Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: October, 2014

རེས་གཟའ་ལྷག་པ། ༢༠༡༤།༡༠།༡༥

བོད་ནང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་བཀྲིན་རྗེས་དྲན་ཉིན་མོ་སྲུང་བརྩི་ཞུས་འདུག ནང་སྲིད་བཀའ་བློན་མཆོག་གིས་རྒྱ་གར་གཞུང་འབྲེལ་མཐོ་རིམ་དཔོན་གྲས་ལ་བོད་མིའི་དཀའ་ངལ་སྙན་གསན་ཞུས་འདུག བདམས་ཐོན་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་མཆོག་གིས་ལས་ཁུར་དམ་ཕུལ། ཧོང་ཀོང་ཉེན་རྟོག་པས་དྲག་གནོན་འོག་ཞི་བའི་ལས་འགུལ་བ་༤༥འཛིན་བཟུང། ཨ་རི་ནང་༸གོང་ས་མཆོག་གི་ཆིབས་སྒྱུར་ལ་དགའ་སྟོན་ཞུ་ཆེད་དར་ལྕོག་ཆིག་སྟོང་འཛུགས་རྒྱུའི་གྲ་སྒྲིག རྒྱ་གར་གཞུང་ནས་༸གོང་ས་མཆོག་ལ་ བྷ་རཏ་ར་ཐ་ན་ གཟེངས་རྟགས་མ་ཕུལ་བར་སྐྱོན་བརྗོད། ༸གོང་ས་མཆོག་གི་བཀའ་སློབ་ཅེས་པའི་དམིགས་བསལ་ལེ་ཚན་ནང། ༸གང་ཉིད་ཀྱིས་ལ་དྭགས་མཚན་ཉིད་སློབ་གྲྭར་བསྩལ་བའི་བཀའ་སློབ་སྔ་མའི་འཕྲོ། Wednesday 15/10/2014 Prayer for Tulku Tenzin Delek in Golog, local authorities concerned over implication of Tulku's imprisonment Home Kalon meets top Indian dignitaries New Tibetan Chief Justice sworn in today Over 45 arrested in Hong Kong protest, Tibetans hold solidarity actions 1000 flags for Dalai Lama's visit Not honoring Dalai Lama for fear of China is a matter of Shame: Prominent Indian Diplomat FEATURE: Dalai Lama’s speech at Ladakh Buddhist Dialectic School ཉན་པ།:  Listen ཕབ་ལེན།  Download Right click "ཕབ་ལེན།" and choose "Save Link As"

རེས་གཟའ་མིག་དམར། ༢༠༡༤།༡༠།༡༤

ཁེ་ན་ཌའི་སྲིད་བློན་མཆོག་རིང་མིན་རྒྱ་ནག་ནང་འཚམས་གཟིགས་ལ་ཕེབས་སྐབས་བོད་རྒྱ་ཞི་མོལ་ཡོང་སླད་གནོན་ཤུགས་སྤྲོད་རྒྱུའི་གོ་སྐབས་ཡོད་སྐོར་གསུངས་འདུག ཧུཌ་ཧུཌ་ རླུང་འཚུབ་དྲག་པོས་བོད་མིའི་ཁྲོམ་ས་ ༩༠ གཏོར་སྐྱོན་བཏང་འདུག སྲིད་སྐྱོང་མཆོག་གིས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་གཉིས་ལ་འཚམས་འདྲི་གནང་བ། ཕྱི་དྲིལ་བཀའ་བློན་མཆོག་གིས་ཨ་རིའི་མཐོ་སློབ་ཀྱི་སློབ་མ་ཁག་ཅིག་ལ་དབུ་མའི་ལམ་གྱི་སྐོར་ངོ་སྤྲོད་གནང་འདུག པོཊ་ལེནཊ་ནང་དུ་བོད་ཀྱི་གསོ་རིག་དང་ཕྱི་ལུགས་སྨན་པའི་བགྲོ་གླེང་ལྷན་ཚོགས་ཞིག་འཚོགས་འཆར། དམིགས་བསལ་ལས་ཚན། བཙན་བྱོལ་ནང་གི་གཞས་མ་པ་སངས་ལྷ་མོ་ལགས་ཀྱིས་བླངས་པའི་ཨ་མ་ཞེས་པའི་གླུ་གཞས། Tuesday 14/10/2014 Canadian PM has the opportunity to press China on Sino-Tibet talks during upcoming visit: Former Advisor Cyclone Hudhud brings down Tibetan stalls in Tatanagar Sikyong congratulates 2014 Nobel Peace Prize winners DIIR Kalon speaks to US International Students NWTA Portland to host Panel discussion on East and West Medicine MUSIC FEATURE: Ama by Pasang Lhamo ཉན་པ།:  Listen ཕབ་ལེན།  Download Right click "ཕབ་ལེན།" and choose "Save Link As"

