ངན་པ་ཐེབས་ཏེ་ཐན་པ་བསྟན་ནས་གཤམ་འོག་གི་རྒྱལ་ཁབ་དག་ལ་ངལ་བ་ཇི་སྙེད་ཅིག་འཕྲད་ཡོད་ཅེས་གསུངས་འདུག

གཞན་ཡང་ཁོང་གིས་རྒྱ་ནག་གཞུང་གིས་སྔར་ནས་ད་བར་བོད་ནང་དུ་ཆུ་མཛོད་གསར་བསྐྲུན་དང་གཞུང་ལམ། གནམ་ཐང་སོགས་གསར་རྒྱག་གི་ལས་དོན་གང་གཉེར་ཡང་རྒྱལ་སྤྱིའི་ཁྲོད་ནས་མཁྱེན་རྟོགས་མེད་པར་གསང་བའི་ཐོག་ནས་སྤེལ་གྱི་ཡོད་པར་མ་ཟད། དེའང་རྒྱ་ནག་རང་ཉིད་ཀྱི་ཐོག་མའི་འཆར་གཞི་ཇི་ཡོད་ལྟར་གྲ་སྒྲིག་ཆ་ཚང་ཟིན་མཚམས་སུ་རྒྱལ་སྤྱིར་ཡོངས་གྲགས་བྱེད་ཀྱི་ཡོད་པར་སྐྱོན་བརྗོད་གནང་འདུག

ཁོང་གིས་དཔྱད་གཏམ་གྱི་མཐར་མཇུག་ཏུ་རྒྱ་ནག་གིས་བོད་དུ་ཆུ་མཛོད་དང་འབྲེལ་བའི་ལས་གཞི་སྤེལ་བ་དེས་ཁོར་ཡུག་ལ་གནོད་འཚེ་དང་བོད་ཀྱི་ཆུ་བོ་ཁག་ལ་བརྟེན་པའི་བྷང་ལ་དེ་ཤ་ལ་ཉེན་ཚབས་ཆེན་པོ་ཆགས་ཡོད་པ་མ་ཚད་པར་ཐེངས་འདིའི་ཆུ་མཛོད་ཀྱི་ལས་འཆར་དེས་བོད་ཀྱི་གནས་ཆེ་རྒྱུག་ཆུ་འབབ་ཤུར་ལ་ཉེན་ཚབས་ཆགས་ཡོད་པ་སོགས་མངོན་གསལ་གནང་འདུག

འབྲེལ་ཡོད་གསར་གནས།

གསར་གནས།