Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: February, 2015

རེས་གཟའ་པ་སངས་ཀྱི་གསར་འགྱུར་འགོ་བརྗོད་ཁག ༢༠༡༥།༠༢།༠༦

ཨ་རིའི་སྲིད་འཛིན་མཆོག་ནས་རྒྱལ་ཡོངས་སྨོན་ལམ་མཛད་སྒོའི་ཐོག་༸གོང་ས་མཆོག་ལ་ཆེ་བསྟོད་ཞུས་འདུག དེ་རིང་སྔ་ཐོག་༸གོང་ས་མཆོག་སུད་སི་ནང་དུ་༸ཞབས་སོར་བདེ་བར་འཁོད་འདུག སྟོད་མངའ་རིའི་སྒེར་རྩེ་རྫོང་དུ་ས་ཡོམས་ཀྱི་གོད་ཆགས་བྱུང་བ། བྱེས་ཀྱི་བྱང་རྩེ་གྲྭ་ཚང་དུ་ནང་ཆོས་དང་ཚན་རིག་སྐོར་བགྲོ་གླེང་ཚོགས་འདུག ལྷ་སར་དམ་དྲག་ཡོད་པའི་གནས་ཚུལ། གངས་ལྗོངས་འགྲིམ་འགྲུལ་ལས་ཁང་གི་ཟླ་བ་རིན་ཆེན་ལགས་ཀྱིས་འདོན་སྤེལ་གནང་བའི་ཕྱག་དེབ་གསར་པའི་སྐོར་བཅར་འདྲི། Friday 06/02/2015 Obama lauds Dalai Lama, calls him ‘good friend’ and ‘powerful example of compassion’ Dalai Lama arrives in Basel, Switzerland Many Tibetans rendered homeless as quake hit Gertse county in Tibet Panel Discussion on Buddhism and Science at Gaden Jangtse monastery Taiwanese tourist reveals China’s increasing restriction in Lhasa DIASPORA FEATURE: Interview on new book by Dawa Rinchen, owner of TTT ཉན་པ།: Listen ཕབ་ལེན། Download

རེས་གཟའ་ཕུར་བུའི་གསར་འགྱུར་འགོ་བརྗོད་ཁག ༢༠༡༥།༠༢།༠༥

༸གོང་ས་མཆོག་གིས་ཨ་རིའི་རྒྱལ་ཡོངས་སྨོན་ལམ་གསོལ་སྟོན་ཐོག་གདན་ཞུ་ཕུལ་བའི་སྐུ་མགྲོན་དང་མཇལ་མོལ་གནང་འདུག འཛམ་གླིང་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་མཁན་ལ་ཁ་གཏད་གཅོག་རྒྱུའི་ཁྲིམས་གཞི་བཏོན་གནང་འདུག ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱི་སྐུ་ཚབ་ཁག་ཅིག་ལ་བོད་དོན་ཞུ་གཏུགས་གནང་བ། རྒྱ་གཞུང་གིས་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་གནད་འགག་ཚོར་ཐུབ་ཀྱི་མེད་པ་གསུངས་འདུག སྲིད་སྐྱོང་མཆོག་དང་སྤྱི་འཐུས་ཚོགས་གཙོ་མཆོག་ནས་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་འདུག འཕྲོད་བསྟེན་ཤེས་བྱ་ངོ་སྤྲོད་ཅེས་པའི་ལེ་ཚན་ནང། བོད་ལུགས་དཔྱད་བཅོས་སྐོར་སྔ་མའི་འཕྲོ་ནས། Thursday 05/02/2015 Dalai Lama addresses international luncheon held in conjunction with the National Prayer Breakfast Groundbreaking legislation to fight impunity introduced to US Congress Chinese-Tibetan panel discussion on Tibet issue held in Sydney Tibetan activists engage in second Tibet Lobby at US Congress Sikyong and TPiE Speaker on official tour HEALTH FEATURE: Mild therapy procedures in Tibetan medicine ཉན་པ།: Listen ཕབ་ལེན། Download

རེས་གཟའ་ལྷག་པའི་གསར་འགྱུར་འགོ་བརྗོད་ཁག ༢༠༡༥།༠༢།༠༤

༸གོང་ས་མཆོག་ཨ་རིར་༸ཞབས་སོར་བདེ་བར་འཁོད་འདུག ཁྲན་འདུ་གྲོང་ཁྱེར་ནས་བོད་པའི་དགེ་འདུན་པ་ཞིག་འཛིན་བཟུང་བྱས་འདུག འཕྲོད་བསྟེན་བཀའ་བློན་མཆོག་གིས་བོད་མིའི་ཚོས་འབྲས་ནད་སྐོར་གོ་རྟོགས་དང་སྔོན་འགོག་ཐུབ་པའི་འབོད་སྐུལ་གནང་འདུག བོད་ཕྲུག་ན་གཞོན་ཚོར་དམིགས་ནས་ལག་ཤེས་སྦྱོང་བརྡར་ཁག་ཅིག་ཕུལ་གནང་རྒྱུ་རེད་འདུག བོད་རང་བཙན་སློབ་ཕྲུག་ཚོགས་པས་བཞུགས་སྒར་དུ་རྒྱལ་དར་སྒྲེང་བཛུགས་ཀྱི་ལས་འགུལ་སྐོར་གོ་རྟོགས་སྤེལ་བཞིན་པ་རེད་འདུག ༸གོང་ས་མཆོག་གི་བཀའ་སློབ་ཀྱི་ལེ་ཚན་ནང། མགོན་པོ་གང་ཉིད་མཆོག་གིས་སྔ་ལོའི་ཕྱི་ཟླ་༡༡ནང་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཁུལ་གྱི་བོད་རིགས་ཚོར་བསྩལ་བའི་བཀའ་སློབ། Wednesday 04/02/2015 Dalai Lama arrives in Washington DC amidst warm welcome Tibetan monk arrested from Chengdu World Cancer Day: Health Kalon urges Tibetans to take preventive measures Home Department announces skill training for youth SFT activists gear up for Feb 13 Feature: Dalai Lama speech to Tibetans in US ཉན་པ།: Listen ཕབ་ལེན། Download