རེས་གཟའ་ཟླ་བ། ༢༠༡༤།༡༠།༡༣

ཕ་རན་སི་ནང་རྒྱལ་སྤྱིའི་རང་དབང་གོམ་བགྲོད་ལས་འགུལ་ཐེངས་བདུན་པ་གནང་འདུག སྲིད་སྐྱོང་མཆོག་གིས་ཅེཀ་སྲིད་འཛིན་ཟུར་པ་སྐུ་ཞབས་ཝཀ་ལཝ་ཧ་ཝེལ་ནི་བཟང་སྤྱོད་ཀྱི་སྲུང་དམག་ལྟ་བུ་ཡིན་པའི་འགྲེལ་བརྗོད་གནང་བ། ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་དང་རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་ལེའུ་ཞོའོ་གློད་གྲོལ་དགོས་པའི ཞུ་སྙན་ཕུལ་བ། ཕྱི་དྲིལ་འགྲེམས་སྟོན་ཚན་པས་རཇཱ་པུར་བོད་ཁྱིམ་སློབ་གྲྭའི་ནང་པར་རིས་འགྲེམས་སྟོན་གནང་འདུག བོད་མི་ཆབ་སྲིད་བཙོན་ཟུར་ཞིག་མནར་གཅོད་འོག་དབང་པོ་སྐྱོན་ཅན་བཏང་འདུག དམིགས་བསལ་ལེ་ཚན། བོད་དང་མན་ཇུ་རྒྱལ་རབས་ཀྱི་འབྲེལ་བའི་སྐོར། Monday 13/10/2014 Tibet at 7th International March for Freedom Vaclav Havel is a moral warrior: Sikyong at Forum 2000 Nobel laureates, rights groups call for Liu Xiaobo’s release Photo Exhibition marking Year of His Holiness the Dalai Lama kicked off in Rajpur Tibetan suffering from impaired vision due to torture in prison, 2 serving life sentence Feature: Tibet and Manchu Dynasty ཉན་པ།:  Listen ཕབ་ལེན།  Download Right click "ཕབ་ལེན།" and choose "Save Link As"

རེས་གཟའ་ཉི་མ། ༢༠༡༤།༡༠།༡༢

བདུན་གཅིག་གི་གལ་ཆེའི་གསར་འགྱུར་བསྐྱར་ཞིབ། བོད་ཡིག་གི་ཡིག་གཟུགས་སྒྱུ་རྩལ་སྐོར། Sunday 12/10/2014 Week Review Special program with Tibetan calligraphist Jamyang Dorji ཉན་པ།:  Listen ཕབ་ལེན།  Download Right click "ཕབ་ལེན།" and choose "Save Link As"

རེས་གཟའ་སྤེན་པ། ༢༠༡༤།༡༠།༡༡

༸གོང་ས་མཆོག་གིས་ནོ་བེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་གཉིས་ལ་འཚམས་འདྲི་གནང་བ། ཁམས་སེར་ཤུལ་རྫོང་གི་ས་གནས་བོད་མིར་དྲི་རྩད་བྱེད་རྒྱུ་གློ་བུར་དུ་མཇུག་སྒྲིལ་བྱས་འདུག ཧོང་ཀོང་གཞུང་གིས་གྲོས་མོལ་ནས་ཕྱིར་འཐེན་བྱས་རྐྱེན་སློབ་ཕྲུག་གི་ལས་འགུལ་སླར་ཡང་འགོ་བཙུགས། རྩོམ་པ་པོ་ལྷ་སངས་ཚེ་རིང་ལགས་ཀྱི་སྙན་ངག་དཔེ་དེབ་གསར་པ་དབུ་འབྱེད། རྒྱ་ནག་མང་གཙོ་འགྱུར་ཐབས་སུ་བོད་དོན་དཀའ་རྙོག་སེལ་རྒྱུ་གལ་ཆེ་ཡིན་པའི་དཔྱད་བརྗོད། དམིགས་བསལ་གསུང་ཆོས་ལེ་ཚན། ༸གོང་ས་མཆོག་གིས་བཞུགས་སྒར་དུ་སྨན་བླའི་རྗེས་གནང་སྐབས་སྩལ་བའི་ནང་ཆོས་ངོ་སྤྲོད་སྔ་མའི་འཕྲོ། Saturday 11/10/2014 Dalai Lama congratulates 2014 Noble Peace Prize winners China abruptly stops house to house questioning in Sershul County Hong Kong protesters rally anew as government quits talks Book Release: Random by Lhasang Tsering Qin Weiping: ‘The Tibet Issue and the Chinese Transition to Democracy’ FEATURE: Introduction to Buddhism by Dalai Lama ཉན་པ།:  Listen ཕབ་ལེན།  Download Right click "ཕབ་ལེན།" and choose "Save Link As"

རེས་གཟའ་པ་སངས། ༢༠༡༤།༡༠།༡༠

ཨ་རིའི་གཞུང་གི་རྒྱ་ནག་རྟོགས་ཞིབ་སྙན་ཐོའི་ནང་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཇེ་སྡུག་ཏུ་ཕྱིན་ཡོད་པ་གསལ་བ། སི་པེན་ཁྲིམས་ཁང་ལ་སླར་ཡང་རྒྱ་ནག་གི་དཔོན་རིགས་ཟུར་པའི་ཁ་མཆུ་ཞུ་གཏུག་གནང་རྒྱུ། བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་ཀྱིས་ཨ་རིའི་ནང་རང་བཙན་གྱི་བགྲོ་གླེང་ཞིག་གོ་སྒྲིག་གནང་འཆར། རྒྱ་གར་བོད་དོན་རྒྱབ་སྐྱོར་བ་ཁག་ཅིག་ནས་སྦག་སྦག་སྐོར་བསྐྱོད་བརྒྱུད་བོད་དོན་དྲིལ་བསྒྲགས་གནང་བ། བྱེས་ཀྱི་སེ་ར་དགོན་པར་ཚོགས་པའི་བོད་བསྟན་སྲིད་མི་རིགས་ཆེད་ཀྱི་སངས་རྒྱས་སྨན་བླའི་སྒྲུབ་མཆོད་མཇུག་སྒྲིལ་གནང་བ། བཀའ་ཟུར་རྗེ་བཙུན་པདྨ་ལགས་སུ་རྣམ་དཔྱོད་ལྡན་པའི་བེུད་ཀྱི་གཟེངས་རྟགས་ཕུལ་འདུག Friday 10/10/2014 CECC 2014 report highlights worsening human rights conditions in China Tibet supporters to reopen ‘genocide’ case against former Chinese leaders in Spain court TNC to hold discussion on the 100th anniversary of the declaration of Tibetan Independence Indian Tibet supporters hold bike rally from Wardha to Nagpur Mass prayer for Tibet concludes at Sera Jey Monastery in south India Women of Wisdom award given to Ama Jetsun Pema ཉན་པ།:  Listen ཕབ་ལེན།  Download Right click "ཕབ་ལེན།" and choose "Save Link As"