རེས་གཟའ་མིག་དམར་གྱི་གསར་འགྱུར་འགོ་བརྗོད་ཁག ༢༠༡༥།༠༢།༠༣

རྒྱ་གཞུང་ནས་རྒྱལ་ཁབ་སུ་འདྲ་ཞིག་གིས་ཏཱ་ལའི་བླ་མ་དང་མཇལ་འཕྲད་ཞུ་ཚེ་དེར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ཅེས་བརྗོད་འདུག རྒྱ་གཞུང་གིས་ལྐོག་ཟ་རུལ་སུངས་ལ་ཁ་གཡར་ནས་བོད་ནང་ཆབ་སྲིད་ཀྱི་ལས་འགུལ་སྤེལ་གྱི་ཡོད་པ་གསུངས་པ། བོད་ནང་གི་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བའི་ཞི་རྒོལ་མང་ཆེ་བར་ཆབ་སྲིད་དུ་ངོས་འཛིན་གྱིས་དྲག་གནོན་ཁོ་ན་ལག་བསྟར་བྱས་ཡོད་པ་གསུངས་འདུག བོད་ཀྱི་དངོས་བྱུང་གློག་བརྙན་གཟིགས་འབུལ་བརྒྱུད་རྒྱ་གཞུང་གིས་བོད་སྐད་ཡིག་དང་རིག་གཞུང་རྩ་བརླག་གཏོང་གི་ཡོད་པ་གསུངས་པ། རྒྱ་གར་ལྷོ་ཕྱོགས་ཀྱི་འཕྲུལ་རིག་མཐོ་སློབ་ཞིག་ནས་བོད་ཕྲུག་༧༥ལ་སློབ་ཡོན་ཆག་ཡང་གནང་རྒྱུའི་གསལ་བསྒྲགས་སྤེལ་འདུག གླུ་གཞས་ཀྱི་ལེ་ཚན་ནང་། ཀརྨ་ཨེམ་ཆེ་ལགས་ཀྱིས་བླངས་པའི་གླུ་གཞས་རྩམ་པ། Tuesday 03/02/2015 China takes predictable harsh line on Obama’s meeting with Dalai Lama China engages in political purge in the name of anti-corruption drive in Tibet:TCHRD Rights group report highlights repression triggered by environmental protests in Tibet Valley of the Heroes screened at UCLA: Tibetans losing their language and culture South Indian University announces 75 scholarships for Tibetan students MUSIC FEATURE: Tsampa by Karma Emchi ཉན་པ།: Listen ཕབ་ལེན། Download

རེས་གཟའ་ཟླ་བའི་ལས་རིམ། ༢༠༡༥།༠༢།༠༢

༸གོང་ས་མཆོག་དང་ UP མངའ་སྡེའི་སྤྱི་ཁྱབ་བློན་ཆེན་རྣམ་གཉིས་མཇལ་འཕྲད་གནང་འདུག རྒྱ་གར་གྱི་སྲིད་བློན་ Modi མཆོག་ཕྱི་ཟླ་ལྔ་པའི་ནང་བོད་ནང་གནས་གཟིགས་ལ་ཕེབས་རྒྱུ་རེད་འདུག རྒྱ་གཞུང་ནས་འཇིགས་སྐུལ་བྱ་སྤྱོད་སྐོར་གནས་ཚུལ་མཁོ་སྤྲོད་བྱེད་མཁན་ཚོར་བྱ་དགའ་སྤྲོད་རྒྱུ་རེད་འདུག མདོ་སྨད་མཛོད་དགེ་ནས་བོད་མི་ཞུ་གཏུགས་པ་གཉིས་འཛིན་བཟུང་བྱས་འདུག བོད་བརྒྱུད་ནང་བསྟན་ལ་དགེ་སློང་མའི་སྡེ་འཛུག་འཆར་འདུག འདི་ལོའི་རི་བོ་དགེ་ལྡན་པའི་འཇང་དགུན་ཆོས་མཇུག་སྒྲིལ་གནང་འདུག དམིགས་བསལ་ལེ་ཚན། བོད་དང་གོ་མིན་ཏང་གི་འབྲེལ་བའི་སྐོར། Monday 02/02/2015 Dalai Lama meets UP Chief Minister in Sankisa Modi set to visit Tibet in May this year China to give cash reward for terror tips in Tibet 2 Tibetans arrested in Dzoege over land grab protest Karmapa announces plans to restore nun’s ordination Jang Gunchoe, winter debate session at Sera concludes HISTORY FEATURE: Tibet and Kuomintang ཉན་པ།: Listen ཕབ་ལེན། Download

རེས་གཟའ་ཉི་མའི་ལས་རིམ། ༢༠༡༥།༠༢།༠༡

བཞུགས་སྒར་དུ་རྟེན་གཞི་བྱས་པའི་དབུས་སྨན་རྩིས་ཁང་གི་དཔྱད་བཅོས་ལྟེ་གནས་ཁང་གི་འགན་འཛིན་སྨན་པ་ཚུལ་ཁྲིམས་སྐལ་བཟང་ལགས་ལ་བོད་ལུགས་དཔྱད་བཅོས་སྐོར་བཅར་འདྲི་ཞུས་པ། Sunday 01/02/2015 Tibetan medicinal Spa and its therapeutic application: Special Feature ཉན་པ།: Listen ཕབ་ལེན། Download

Latest news