རེས་གཟའ་ཕུར་བུ། ༢༠༡༤།༡༠།༠༩

༸གོང་ས་མཆོག་ནས་དབུ་མ་རྩ་བ་ཤེས་རབ་ཀྱི་ཆོས་འབྲེལ་མཇུག་སྒྲིལ་དང་། སེམས་བསྐྱེད་ཀྱི་སྡོམ་པ་བསྩལ་བ། རྒྱ་ནག་གཞུང་གིས་༸གོང་ས་མཆོག་བོད་ལ་ཕྱིར་ལོག་གནང་སྐོར་གྱི་གླེང་མོལ་གང་ཡང་མེད་སྐོར་བརྗོད་པ། བོད་དོན་གླེང་སློང་བརྒྱུད་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་རྩོད་རྙོག་མཛའ་འབྲེལ་ཐོག་ནས་སེལ་དགོས་གསུངས་པ། དཀར་མཛེས་སུ་གློག་ཁང་གསར་རྒྱག་གི་ལས་གཞིས་སྐྱེ་དངོས་ཁོར་ཡུག་ལ་བརྡབ་གསིག་ཆེན་པོ་ཕོགས་ཉེན། རྒྱ་གཞུང་གིས་བོད་ནང་རང་འདོད་ཁོ་ན་བྱེད་བཞིན་པའི་མཇུག་འབྲས་འགན་ཚང་མ་རྒྱ་ནག་གི་འགོ་ཁྲིད་ཚོས་འཁྱེར་དགོས་རེད་གསུངས་འདུག ཧོང་ཀོང་གཞུང་དང་སློབ་ཕྲུག་ཚོགས་པའི་དབར་གྱི་གྲོས་མོལ་ཐེངས་དང་པོ་སང་ཉིན་འཚོགས་རྒྱུ། སྦེལ་ཇམ་བོད་རིགས་ཚོགས་པས་ར་ཝང་ལ་གཞིས་ཆགས་དང་སྤུན་སྲིང་གཞིས་ཆགས་ཀྱི་རོགས་འབྲེལ་བཙུགས་པ། ཕྱི་དྲིལ་འགྲེམས་སྟོན་ཚན་པས་དྷེ་ར་དུན་ཁུལ་དུ་༸རྒྱལ་བའི་བཀའ་དྲིན་རྗེས་དྲན་གྱི་པར་རིས་འགྲེམས་སྟོན་ཞུ་འཆར། Thursday 09/10/2014 Dalai Lama concludes religious teaching for Taiwanese devotees Beijing dismisses possibility of Dalai Lama return to Tibet Chinese authorities should bear responsibility of their selfish action in Tibet: TPiE Tibet issue should be raised in China Tibet talks: Sikyong Belgium Tibetan community adopts Ravangla Tibetan settlement Photo exhibitions on Year of His Holiness the Dalai Lama ཉན་པ།:  Listen ཕབ་ལེན།  Download Right click "ཕབ་ལེན།" and choose "Save Link As"

རེས་གཟའ་ལྷག་པ། ༢༠༡༤།༡༠།༠༨

སེར་བྱེས་ཀེའུ་ཚང་རིན་པོ་ཆེ་མཆོག་ནས་༸གོང་ས་མཆོག་ལ་བརྟན་བཞུགས་ཕུལ་གནང་བ། རྒྱ་གཞུང་གིས་དབྱེ་བས་བོད་རང་སྐྱོངས་ལྗོངས་ཀྱི་དྲག་ཆས་དམག་མིའི་འགོ་གཙོའི་གོ་གནས་སྤར་འདུག འབྲི་རུ་རྫོང་གསར་བཞེངས་ལྷ་ཁང་དང་མཆོད་རྟེན་རྣམས་མེད་པ་བཟོ་དགོས་པའི་བཙན་བཀའ། སྲིད་སྐྱོང་མཆོག་ཀ་སྦུག་གཏན་སློབ་ལོ་༥༠འཁོར་བའི་དུས་དྲན་ཐོག་ལྷན་ཞུགས་དང་། ཀརྨ་པ་རིན་པོ་ཆེ་མཆོག་གི་གསུངས་འཕྲིན། བོད་མི་ཚོར་རང་ཉིད་ཀྱི་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་བྱ་རྒྱུའི་རང་དབང་སྤྲོད་དགོས་པའི་གྲོས་ཆོད་བཞག་པ། དམིགས་བསལ་ལེ་ཚན། ༢༠༠༥ལོར་ལྕམ་ཝེ་གར་ལགས་སུ་བྱམས་བརྩེའི་ཨ་མ་ཞེས་པའི་བྱ་དགའ་གསོལ་བསྩལ་སྐབས་ཀྱི་བཀའ་སློབ། Wednesday 08/10/2014 Kewtsang Rinpoche offers 'Tenshug' to Dalai Lama Tibet Armed Police commissar’s political status upgraded China orders destruction of newly built religious monuments in Driru, Tibet Sikyong graces 50th anniversary of CST Kalimpong, Karmapa sends greetings PEN International passes resolution calling for protection of Tibetan language FEATURE: Dalai Lama’s speech during conferment of Mother of Compassion award to late ‘Ama Wager’ in 2005 ཉན་པ།:  Listen ཕབ་ལེན།  Download Right click "ཕབ་ལེན།" and choose "Save Link As"

Latest news